恶时金狗年凶灾迴遮警醒 · 障难怖畏险隘大解脱

文摘   2024-12-10 20:59   云南  

=== 愿 诸 见 闻 者  •  速 疾 成 佛 道 ===

“ 大乘天 ” 博主,使用大量时间,一字一句  
  对照排版, 法友:“ 央金拉姆 ” 标注藏音。



༄༅།།དུས་ངན་ལྕགས་ཁྱི་ལོའི་སྐེག་བཟློག་དྲན་སྐུལ་བར་ཆད་འཇིགས་པའི་འཕྲང་སྒྲོལ་ཆེན་མོ་བཞུགས་སོ།།
【恶时金狗年凶灾迴遮警醒 · 障难怖畏险隘大解脱】


སྐྱབས་ཀྱི་མཆོག་གྱུར་བསླུ་མེད་དཀོན་མཆོག་གསུམ།།

嘉杰秋结勒麦滚秋森    最胜皈处无欺三宝尊

སྙིགས་དུས་བསྟན་འགྲོའི་མགོན་གཅིག་པདྨ་འབྱུང་།།

涅迪丹卓滚杰巴玛炯    浊世教众一怙莲花生

གང་འདུལ་དེར་བབ་གཏེར་སྟོན་སྤྲུལ་བའི་སྐུ།

刚德得巴代敦哲沃格    应机调伏化身伏藏师

མ་ལུས་བཀའ་དྲིན་བསམ་བཞིན་དད་ཕྱག་བརྩེགས།།

玛律瓜真三印达瑕在    无馀大恩如意淨信礼

 

ཡོངས་རྫོགས་ཟབ་གཏེར་རྒྱ་མཚོའི་མ་འོངས་ཀྱི།།

永作萨代嘉措玛嗡杰    圆满深藏大海之未来

ལུང་བསྟན་བསྡུས་མཛད་ཡ་ཆེན་ཆོས་སྒར་དང་།།

隆丹迪匝雅钦曲噶当    授记略摄亚青大法苑

བླང་དོར་གསལ་སྟོན་ཁང་སར་བསྟན་པོ་ལ།།

朗朵萨敦康萨丹博拉    取捨显明康地法主尊

བཏུད་ནས་འཕྲང་སྒྲོལ་ཐབས་རིམ་འབད་པར་རིགས།།

德尼昌卓塔热巴吧热    敬已著此险隘解脱法


དེ་ཡང་ཡ་ཆེན་ཆོས་སྒར་ཆེན་མོ་ནས་གུ་རུ་པདྨའི་རྒྱབ་ཚབ་སྤྲུལ་བའི་གཏེར་ཆེན་ཡོངས་ཀྱི་ལུང་བསྟན་དག་ཕྱོགས་གཅིག་ཏུ་བསྡུས་པ་དང་།༧སྐྱབས་རྗེ་ཁང་སར་བསྟན་པའི་དབང་ཕྱུག་རིན་པོ་ཆེས་ལུང་བསྟན་རྣམས་དཔྱད་བསྡུར་མཛད་པ་ལྟར་ན།མ་འོངས་བསྐལ་ངན་ལྕགས་ཁྱི་ལོར་འཛམ་གླིང་དུ་དམག་འཁྲུག་ཆེན་པོ་འབྱུང་བར་གསུངས་ཏེ།།  亚青(地名)大法苑中,咕如贝玛(上师莲花,莲师)补处化身大伏藏师所有授记彙集一处,依照怙主康萨(康地)丹贝旺秋(教法自在)仁波切(大宝)于授记之观察,谓未来恶劫金狗年当爆发世界大战。


སྤྲུལ་བའི་གཏེར་སྟོན་འཇིགས་མེད་ནུས་ལྡན་རྡོ་རྗེའི་ལུང་བསྟན་ལས།དུ་རུ་ཀ་ཡི་དམག་དཔུང་བཅོ་བརྒྱད་དེ༔གོ་ཆ་མཚོན་ཆ་མི་འདྲ་བརྒྱ་རྩ་བརྒྱད༔ཁ་ཟས་སྐད་རིགས་ལུས་གོས་མི་མཐུན་པ༔ཀུན་ཀྱང་ཆོག་ཤེས་མེད་པའི་མུ་སྟེགས་རིགས༔ ཞེས་དང་།  化身大伏藏师吉美努丹多杰(无畏具力金刚)之《伏藏授记》中云:“ 杜如嘎( 梵音香名,安春香,此处指 “ 恶魔 ” )之大军十八部,种种武器一百零八种,饮食语言服饰各不同,一切悉无厌足外道类。”


