​祈竹仁波切推荐的日修《药师八佛仪轨》

文摘   2024-12-23 20:35   云南  

=== 愿 诸 见 闻 者  •  速 疾 成 佛 道 ===


祈竹仁波切,曾说:这年代很多,不好的事情发生,传染病啊、天灾啊等等,所以多年来,我一直不断提倡在家人,修持《薄伽梵药师八佛名号称念、陀罗尼咒 念诵 · 祈愿相属之所求诸类利益 · 生一切成就》仪轨,这对自己、对家人、对別人,都会有很大利益。我们可以每天念诵,或者约好同门,一起念诵它。在这次灾难以后,大家也可以继续念诵它,作为日常功课,既能利益的众生,也能保护自己,免于这类,和其他各种各样的灾难。


༄༅།།བཅོམ་ལྡན་འདས་སྨན་བླ་བདེ་བར་གཤེགས་པ་མཆེད་བརྒྱད་ཀྱི་
མཚད་ནས་བརྗོད་ཅིང་གཟུངས་སྔགས་བཟླ་བ་དང་འབྲེལ་བའི་འདོད་
གསོལ་སྨོན་ལམ་ཕན་ཡོན་དང་བཅས་པ་དངོས་གྲུབ་ཀུན་འབྱུང་དཞུགས་སོ།།