༧སྐྱབས་རྗེ་བྲལ་སངས་རྒྱས་རྡོ་རྗེས།བསྐལ་ངན་དུས་ཀྱི་གཡོ་འཁྲུག་ཟློག་པའི་ཐུགས་དམ་རྒྱུད་བསྐུལ་གསོལ་སྨོན་ལས།།  怙主桑杰多杰(佛陀金刚)于《恶劫之时动乱迴遮之誓愿 · 策励相续祈愿文》中云:


བསྐལ་ངན་དུས་མཐའི་སྐྱེ་འགྲོ་སྤྱི་མཐུན་གྱི།།

噶安迪特杰卓谢腾介    恶劫末时所有诸众生

ལས་ངན་འབྲས་བུ་མཚོ་ཆེན་བརྡོལ་བ་ལས།།

利安这沃措钦朵瓦利    共同恶业之果海洞穿

དཀར་ཕྱོགས་གཡེལ་ཞིང་ནགས་ཕྱོགས་བདུད་སྡེ་ཡི།།

噶秀叶央纳秀德代叶    白品懈怠黑品恶魔军

ཁ་དྲག་དབང་ཆེན་མི་ཆེན་སེམས་རྩ་སྒུལ།།

喀扎旺钦么钦森匝格    强暴大势位高心涌动

འཛམ་གླིང་ཕུང་བྱེད་རྡུལ་མཚོན་དམག་འཁྲུག་བསླང་།།

匝楞鹏谢德寸玛哲郎    发动瞻洲核武恶战争

ལོག་སྨོན་འཕྲུལ་གྱི་མཚོན་ཆའི་འཐོར་རླུང་ཆེས།།

洛门哲儿寸且托隆起    邪愿幻化兵器狂风舞

སྣོད་བཅུད་ཐལ་བའི་རྡུལ་དུ་སྐད་ཅིག་ལ།།

诺杰塔沃德得噶杰拉    情器刹那之间碎为尘

བརླག་པར་འགྱུར་ཉེའི་ལྟས་ངན་བྱ་མ་རྟ།།

拉巴杰涅迪安瑕玛达    如是临近恶兆送信者

སྣང་གྲགས་རྟོག་པའི་སྤྱོད་ཡུལ་མངོན་གྱུར་ཀྱང་།།

囊扎朵博秀叶稳杰将    见闻分别行境虽现前

མ་རིག་སྐྱེ་བོ་རྨོངས་དང་ཐེ་ཚོམ་རྒྱར།།

玛热杰沃萌当泰措嘉    无明士夫愚昧深生疑

རབ་འཐུམས་ད་དུང་བྲེད་དུ་ཅང་མ་ཚོར།།

罖腾达当摘得将玛措    昏醉依然丝毫未觉惧


ཞེས་སོགས་མང་དུ་གསུངས་པ་དག་ལ་དཔགས་ན།འབྱུང་གྱུར་གྱི་ཆར་འཛམ་གླིང་གོ་ལ་འདིའི་སྟེང་དུ་རྡུལ་ཕྲན་གྱི་གོ་མཚོན་འགྲན་རྩོད་ལྟ་བུ་དམག་འཁྲུག་ཚབས་ཆེན་ཞིག་མི་འབྱུང་བའི་ངེས་པ་མེད་པ་མ་ཟད།དེང་དུས་ཀྱི་མཁས་པ་མང་པོས་ཀྱང་དེ་ལྟར་འབྱུང་སྲིད་པའི་ཚོད་དཔག་དང་ཐུགས་ཁྲེལ་གནང་བཞིན་པ་དང་།དེ་ལྟ་བུའི་དམག་ཆེན་ཞིག་འབྱུང་ཕྱིན་ཆད་ཤར་ནུབ་སོགས་རྒྱལ་ཁམས་དང་།དེ་དག་གི་སྲིད་གཞུང་ལམ་ལུགས།མི་རིགས་སོགས་སུ་ལའང་གནོད་པའི་རྒྱུ་ཁོ་ན་ལས་ཕན་མེད་འབའ་ཞིག་ཡིན་ནོ།།  设若推测此等所说,则未来际,于此地球之上,诸如核武器之军备竞赛,并非一定不会引发世界大战,现在许多智者亦复猜测、担忧此事发生。经历如此一场大战,东西方等所有国家及其政府制度,各民族等唯受其害,无有任何利益。


བསྐལ་ངན་དེ་མི་འབྱུང་བའི་ཆེད་དུ་ལུང་བསྟན་རྣམས་སུ་བཟློག་ཐབས་རྟེན་འབྲེལ་གྱི་རིམ་པ་ཡང་མང་དུ་བྱུང་སྟེ།གཏེར་སྟོན་འཇིགས་མེད་ནུས་ལྡན་རྡོ་རྗེའི་ལུང་བྱང་ལས། 为令避免如是恶劫,诸授记中亦出现众多迴遮法缘起次第。大伏藏师吉美努丹多杰(无畏具力金刚)之《伏藏授记》中云:



དེས་ན་མ་འོང་བཟློག་རིམ་འདི་བཞིན་མཛོད༔

迪纳玛嗡朵热德印作    是故未至如是作迴遮

ཆུ་ཆེན་མ་འོང་གོང་དུ་རྩིག་ར་བཞིན༔

且钦玛嗡恭得杰罖印    如同大水未至先筑坝

ཐོག་ཏུ་བབ་ན་བཟློག་པས་ག་ལ་ཐུབ༔

托德巴纳罗贝噶啦特    设若已至如何能迴遮


ཅེས་དང་།  又云:


རི་མགོ་གངས་མཐོར་ཨོ་རྒྱན་སྐུ་རྟེན་རེ༔

惹果刚拖欧坚格丹冉    山顶雪巅邬金像所依

བཛྲ་གུ་རུའི་དར་ཅོག་ཕྱོགས་མདོག་ཅན༔

班匝格热达久秀朵坚    班杂咕如经幡四方色

ཕྱོགས་བཞིར་འཛུགས་ཤིང་བཀྲ་ཤིས་སྨོན་ལམ་གདབ༔

秀叶泽香扎西门浪达    四方竖立吉祥大愿发

ཉིན་མཚན་བཛྲ་གུ་རུ་འུར་འདོན་དང་༔

您灿班匝格热额敦当    日夜班杂咕如齐声诵

བསམ་པ་ལྷུན་འགྲུབ་ཆེ་ཆུང་གསོལ་འདེབས་དང་༔

三巴轮哲且琼所代当    意乐任运广略祈祷文

རྡོ་བྲག་སྤང་ལ་བཛྲ་གུ་རུ་བརྐོས༔

朵扎邦拉班匝格热固    岩石草原班杂咕如塑

ཁྱད་པར་ཟབ་གཏེར་འདི་ཡི་བཟློག་རིམ་དང་༔

掐巴萨代德叶朵惹当    尤其此深伏藏之念诵


ཞེས་དང་།  又云:


ཡུལ་གྲུ་ལུང་མདོ་རེ་ལ་མཆོད་རྟེན་རེ༔

叶哲隆朵染拉秋丹冉    各个境域谷口建佛塔

ནང་ཞུགས་ཨོ་རྒྱན་འབྱུང་བ་བཞི་བཟློག་ཅན༔

囊叶欧坚炯瓦叶朵坚    内中邬金四大迴遮具

རབ་གནས་བརྟན་བཞུགས་བྱས་པ་གང་འཛོམས་དང་༔

罖尼丹耶希巴刚作当    开光祈请安住悉具足

མཆོད་རྟེན་ཆེ་ཆུང་རང་གི་འབྱོར་པར་བསྟུན༔ 

秋丹且琼让格久巴等    佛塔大小随自之财力


ཞེས་དང་། 又云:ལུང་བསྟན་བཀའ་རྒྱ་མ་ལས།ཡང་འབྱུང་བའི་ལྷ་མོ་རྣམས་བཞེངས་པའི་ནང་དུ་འབྱུང་བ་སོ་སོའི་འཁོར་ལོ་དང་ས་བོན༔ རིན་ཆེན་སྨན་འབྲུ་དང་དར་སྣ་ཡང་གཞུག་ཅིང་༔ རི་འཕན་བཟང་དཔྱད་ལེགས་པའི་རྩེར་གཏེར་དུ་སྦས་ནས༔ བཀྲ་ཤིས་མངའ་གསོལ་རབ་ཏུ་གནས་པར་བྱས་པས་ཀྱང་༔ འབྱུང་བའི་གཡོས་ངན་པ་ཞི་ནས༔ འབྱུང་བ་ཐམས་ཅད་རང་ས་བཟུང་ནས༔ ཡུལ་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་ཡོན་ཏན་གོང་དུ་འཕེལ་བར་འགྱུར་རོ༔ གཞན་ཡང་ཡུལ་ཕྱོགས་ཕྱོགས་སུ་ཆོས་དང་མཐུན་པའི་བཅའ་ཁྲིམས་གང་ཚུགས་ཚུགས་བཅས་པས༔ དེ་དག་གང་དུ་བྱས་པའི་ཡུལ་ཕྱོགས་སུ་དགོས་སྐྱིད་རང་སར་འབྱུང་བའོ༔  《 授记 · 噶嘉玛(法印)》中云:“ 建立大种诸天女像,内置各大种之轮及种子,亦放入大宝、药、穀、丝绸。善察山之好坏,于山顶隐埋伏藏,然后广作吉祥授权、安住,由此息除大种之恶起,一切大种摄持自位,由此一切境域善妙功德展转增上。复次,于各地一一树立随顺正法之法规,实施彼等之处,幸福自然出生。”