 · 稱念薄伽梵藥師八如來名號 · 念誦陀羅尼咒 · 

與此相屬之祈白所求並發願功德勝利 · 生一切悉地


ན་མོ་གུ་རུ་མུ་ནི་ཨི་ནྡཱ་ཡ།།

拿 摩 咕 茹 牟 尼 音 达 雅


དངོས་གྲུབ་འབྱུང་གནས་རྩ་བརྒྱུད་བླ་མ་དང་།།

屋竹炯内炸居喇嘛档    成 就 生 处 本 传 师

ཡི་དམ་མཆོག་གསུམ་བསྟན་སྲུང་བཅས་རྣམས་ཀྱི།།

义旦秋顺电宋介南记    本 尊 三 宝 护 法 众

མ་ཐུ་སྟོབས་ནུས་པ་བསམ་གྱིས་མི་ཁྱབ་པས།།

兔剁女霸散吉米恰悲    威 势 能 力 难 思 议

བདག་གི་སྨོན་པའི་གནས་འདི་འགྲུབ་པར་མཛོད།།

达吉梦必迪竹霸则儿    请 成 我 此 祈 愿 处


རྩ་བའི་བླ་མ་ཐུབ་དབང་རྡོ་རྗེ་འཆང་།།

炸威喇嘛兔旺夺杰羌    本 师 能 仁 金 刚 持

འཇམ་པའི་དབྱངས་དང་མཁན་ཆེན་ཞི་འཚོ་སོགས།།

奖必扬档堪千息措塑    文 殊 堪 千 寂 护 等

དངོས་དང་བརྒྱུད་པའི་བླ་མ་ཐམས་ཅད་ལ།།

屋档居必喇嘛汤接喇    一 切 亲 承 传 承 师

གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས།།

塑娃迭塑达居谨吉洛    祈 请 加 持 我 相 续


གང་གི་མཚན་ཙམ་རྣ་བར་ཐོས་པས་ཀྱང་།།

港吉称赞纳哇特悲江    尊 之 名 号 仅 耳 闻

ངན་སོང་ངན་འགྲོའི་གཡང་ལས་སྐྱོབ་མཛད་པ།།

言宋言追样雷就贼霸    救 出 恶 道 之 险 处

རྒྱལ་བ་ཀུན་ལས་ཐུམས་རྗེ་ཆེས་ལྷག་པ།།

甲儿哇棍雷兔杰窃腊    悲 心 更 胜 于 诸 佛

བཅོམ་ལྡན་སྨན་གྱི་བླ་ལ་གསོལ་བ་འདེབས།།

炯点面吉腊喇塑娃迭    祈 请 药 师 薄 伽 梵


བཅོམ་ལྡན་སྨན་བླ་བདེ་གཤེགས་མཆེད་བདུན་གྱིས།།

炯点面腊迭谢切敦吉    药 师 善 逝 七 昆 仲

སྔོན་ཚེ་རླབས་ཆེན་སྨོན་ལམ་མཛད་པ་རྣམས།།

问窃腊千梦蓝贼霸南    往 昔 发 起 大 力 愿

ལྔ་བརྒྱ་མཐའ་མར་འགྲུབ་པར་ཞལ་བཞེས་པའི།།

阿嫁踏骂竹霸霞协心    于 末 五 百 许 实 现

བདེན་པའི་མཐུ་དེ་མངོན་སུམ་བསྟན་དུ་གསོལ།།

点必兔迭问顺电读塑    祈 现 前 示 谛 实 力


བཅོམ་ལྡན་སྨན་བླའི་ལྷ་ཚོགས་འཁོར་བཅས་ལ།།

炯点面离腊措扣介喇    药 师 世 尊 天 众 等

སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ།།

国顺归霸千悲恰叉罗    三 门 至 诚 恭 敬 礼

དངོས་བཤམས་ཡིད་སྤྲུལ་མཆོད་ཚོགས་མ་ལུས་འབུལ།།

屋向仪助缺措痳吕布    实 设 意 化 无 余 献

ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས།།

拓没内萨迪动汤接夏    无 始 所 积 罪 堕 忏


སྐྱེས་འཕགས་དགེ་རྣམས་ལ་རྗེས་ཡིརང་།།

介帕给娃南喇杰仪攘    凡 圣 诸 善 业 随 喜

འཁོར་བ་མ་སྟོང་བར་དུ་ལེགས་བཞུགས་ནས།།

扣娃痳动拔读雷朽内    轮 回 不 空 善 安 住

འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ།།

卓喇却记扣罗过读塑    祈 于 众 生 转 法 轮

བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ།།

达贤给南蒋秋千波握    回 自 他 善 向 菩 提


གླིང་བཞི་གླིང་ཕྲན་ཉི་ཟླ་ལྷུན་པོ་བཅས།།

令昔令称尼达伦波介    四 洲 中 洲 日 月 山

སྣོད་བཅུད་འབྱོར་བའི་ཁྱད་པར་མ་ལུས་དང་།།

了居久威切霸痳吕档    富 饶 情 器 诸 超 胜

བདག་གི་ལུས་ཀྱང་བྲན་དུ་འབུལ་ལགས་ན།།

达吉吕江诊读布喇拿    我 身 亦 复 献 为 仆

ཐུགས་རྗེ་བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ།།

兔杰协内谨吉漏读塑    悲 心 纳 受 祈 加 持



༄༅།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།  炯点迭 迭行谢霸 札炯霸 扬达霸 左必桑杰 称雷霸永札霸吉甲波喇恰叉罗 缺夺嫁速企哦  顶礼供养皈依、薄伽梵、如来、应供、正遍知、善名称吉祥王佛!


༄༅།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།  炯点迭 迭行谢霸 札炯霸 扬达霸 左必桑杰 仁波切档 达哇档 贝咩饶杜检霸 亏霸昔机札扬记甲波喇 恰叉罗 缺夺嫁速企哦  顶礼供养皈依、薄伽梵、如来、应供、正遍知、宝月智严光音自在王佛!


༄༅།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བ་བརྟུལ་ཞུགས་གྲུབ་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།  炯点迭 迭行谢霸 札炯霸 扬达霸 左必桑杰 谁嗓直美仁千 囊读朽竹霸喇 恰叉罗 缺夺嫁速企哦  顶礼供养皈依、薄伽梵、如来、应供、正遍知、金色宝光妙行成就佛!


༄༅།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།  炯点迭 迭行谢霸 札炯霸 扬达霸 左必桑杰 娘严梅秋霸喇恰叉罗 缺夺嫁速企哦  顶礼供养皈依、薄伽梵、如来、应供、正遍知、无忧最胜吉祥佛!

༄༅།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།  炯点迭 迭行谢霸 札炯霸 扬达霸 左必桑杰 却札嘉崔扬喇恰叉罗 缺夺嫁速企哦  顶礼供养皈依、薄伽梵、如来、应供、正遍知、法海雷音佛!


༄༅།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།  炯点迭 迭行谢霸 札炯霸 扬达霸 左必桑杰 却嘉措秋吉雷南霸若霸问霸千必喇恰叉罗 缺夺嫁速企哦  顶礼供养皈依、薄伽梵、如来、应供、正遍知、法海胜慧游戏神通佛!


༄༅།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྻའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།།  炯点迭 迭行谢霸 札炯霸 扬达霸 左必桑杰 面吉喇贝助雅仪鹅记甲波喇恰叉罗 缺夺嫁速企哦  顶礼供养皈依、薄伽梵、如来、应供、正遍知、药师琉璃光王佛!


༄༅།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། 炯点迭 迭行谢霸 札炯霸 扬达霸 左必桑杰 霸甲波夏嫁兔霸喇恰叉罗 缺夺嫁速企哦  顶礼供养皈依、薄伽梵、如来、应供、正遍知、释迦牟尼佛!



ཞེས་སྨན་བླ་བདེ་གཤེགས་བདུན་དང་སྟོན་པ་ཐུབ་པའི་དབང་པོ་རྣམས་
ལ་གསོལ་འདེབས་ལན་བདུན་བདུན་ཤུགས་དྲག་པོས་བྱ།། དེ་ནས།

各念诵七遍,向药师七佛与导师

  释迦牟尼佛众等,强烈祈请, 复次:


ༀ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ། བཻ་ཌཱུརྱ་པྲ་བྷ་ར་ཛཱ་ཡཱ། 
ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། 
ༀ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱ། མཧཱ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ་རཱ་ཛཱ་ས་མུངྒ་ཏེ་སྭཱཧཱ།།

嗡 那摩巴嘎哇爹 贝卡贼 古如贝助雅

炸拔 喇杂雅 大踏嘎大雅 阿哈爹

桑雅桑布达雅 爹雅他 嗡 贝卡贼 贝卡贼

玛哈 贝卡贼 贝卡贼 喇杂萨木嘎爹 梭哈


ཞེས་གཟུགས་རིང་དམ།ཡང་ན་གཟུངས་ཐུང་།
  如 是 长 咒,或 短 咒:

ཏ་དྱ་ཐཱ་ཨོཾ་བྷཻ་ཥ་ཛྱེ་བྷྱཻ་ཥ་ཛྱེ་མ་ཧཱ་བྷྱཻ་ཥ་ཛྱེ་བྷྱཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ་སྭཱ་ཧཱ།།

爹雅他 嗡 贝卡贼 贝卡贼 玛哈

贝卡贼 贝卡贼 喇杂萨木嘎爹 梭哈


ཞེས་ཐུགས་བསྐུལ་བའི་གཟུངས་སྔགས་བརྒྱ་སྷོང་ཁྲི་འབུམ་སོགས་ཅི་ནུས་སུ་བཟླ།སླར་ཡང་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་དང་སྨོན་ལམ་བྱ་བ་ཎི།  随力念诵百、千、万、十万遍敦请本尊心意之陀罗尼咒。复而念诵敦请悲心之祈愿文:



མཐོང་བ་དོན་ལྡན་མཛད་པ་མཚན་དཔེའི་སྐུ།།

痛哇敦点贼霸称必固    见具利益圣行相好身

ཐོས་པས་ཉོན་མོངས་གདུངས་སེལ་ཚངས་དབྱངས་གསུང་།།

特悲年盟董碎苍扬宋    听闻消烦恼苦梵音语

དྲན་རིག་རྗེས་འཛིན་ཀུན་གཟིགས་ཐུགས་མངའ་བ།།

诊离杰增棍昔兔阿哇    随摄念触具足遍知意

བཅོམ་ལྡན་སྨན་གྱི་བླ་ལ་གསོལ་བ་འདེབས།།

炯点面吉腊喇塑哇迭    祈请药师琉璃光王佛


བདེ་གཤེགས་བརྒྱད་ལ་མཆོད་ཅིང་གསོལ་འདེབས་དང་།།

迭谢杰喇缺晶塑迭档    祈请供养八大善逝尊

ཐ་ན་མཚན་ཙམ་འཛིན་པ་ཐམས་ཅད་ཀྱང་།།

踏那称赞增霸汤接江    乃至仅持名号一切者

སྲིད་ཞིའི་འཇིགས་པ་ཀུན་ལས་ངེས་སྐྱོབ་ཅེས།།

吸昔吉霸棍雷也就介    谓能救护有寂诸怖畏

ཐུབ་པའི་དབང་པོས་རྒྱ་ཆེར་བསྔགས་པ་མཛད།།

兔必旺悲甲切阿霸贼    释迦牟尼如来广赞扬


ཚུལ་དེ་བསམས་ནས་ཤུགས་དྲག་དད་པ་ཡིས།།

促迭散馁秀札迭霸仪    思维彼理后以强烈信

རྒྱུན་དུ་བདེ་གཤེགས་བརྒྱད་ལ་གསོལ་བ་འདེབས།།

均读迭谢杰喇塑哇迭    恒常祈请八大善逝尊

བདག་ཅག་ཡི་ཆད་སྒྱིད་ལུགས་མི་འགྱུར་བར།།

达嫁仪切挤鲁米久哇    我等心未丧志不懈怠

ཐུགས་རྗེའི་མཐུ་དེ་མྱུར་དུ་བསྟན་དུ་གསོལ།།

兔吉兔迭纽读电读塑    祈请速疾示现大悲力


ཕྱོགས་བཅུའི་ཞིང་ན་སྒྲ་སྐད་ཅི་གྲགས་པ།།

秋居行拿札给寄札霸    音声遍响十方刹土中

ཐམས་ཅད་སྒྲིབ་མེད་སྙན་གྱིས་གསན་ལགས་ན།།

汤接直没念吉森喇拿    一切悉以无障耳听闻

ཉམ་ཐག་བདག་གི་འདོད་པ་འདི་གསོན་ལ།།

酿踏达吉得霸迪森喇    闻知卑微我之此所欲

སྐུ་ཡི་སྣང་བ་མྱུར་དུ་བསྟན་དུགསོལ་།།

固仪囊哇纽读电读烁    祈请速疾示现身光明


སེམས་ཅན་ཀུན་གྱི་བསམ་པ་ཅི་མཆིས་པ།།

森间棍吉散霸记企霸    一切有情所有心所想

ཐམས་ཅད་སྒྲིབ་མེད་ཐུགས་ཀྱིས་གཟིགས་ལགས་ན།།

汤接直没兔记昔喇拿    一切悉以无障意知晓

མགོན་པོ་ཁྱོད་ལ་སྙིང་ནས་རེ་འཆའ་བ།།

滚波缺喇宁馁迭恰哇    向怙主汝至心而寄望

བདག་གི་རེ་བ་མྱུར་དུ་བསྐང་དུ་གསོལ།།

达吉迭哇纽读刚读烁    祈请速疾成满我愿求


འོན་ཏེ་བདག་ཅག་མ་རུངས་སྤྱོད་ངན་པས།།

嗡爹达嫁玛容绝言悲    然由我等残暴恶行故

གཟིགས་པར་མི་བཞེད་བྱིན་རླབས་མི་སྩོལ་ན།།

昔霸米协谨漏米作拿    不愿垂视若不赐加持

མ་རུགས་རྩོད་དུས་འགྲོ་བའི་མགོན་པོ་ཞེས།། 

玛容则低卓威滚波协    赞为残暴诤时之怙主

རྒྱ་ཆེར་བསྔགས་པ་མཛད་ལ་དགོས་པ་ཅི།།

甲切阿霸贼喇滚霸记    广作称扬意义复焉存


སྙིགས་མའི་བྱིན་པ་ཆེས་ཆེར་རབ་འབར་ལ།།

尼咪谨霸窃窃饶拔喇    浊世邪恶势力极炽盛

རྒྱལ་གཞན་མཐའ་དག་སྐྲག་པར་གྱུར་པའི་ཚེ།།

甲贤踏达炸霸久必翠    一切他佛已成畏惧时

ཐུགས་རྗེ་ཆེས་ལྷག་མགོན་པོ་ཁྱེད་རྣམས་ཀྱིས།།

兔杰窃喇滚波切南记    最胜大悲汝等依怙主

བདག་ཅག་སྒྲོལ་ཞེས་དམ་བཅའ་མ་མཛད་དམ།།

达嫁卓协档嫁玛贼档    岂非发誓救度我等众


འོན་ཀྱང་བདེ་གཤེགས་པའི་ཐུགས་རྗེ་ལ།།

嗡江迭哇谢必兔杰喇    然而彼等善逝大悲心

ཕྱི་བཤོལ་བསྙེལ་བ་ནམ་ཡང་མི་མངའ་ཡང་།།

企秀聂哇南扬米阿扬    延误忘失何时亦不有

བྱང་བསྟན་ཕྱག་པར་ཉི་འོད་མི་འཆར་བཞིན།།