ཞེས་དང་། དུ་རུ་ཀ་རིགས་ལྔ་བཟློག་ཐབས་གཞན་མ་གྲུབ་ཀྱང་༔ ཡུལ་གྱི་མི་ཆེན་འབྱོར་ལྡན་གཙོ་བོ་ལ་སོགས་པ་དད་པ་ཅན་ཚོགས་ནས༔ ཡུལ་ཕྱོགས་བཀྲ་བཟང་སར༔ མཆོད་རྟེན་ཚད་ལྡན་བཞེངས་པའི་ནང་དུ༔ མཚོན་ཆའི་ཁྲལ་བསྡུས་ཏེ༔ མཚོན་སྐུད་ལྔའི་དྲྭ་བས་བཅིང་ནས༔ རྩེ་མོ་ཐུར་དུ་བསྟན་ཏེ་གཞུག༔ འོག་དུ་འབྱུང་པོ་འདྲེ་ངན་མཐའ་མིའི་མནན་པ་བྱ༔ དེ་ལ་བྱིན་རླབས་དང་ལྡན་པའི་རྣལ་འབྱོར་པས་རབ་གནས་བྱ་ཞིང་༔ སྐབས་མཆོད་གསོལ་གྱིས་པས༔ མཚོན་གྱི་བསྐལ་པ་ཉམས་ནས་ཡུལ་ཕྱོགས་སུ་འཁྲུག་རྩོད་མི་འབྱུང་ཞིང་༔ མཐའ་མིའི་གཡུལ་འཁྲུག་ཁེག་པར་འགྱུར་རོ༔ ཡང་སྨན་མང་པོ་བསྡུས་ཏེ་བདུད་རྩི་སྨན་གྱི་སྒྲུབ་པ་བྱ་ཞིང་༔ སྨན་ཀྱི་གོང་བུ་མཆོད་རྟེན་དུ་བཞུགས་སུ་གསོལ་ནས༔ རབ་དུ་གནས་དང་ལྡན་པས་ནད་ཀྱི་འཚེ་བ་མི་འབྱུང་བར་འགྱུར་རོ༔ ཡང་འབྲུ་སྣ་མང་པོ་བསྡུས་ཏེ༔ མཆོད་རྟེན་དུ་བཞུགས་པ་སོགས་སྔར་ལྟར་བྱས་པས་ཀྱང་མུ་གེ་ལས་གྲོལ་བར་འགྱུར་རོ༔ ཞེས་དང་།  又云:“ 杜如嘎( 梵音香名,安春香,此处指 “ 恶魔 ” )其它五部迴遮法虽未成就,然以当地富人、名人为主之信众,应于各处善妙吉祥之地,修建具量佛塔,内置武器之标志,以五彩线网捆缚,尖端朝下,下方应镇压部多、恶鬼、边地之人,应由具足加持之瑜伽士开光,定期举行供养祈祷,由此消退刀兵劫,令各地不起动乱纷争,阻止边寇入侵。收集众多药物,制成甘露妙药,药丸请入塔内,开光安住,由此远离瘟疫之害。又可收集诸多穀类,置于塔内,如前而作,亦能摆脱饥馑之灾。”


གཏེར་ཆེན་བདུད་འཇོམས་གླིང་པའི་ཟབ་གཏེར་ལས།
大伏藏师敦珠林巴(摧魔洲)甚深伏藏中云:


དེ་ཕྱིར་གཡུལ་ལས་རྣམ་རྒྱལ་མཆོད་རྟེན་ནི༔

得谢叶利楠嘉措丹呢    是故战场胜利此佛塔

ཕྱོགས་རྣམས་ཀུན་ལ་ཁྱབ་པའི་རྟེན་འབྲེལ་སྣ༔

秀楠根拉掐博丹宅纳    十方一切周遍缘起类

སྨོན་ལོག་བདུད་ཀྱིས་བཟློག་པར་མ་བྱས་ཤིང་༔

门洛德基朵巴玛希香    邪愿恶魔之众不可阻

རྒྱལ་ཁམས་ཡུལ་གྲུ་རེ་བཞིན་བཞེངས་ནུས་ན༔

嘉强叶哲冉印央尼纳    国土各地若能悉建立

ལོ་གྲངས་བརྒྱ་ཕྲག་གཅིག་ཏུ་བདུད་བསྟན་བཟློག༔

洛章嘉察杰得德丹朵    一百年中魔教当迴遮


ཅེས་དང་། 又云:གཏེར་སྟོན་རིག་འཛིན་ཨོ་རྒྱན་ཤེས་རབ་ཀྱི་ལུང་བསྟན་ལས།  大伏藏师仁增(持明)邬金谢绕(邬金般若)之《授记》中云:


བདུད་ལས་རྣམ་རྒྱལ་ཨོ་རྒྱན་གཙུག་ལག་ཁང་༔

德拉利楠嘉欧坚泽拉康   胜出诸魔邬金大佛殿

རྒྱུ་འབྲས་སྤང་བླང་བསྟན་ལ་བཀུར་སྟི་བཅས༔

杰这 邦浪 丹拉 格德吉   因果取捨教法深尊重

ཕ་མེས་རྒྱུད་སྲུང་བསང་བརྔན་རླུང་རྟ་ཟབ༔

帕美 杰忠 桑安 隆达萨   祖辈护续淨烟福运深


ཅེས་སོགས་མང་དུ་གསུངས་ཤིང་།  如是广说:

ཁང་སར་བསྟན་པའི་དབང་ཕྱུག་རིན་པོ་ཆེས་ཀྱང་བཟློག་རིམ་གཙོ་ཆེ་བ་གསུམ་དུ་བསྡུས་ཏེ་གསུངས་པ་བཞིན། མདོན་བསྡུ་ན་། ༡ཕྱོགས་ཀུན་ཏུ་གུ་རུའི་སྐུ་དང་བདུད་འདུལ་མཆོད་རྟེན་བཞེངས་པ། ༢བསམ་ལྷུན་གསོལ་འདེབས་དག་པའི་ཞིང་མཆོག་མ་དང་བཛྲ་གུ་རུ་འུར་འདོན་བྱེད་ཅིང་དེའི་དར་ཅོག་ཕྱོགས་མདོག་ཅན་ཕྱོགས་བཞིར་འཛུགས་ཏེ་སྨོན་ལམ་བཀྲ་ཤིས་བྱ་བ། ༣དཔལ་ཆེན་རྡོ་རྗེ་ཕུར་པའི་མནན་བསྲེགས་འཕང་གསུམ་གྱི་ལས་ལ་སྦྱོར་བ་དང་བཅས་གསུམ་དུ་བསྡུ་བར་མངོན།  康萨(康地)· 丹贝旺秋(教法自在)仁波切(大宝)亦摄为三种主要迴遮次第,如其所说,略摄为:一、各处修建咕如(上师,莲师)身像及伏魔塔。二、齐诵《意乐任运祈祷文》《清淨胜刹》及《班杂咕如(金刚上师,莲师)》,并于四方竖立彼之旗幡,具四方色,诵发愿文与吉祥偈。三、行持大吉祥金刚普巴(镢)之镇压、焚烧、抛掷三种事业。如是摄为三种。

དེ་ལ་གུ་རུའི་སྐུ་ནི། འབྱུང་ན་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་སྦོམ་ཕྲ་དང་རྒྱུ་ཆ་སོགས་སྣ་ཚོགས་རང་གི་འབྱོར་བ་དང་ཡུལ་དུས་ཀྱི་གནས་ཚུལ་དང་བསྟུན་གཟུངས་འབུལ་རབ་གནས་སོགས་ཀྱང་ཚད་ལྡན་བགྱིས་པ་བཞེངས་བསྐྲུན་གྱིས་ཏེ་གཤམ་གསལ་གྱི་གནས་རྣམས་སུ་བཞུགས་སུ་གསོལ་རྒྱུ་དང།  此中,若造咕如(上师,莲师)身像,宜作莲师万有胜伏身像,大小及各种材料等,根据自己财力,并结合当地实际情况,或作画像,或造雕像。开光等亦须具量如法,应安放于下文所说诸处。

མཆོད་རྟེན་ནི།བཞེངས་སའི་གནས་ནི་རབ་གནས་ཡུལ་ཉེར་བཞི་དང་དུར་ཁྲོད་བརྒྱད་སོགས་དང་མཐའ་འདུལ་ཡང་འདུལ་ལྟ་བུ་ས་གནད་ཀྱི་མེ་བཙའ་བསྡམས་པ་རྣམས་དང་། གཞན་ཡང་འཛམ་གླིང་ཤར་ནུབ་ལྷོ་བྱང་གི་གངས་ར་དང་རི་རྩེ། ཆུ་བོ་དང་རྒྱ་མཚོ། ལུང་གསུམ་གྱི་མཐའ། ཆུ་བོའི་འདུས་མདོ། མི་མང་འདུ་གནས་སོགས་གང་ཡང་རུང་བར། མཆོད་རྟེན་གྱི་ཚད་ལ། ཆེ་བ་ཐོག་ཚད་དུ་མ་ཅན་དང་། འབྲིང་བ་ཐོག་ཚད་གཅིག་ནས་མི་ཚད་བར་དང་། ཆུང་བ་ཁྲུ་གང་དང་མཐོ་ཚད་མ། ཤིན་ཏུ་ཆུང་བ་སོར་ཚད་ཅན་གྱི་མཆོད་རྟེན་དག་བསྐྲུན་ཚུལ་གསུངས་ཤིང་།  佛塔修建之处,应为二十四圣境、八大寒林等处,以及镇肢寺、镇节寺等镇守要地之处。复次,瞻部洲东西南北之雪山、高山,大江、大海,山谷之边、河流之口,众人聚集之处等,皆可修建。佛塔之大小,大者,可至数层楼高,中者,一层楼高乃至一人之高;小者,一肘高度;极小者,则以指宽计量。如是宣说建塔方式。

སཙྪ་འདི་ཉིད་ཀྱང་མཆོད་རྟེན་བརྒྱ་རྩ་བརྒྱད་སྒྲུབ་པའི་ཆོ་ག་སོགས་མདོ་རྒྱུད་ཀུན་ལ་མཆོད་རྟེན་དངོས་ཡིན་པར་གྲགས་ཤིང་བྱ་སླ་ལ་ཆོད་ཆེ་བས། བདུད་འདུལ་མཆོད་རྟེན་གྱི་གཟུངས་འབུལ་རབ་གནས་སོགས་གོང་གསལ་བཞིན་ཚད་ལྡན་དུ་བགྱིས་ཏེ། སེམས་བསྐྱེད་བཟང་པོའི་སྒོ་ནས་གོ་ལའི་སྟེང་གི་གངས་ར་དང་། རི་རྩེ།ནགས་ཁྲོད་སོགས་ལ་བཀྲམ་པའམ། རྒྱ་མཚོའི་གཏིང་དང་ས་འོག་སོགས་སུ་གཏེར་དུ་སྦ་ན་གཞན་སྡེའི་བར་ཆད་ཆུང་བ་སོགས་ཁྱད་ཆོས་མངོན་གསལ་ལྡན་ནོ།  此小佛塔,亦于《一百零八佛塔修法仪轨》等所有经续中共许为真实佛塔,制作简易,极为方便,故伏魔塔之陀罗尼装藏、开光等,如上所说,如法具量,以善妙发心,陈设于地球之雪地、山顶、森林等中,或于海底、地下等处埋为伏藏,则于他部小障难等,具有显著效果。


དེ་བཞིན་དུས་རིམ་ཡོངས་ལས་ཆེས་བསྔགས་པ་བཛྲ་གུ་རུའི་དུང་སྒྲུབ་འུར་འདོན་དང་། མཚན་ཚོགས།ཞོར་འདོན་ལ་བསྐུལ་བ་སོགས་དང་། གུ་རུའི་གསོལ་འདེབས་བསམ་ལྷུན་རྒྱས་པ་དང་། བསྡུས་པ་དག་པའི་ཞིང་མཆོག་མ་ཁ་བཏོན་བགྱིས་ཤིང་། དར་ཅོག་ཁ་དོག་སྣ་ལྔར་དཔར་ནས་འཛུགས་པ་དང་། རླུང་ལ་གཏོར་བ། མེ་འཁོར་དང་ཆུ་འཁོར་བཟོ་བ། སྒྲ་འཇུག་སོགས་ཀྱིས་ཡོངས་ཁྱབ་ཏུ་སྤེལ་ཐབས་སོགས་ལ་ཀུན་ནས་བརྩོན་དགོས་པར་གསུངས་ཤིང་།  如是,策励所有时段极力称讚,念修 “ 班杂咕如(金刚上师,莲师)” 一亿遍,以及晚修供养、念诵等。念诵咕如(上师,莲师)祈祷文《意乐任运成就》及略轨《清淨胜刹》。印制五彩旗幡,抛于风中,制作火轮、水轮,以录音等广作传播,需由各方面精进行持如是等方便。