蒋电铺霸尼鹅米恰行    犹如日光不照北向洞

བདག་ཅག་ལས་ཉོན་འཐུག་པོས་སྒྲིབ་པར་ཟད།།

达嫁雷年兔悲直霸嗓    祈消我等深厚业惑障


དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར།།

等馁耸爹蒋秋宁悲拔    从今直至菩提果位间

བླ་མ་རྒྱལ་བ་སྲས་བཅས་ཁྱེད་རྣམས་ལས།།

喇嘛甲哇谁介切南雷    汝等上师诸佛菩萨众

ལྷག་པའི་རེ་ས་གཞན་དུ་མ་མཆིས་པས།།

辣必雷萨显读玛企悲    此外无他更胜寄望处

ཐུགས་རྗེའི་ཕྱག་གིས་འབྲལ་མེད་གཟུང་དུ་གསོལ།།

兔吉恰吉札梅耸读烁    祈以大悲手执无分离


ཁྱད་པར་ཚེ་འདིའི་སྣང་བ་འགག་པའི་ཚེ།།

切霸翠迪囊哇嘎必翠    尤于此世光明遮止时

སྨན་པའི་རྒྱལ་པོའི་ཐབས་མཁས་སྤྲུལ་པ་ཡིས།།

面必甲悲踏亏助霸仪    药师王佛善巧所化现

འཇིགས་པ་ཀུན་བསལ་ལམ་བཟང་མཆོག་བསྟན་ཏེ།།

吉霸棍萨兰嗓秋电爹    灭诸怖畏指示胜善道

བཻ་ཌཱུར་སྣང་ཞིང་དུ་སྐྱེས་བར་ཤོག།

贝助雅囊行读介哇秀    愿能往生琉璃光刹土


སྐྱེས་མ་ཐག་ཏུ་སྨན་བླའི་ཞལ་མཐོང་སྟེ།།

介玛踏杜面离霞痛爹    甫往生即面见药师佛

ཐེག་མཆོག་ཆོས་ཀྱི་བདུད་རྩིའི་དཔང་མྱོང་ནས།།

贴秋却记低基霸纽馁    尝受胜乘法露之祥瑞

ས་དང་ལམ་གྱི་རིམ་པ་མྱུར་བགྲོད་དེ།།

萨档兰吉凛霸纽哲迭    速疾趣行地道之次第

སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་གྱུར་ཅིག།

剁就阿威国胖拓久记    愿获证具十力之果位


དེ་ལྟར་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱརའི་འོད་ཀྱི་རྒྱལ་པོའི་ལྷ་ཚོགས་བསྒོམས་ནས་ཕྱག་མཆོད་ཐུགས་རྗེ་བསྐུལ་བའི་གསོལ་འདེབས་ལ་འབད་པ་དང་དེའི་ནང་ནས་ཀྱང་བདེ་བཤེགས་བརྒྱད་ཀྱི་མཚན་ནས་བརྗོད་དེ་གསོལ་བ་འདེབས་པ་ལན་བདུན་བདུན་བྱེད་པ་ནི་ཤིན་ཏུ་བསྔགས་ཏེ། བདེ་བར་གཤེགས་པ་བརྒྱད་པོ་འདིས་སྔོན་ཐུགས་བསྐྱེད་པའི་ཚེ་མཚན་ནས་བརྗོད་དེ་གསོལ་བ་འདེབས་པ་ཐམས་ཅད་ནམ་ཡང་མི་འདོར་་བར་རྗེས་སུ་འཛིན་བར་ཞལ་གྱིས་བཞེས་ཤིང་། ལྷག་པར་སྟོན་པ་ཐུབ་པའི་དབང་པོ་ཞིང་འདིར་བྱོན་ནས་བདེ་བར་གཤེགས་པ་བརྒྱུད་ཀྱིས་གཙོས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་གདན་འཇོམ་པའི་ཚེ་སྨན་བླ་བདེ་གཤེགས་བདུན་པོ་འདིའི་མཚད་ལན་བདུན་བདུན་བརྗོད་ནས་གསོལ་བ་བཏབ་གནས་སྐབས་སུ་ནད་དང་གདོན་དང་དགྲ་དང་ཆོམ་རྐུན་གྱི་འཇིགས་པ་སོགས་ཉེར་འཚེ་མཐའ་དག་ཞི་བ་དང་། བསོད་ནམས་ཉམས་པ་རྣམས་གསོས་ཤིང་གསར་དུ་བསོད་ནམས་ཆེན་པོ་ཐོབ་པ་དང་། ཤི་ནས་ངན་སོང་དུ་མི་ལྟུང་ཞིང་། བདེ་འགྲོའི་རྟེན་ཁྱད་པར་ཅན་ཐོབ་ནས་ཐེག་པ་ཆེན་པོའི་ས་ལམ་བགྲོད་ནུས་པ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་མཐའ་ཡས་པ་གསུངས་སོ། འདི་ལ་སོམ་ཉི་དང་ཡིད་གཉིས་མི་བྱ་སྟེ། ཇི་སྐད་དུ། སྨན་གྱི་བླ་བཻ་ཌཱུརའི་འོད་ཀྱི་འདོ་ལས། གང་བསླབ་པའི་གཞི་ལྔ་པོ་དག་འཛིན་པ་དང་། གང་བསླབ་པའི་གཞི་བཅུ་པོ་དག་འཛིན་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་བསླབ་པའི་གཞི་བཞི་བརྒྱ་པོ་དག་འཛིན་པ་དང་། ཁྱིམ་གྱི་གནས་ནས་བྱུང་བའི་དགེ་སློང་གང་དག་བསླབ་པའི་གཞི་ཉིས་བརྒྱ་ལྔ་བཅུ་པོ་དག་འཛིན་པ་དང་། དགེ་སློང་མ་གང་དག་བསླབ་པའི་གཞི་ལྔ་བརྒྱ་པོ་དགའཛེན་པ་སྟེ། གང་དག་ཇི་ལྟར་ཡོངས་སུ་བཟུང་བའི་བསླབ་པའི་སྡོམ་པ་དེ་དག་གི་ནང་ནས་བསླབ་པའི་གཞི་གང་ཡང་རུང་བའི་ལས་ཉམས་པར་གྱུར་ཏེ། ངན་འགྲོ་ངན་སོང་གིས་འཇིགས་སྐྲག་པ་དེ་དག་གིས། བཅོམ་ལྡན་འདས་དེ་ཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརའི་འོད་དེ་ལ་མཆོད་པ་རྣམ་པ་སྣ་ཚོགས་བྱེད་ན། དེ་དག་ལ་ངན་སོང་གསུམ་གྱི་སྡུག་བསླབ་མེད་པར་ཤེས་པར་བྱའོ།། ཞེས་དང་། ཀུན་དགའ་བོ་དེ་བཞིན་གཤེགས་པ་དེའི་ཡོན་ཏན་བརྗོད་པར་ཡིད་ཆེས་སམ། གསོལ་བ། བཙུན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་རྣམས་ལ་སོམ་ཉིའམ། ཡིད་གཉིས་མ་མཆིས་ཏེ། ཅིའི་སླད་དུ་ན། དེ་བཞིན་གཤེས་པ་རྣམས་ལ་སྐུ་དང་གསུང་དང་ཐུགས་ཀྱི་སྤྱོད་པ་ཡོངས་སུ་མ་དག་པ་མི་མངའ་བའི་སླད་དུའོ། བཀའ་སྩལ་པ། ཀུན་དགའ་བོ་དེ་བཞིན་གཤེགས་པ་དེའི་མཚན་སུའི་རྣ་ལ་མ་དུ་གྲགས་པར་གྱུར་པ་དེ། ངན་སོང་ངན་འགྲོར་འགྲོ་བར་འགྱུར་པ་ནི། གནས་མེད་དེ་གོ་སྐབས་ཡོད་པ་མ་ཡིན་ནོ།། ཀུན་དགའ་བོ་སབས་རྒྱས་ཀྱི་སྤྱོད་ཡུལ་ནི་ཡིད་ཆེས་པར་དཀའ་བའོ།། ཀུན་དགའ་བོ་ཁྱོད་དད་ཅིང་ཡིད་ཆེས་པ་གང་ཡིན་པ་དི་ནི་སངས་རྒྱས་ཀྱི་མཐུ་ཡིན་པར་བལྟའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་སྐྱེ་གཅིག་གིས་ཐོགས་པ་རྣམས་མ་གཏོགས་པར་འདི་ཉན་ཐོས་དང་། རང་སངས་རྒྱས་ཀྱིས་མ་ཡིན་ནོ།། ཞེས་སོགས་མདོསྡེ་ལས་གསུངས་སོ།། དེས་ན་འདི་ལྟ་བུའི་དོན་ཆེན་པོ་དང་ལྡན་པ་ལ་ཉམས་ལེན་བྱར་ཡོད་པའི་སྐབས་འདིར་རང་ལ་བརྩེ་བ་དང་ལྡན་པ་དག་གིས་ནན་ཏན་ངུ་བརྩོན་པར་རིགས་སོ།། ཞེས་བཅོམ་ལྡན་འདས་སྨན་བླ་བདེ་བར་གཤེགས་པ་མཆེད་བརྒྱུད་ཀྱི་མཚན་ནས་བརྗོད་ཅིང་གཟུངས སྔགས་བཟླ་བ་དང་འབྲེལ་བའི་འདོད་གསོལ་སྨོན་ལམ་ཕན་ཡོན་དང་བཅས་པ་དགོས་གྲུབ་ཀུན་འབྱུང་ཞེས་བྱ་བ་འདི་ཡང་རང་གཞན་མང་པོ་ལ་ཕན་ཡོན་ཀྱི་བསམ་པས་འབྲི་འདུན་ཡོད་ཐོག། ཉེ་ཆར་དང་ལྡན་ཆོས་སྦྱིན་དགའ་འཕེལ་གྱིས་བསྐུལ་བའི་ངོར། ཡོངས་འཛིན་མཆོག་གི་གསུང་ལས་བཏུས་ཏེ བཙུན་པ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བླ་བྲང་བཀྲ་ཤེས་བསམ་གཏན་ཕོ་བྲང་དུ་དུག་བྲིས་སུ་བགྱིས་པའོ།།