༧སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་ནས་ཀྱང་།གོང་གསལ་གསོལ་འདེབས་ལས།འཛམ་གླིང་ས་ཆེན་འདིའི་སྟེང་དུ་གནས་པའི་རྒྱལ་བའི་བསྟན་དང་སྐྱེ་འགྲོའི་ཚེ་སྲོགསྣོད་བཅུད་ཀྱི་དགེ་མཚན་མ་ལུས་པ་སྐད་ཅིག་ཉིད་ལ་འཇོམས་པའི་ནུས་ཤུགས་ཅན་རྡུལ་ཕྲན་དུག་གི་མཚོན་ཆ་ལག་ལེན་དུ་བསྟར་ནས་མི་རྣམས་ཁ་དག་པ་དེ་ལྟ་བུའི་མཚོན་འཁྲུགས་དྲག་པོ་སྔར་མ་བྱུང་བ་ཞིག་དུས་ཡུན་མི་རིང་བར་འབྱུང་ཉེ་བའི་ལ་ཉེ་དང་ལྟས་མཚན་ཉིན་རེ་བཞིན་དུ་ཇེ་ཆེར་འགྲོ་བར་བརྟེན།བཟོད་བླག་དང་བྲལ་བའི་སྐྱོ་ཤས་དང་འཇིགས་དངངས་དྲག་པོས་རྒྱུད་དབང་མེད་དུ་བསྐུལ་བའི་རྐྱེན་གྱིས་བུ་ཆུང་མ་ལ་འབོད་པའམ།འགག་དོག་མོའི་ཨོ་རྒྱན་པདྨའི་དཔེ་ལྟར།སྐྱབས་གནས་དཀོན་མཆོག་རྒྱ་མཚོར་ཐུགས་དམ་གནད་བསྐུལ་གྱི་གསོལ་འདེབས་་འདི་ཉིད་དེང་དུས་ཀུན་གྱིས་ཁ་ཏོན་བྱ་བ་དང་།དར་རས་ལ་བྲིས་ཏེ་རི་རྩེ་དང་།ཟམ་རྡུར་སོགས་སུ་འཕྱར་ན་དགོས་པ་དང་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ཡིན་སྙམ་པས་ངེད་ལ་ཡིད་ཆས་བྱེད་པ་ཀུན་གྱིས་ཐུགས་ལ་གཞུག་ཅེས་གསུངས་པ་བཞིན།དད་ལྡན་མང་ཚོགས་བྱིངས་ཀྱིས་འདི་དག་སྒྲུབ་པར་འོས་ཤིང་སླ་བར་འདུག་པས་དེ་ལྟར་བརྩོན་པར་རེ་བསྐུལ་ཞུ་རྒྱུ་དང་།  怙主恰哲(离事)· 桑杰多杰(佛陀金刚)亦于上述祈愿文中云:“ 核武器能够刹那摧毁此瞻部洲所住佛法与众生寿命,以及情器世界一切善妙,人类以前尚未遭遇如此凶猛之战争,但不久即将临近之徵兆与迹象越来越明显,因此,猛利之厌离心与极大之怖畏不由自主策动内心相续,以此为缘,如子呼母,或以邬金莲师为例,于此之时,大家应共同念诵策发皈处三宝海众誓愿心要之祈祷文,于绸布绘制佛像,悬挂于山顶、桥头等处,此有极大必要,具有巨大功德利益。故请于我生信,一切牢记于心!” 如其所说,全体所有信众应修此等,此极简易,故请努力精进!


གཞན་ཡང་དཔལ་ཆེན་རྡོ་རྗེ་ཕུར་བའི་སྒོ་ནས་སྒྲུབ་ཆེན་དང་སྒྲུབ་མཆོད་ཚད་ལྡན་དང་བཅས་མནན་བསྲེགས་འཕང་གསུམ་གྱི་ལས་ལ་སྦྱོར་བ་དང་།复次,依大吉祥金刚普巴(镢),修持具量之大修与修供,并行镇压、焚烧、抛掷三种事业。


གོང་གསལ་ནུས་ལྡན་རྡོ་རྗེའི་ལུང་བྱང་གི་འཕྲོར།
上述努丹多杰(具力金刚)之《伏藏绪记》中复云:

ཚེས་བཅུའི་གཏོར་ཚོགས་སྐྱེས་རབས་སྒྲོག་པ་དང་ཿ

彩杰朵措基罖卓巴当    初十朵玛荟供诵本生

གཞི་བདག་བསང་མཆོད་བསེ་མཁར་བུམ་གཏེར་སྦཿ

叶达桑秋赛喀沃代瓦    地祇烟供赛卡藏瓶埋

རི་ཁྲུས་མཚོ་ཁྲུས་བརྔན་དང་དཔང་བསྟོད་བྱཿ

热池措持安当邦朵瑕    浴山浴海供养并称讚


ཞེས་ཟློག་རིམ་གཞན་ཡང་གསུངས་པའི་གྲས་ལས།བརྔན་བསང་གི་ཆོ་ག་དང་འབྲེལ་ལྷ་སྲིན་དམ་བསྒྲགས།རི་ཁྲུས་རྟེན་ཁྲུས་།སྣོད་བཅུད་རྒུད་པ་གསོ་ཕྱིར་གཏེར་བུམ་སྦ་བ་སོགས་ནི་རིས་མེད་ཆོས་སྡེ་དང་དགོན་སྡེ་ཁག་གི་དམ་པའི་སྐྱེས་བུ་རྣམས་ཀྱིས་དབུས་པའི་དགེ་འདུན་སྤྱི་ཡོངས་ཀྱི་ཐུགས་འགན་ཕྲག་ཏུ་ཅིས་ཀྱང་བཞེས་རྒྱུ་གལ་ཆེ་བས་དེ་བཞིན་ཐུགས་ལ་འདོགས་པར་ཞུ་ཞེས་གསོལ་བ་གདབ་རྒྱུ་དང་།དད་ལྡན་མང་ཚོགས་ཡོངས་ནས་ཀྱང་དགེ་སྒྲུབ་སྡིག་སྤོང་སྤྱི་དང་།བྱེ་བྲག་ཉེའུ་འདོན་པ།ཚེ་ཐར་སྲོག་བསླུ་བྱ་བ་སོགས་འཚེ་མེད་ཞི་བའི་སྤྱོད་ལམ་ལ་གང་ནུས་ཅི་ལྕོགས་ཀྱིས་འབུངས་ནས་བཀྲ་ཤིས་སྨོན་ལམ་བཟང་པོས་མཚམས་སྦྱོར་གནང་བར་བསྐུལ་བ་ལགས་ཤིང་།  于迴遮次第亦复说言:“ 淨烟供养仪轨,以及相关天龙八部宣说誓言,沐浴大山、沐浴所依,为令恢复情器衰损,隐埋大藏宝瓶,如此等者,不分教派之所有法苑、寺院殊胜士夫为主之一切僧众,务必尽其全力担负此责,最极重要,是故请记于心!” 如是祈祷,激励具信所有大众悉皆断恶修善,尤其广行放生、赎命,尽力安住无害寂静之威仪,然后诵吉祥偈、发微妙大愿。


བཟློག་པའི་ཐབས་དེ་དག་ལ་བརྩོན་དགོས་པའི་དུས་ཀྱང་གོང་གསལ་ནུས་ལྡན་རྡོ་རྗེའི་གཏེར་ལུས་ལས། 于此等迴遮法精进修持之时间,努丹多杰(具力金刚)之《伏藏文》中云:


ལྕགས་ཁྱིའི་བར་ཆད་ཤིག་འབྲུག་ལོ་ལ་བཟློགཿ

嘉且瓦掐谢哲罗拉朵    金狗障难木龙之年遮

དགྲ་གཤེད་ཡིན་པས་བཟློག་པར་ཐེ་ཚོམ་མེད་ཿ

扎些印贝朵巴泰措迈    怨敌之故迴遮勿疑虑


ཅེས་དང།又云:ཁྲག་འཐུང་བདུད་འཇོམ་གླིང་བའི་ལུང་བསྟན་ལས། 
刹通(饮血)敦珠林巴(摧魔洲)之授记中云:


ཀླ་ཀློའི་བསྟན་པའི་འཕེལ་ཁ་ཁྱི་ལ་དར༔

拉洛丹博派喀且拉达    野蛮之教增长狗年兴

དེ་ཡི་ཟློག་བྱེད་གཉེན་པོ་འབྲུག་ལ་བཏངཿ

得叶朵谢念博哲拉当    彼之凶猛能遮龙年施

ཆོས་སྡེ་གཅིག་མིན་ཀུན་གྱིས་སྒྲུབ་པ་བསྐྱངསཿ

曲代杰门根基哲巴将    非仅一寺悉皆共修持


ཞེས་གསུངས་པས། ཟློག་རིམ་འདི་དག་ཆོས་སྡེ་དང་། ལུང་ཚན། གང་ཟག་རེ་གཉིས་གཅིག་པུས་མིན་པར་ཀུན་གྱིས་བག་ཡངས་སུ་མ་ཤོར་བར་ལུང་བསྟན་དུས་ལས་མ་ཡོལ་བའི་སྔ་གོང་སྟེ། ད་ལྟ་ནས་སྒྲུབ་དགོས་པ་གལ་ཆེ་སྙམ་པས་ཐུགས་ལ་ཅི་ནས་ཀྱང་འདོགས་པར་ཞུའོ།།  是故,此迴遮次第,并非一两座寺院、一两处地区、一两位补特伽罗(数取趣,众生)实施,而是所有人皆应勿失放逸,勿越授记时限,尤其从现在开始修持最为重要。因此,务必牢记于心!

ཞེས་ཆེད་དུ་བསྐུལ་བ་འདི་ཡང་ཨོ་རྒྱན་དྲི་མེད་གླིང་བའི་ཡང་སྲིད་དྲུག་པའི་མཚན་གྱི་བྱིན་རླབས་ཐོབ་པ་སྒོ་ཆེན་རྒྱལ་བའི་སྤྲུལ་མིང་འཛིན་པ་གནམ་ལྕགས་གསང་སྔགས་བསྟན་འཛིན་ནས་རབ་བྱུང་༡༧པའི་ཆུ་སྟག་ས་ག་ཟླ་བའི་ཚེས་༢༩་ལ་སྤེལ།  此专门劝请,由得邬金赤美林巴(无垢洲)第六世名号之加持,持有果钦嘉瓦(大门胜王)化身之名,囊甲桑阿丹增(天铁密咒持教)于第十七胜生周水虎年四月二十九撰著。


宁玛文殊-经典伏藏汉译NMKT
༄༅།།རྙིང་མ་འཇམ་དབྱངས།བཀའ་མ་གཏེར་ཆོས་རྒྱ་སྒྱུར།།敬译

大乘天 备用号
每做吉祥事,常生欢喜心。
 最新文章