如是观修薄伽梵药师琉璃光王佛本尊众之后,勤行顶礼、供养、敦请悲心之祈请;亦复各别以七遍称念、祈请八佛名号,于此极为赞叹。此八佛过去发心之时,承许一切时中,摄受不舍一切称念、祈请名号者。尤其,导师释迦牟尼佛降临此刹土后,以八佛为主,十方诸佛菩萨与会之时,开示:『若各以七遍称念、祈请此药师七佛名号;灭除(现今此世)暂时阶段中,疫病魔障、怨敌盗匪之一切怖畏损恼。过去之重大业障亦速疾清净,长寿无病,速疾解脱病恼,恢复诸衰损福德,得新成大福德,死后不堕恶道,得善道之殊妙人身,能趣行大乘地道…等暂时与究竟之无边利益。』于此勿生疑虑与二心。如是所说,药师琉璃光王如来本愿功德经云:『若五戒、十戒、菩萨四百戒、比丘二百五十戒、比丘尼五百戒;于所受戒中,若有毁犯,怖堕恶趣,或能专念彼佛名号,恭敬供养者,必定不受三恶趣生。』『尔时,世尊告阿难言:如我称扬,彼世尊药师琉璃光如来所有功德,此是诸佛甚深行处,难可解了,汝为信否?阿难白佛言:大德世尊,我于如来所说契经不生疑惑。所以者何?一切如来身语意业无不清净。』『佛告阿难:是诸有情,若闻世尊药师琉璃光如来名号,至心受持,不生疑惑,堕恶趣者,无有是处。』『阿难!是诸佛甚深所行难可信解,汝今能受,当知皆是,如来威力。阿难!一切声闻独觉、及未登地菩萨等,悉皆不能如实信解,唯除一生所系菩萨。』如是众多经藏所示。因此之故,于具足实修如此具大义利之时,自我慈悯人士,理应殷重精进。『称念薄伽梵药师八如来名号、念诵陀罗尼咒·与此相属之祈白所求并发愿功德胜利·生一切悉地』—此因思惟欲想广大利益自他而意欲写作之时,近期具信弟子『却谨嘎佩』(法施增喜)所敦请之面前,结集殊胜经师之开示;僧人『雅旺洛桑滇比嘉称·巴桑波』(语自在善慧教幢·祥瑞贤)于上师居所—静虑殿中亲书。


大乘天 备用号
每做吉祥事,常生欢喜心。
 最新文章