ཤར་རྫའི་རི་ཁྲོད་ཀྱི་ཨ་དཀར་བུམ་སྒྲུབ་ཆེན་མོའི་བོན་བརྡ།  

文摘   2024-01-24 10:06   四川  
 ཤར་རྫའི་རི་ཁྲོད་ཀྱི་ཨ་དཀར་བུམ་སྒྲུབ་ཆེན་མོའི་བོན་བརྡ།  


དབྲ་སྟོན་པཎྚི་ཏའི་ཞལ་ནས།

བསླབ་པ་གསུམ་གྱི་ཤ་ཚུགས་བརླིང་བ་ལ།།

ལྔ་རིག་རིན་ཆེན་གསེར་གྱི་དྲྭ་བ་ཅན།།

བཤད་སྒྲུབ་འཁོར་ལོའི་ཁུར་ཆེན་འདེགས་པ་པོ།།

མདོ་ཁམས་ལྗོངས་སུ་དཔལ་ལྡན་ཤར་རྫ་བ།།


ཟབ་ཅིང་རྒྱ་ཆེ་གསུང་གསང་བདུད་རྩིའི་བཅུད།།

ཅི་དགར་ལོངས་སུ་སྤྱོད་པའི་བྷྲ་མ་ར།།

སྙིང་གའི་ཆེས་ཆེར་རང་པའི་མགྲིན་པའི་གླུ།།

སྐལ་ལྡན་རྣ་བའི་བཅུད་དུ་ལེན་པར་སྤྲོ།།


ཞེས་ཤིས་ཚིག་གམ་མཆོད་པ་བརྗོད་པའི་མདུན་ལེགས་པར་བསུས་ཏེ་སྐབས་སུ་གླེང་བྱ་ནི།   ཀུན་གྱིས་མཁྱེན་གསལ་ལྟར་དཔལ་ཀུན་མཁྱེན་ཤར་རྫ་བའི་གདན་སར་རྒྱལ་བསྟན་ཡང་དར་གྱི་བསྟན་པ་དང་འགྲོགས་ཏེ་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་དང་།   དབྲ་སྲས་ཡིད་བཞིན་དབང་རྒྱལ་མཆོག་གཉིས་ཀྱིས་དབུ་ཁྲིད་དེ་འདས་པའི་ལོ་ངོ་བཞི་བཅུ་ཙམ་གྱི་རིང་དུ་དཔལ་ཀུན་མཁྱེན་ཤར་རྫའི་རི་ཁྲོད་དུ་ཨ་དཀར་བུམ་སྒྲུབ་འཚོགས་སྲོལ་ཡོད་པར་གཞི་བཅས།   ད་ལན་སྤྱི་ལོ་ 2024 ཟླ་ 1 ཚེས་ 25 ཉིན་བཅའ་གཞིའི་སྟ་གོན་དང་།   སྤྱི་ཚེས 26 སྟེ་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་དངོས་སུ་འཚོགས་འཆར་ཡོད།  འཚོགས་པའི་དབུ་བཞུགས་རྒྱལ་ཚབ་རིན་པོ་ཆེ་འཇིགས་མེད་དབང་ཕྱུག་མཆོག་གཙོས་རི་དགོན་བཞིའི་བླ་གྲྭ་འཛོམས་གང་ཐུབ་དང་།   རྫ་ཆུའི་ཉིན་སྲིབ་དད་ལྡན་ཡུལ་མིའི་ལྷ་སྡེ་ཐམས་ཅད་འཛོམས་ཏེ་ཨ་དཀར་བུམ་སྒྲུབ་ཉིན་མཚན་བཅུ་ཕྲག་ལྷག་གི་རིང་དུ་དངོས་སུ་འཚོགས་འཆར་ཡོད་པས་བསྔོ་ཞུས་འབྲེལ་འཇོག་དང་།   བོན་འབྲེལ་འཚོགས་གྲལ་དུ་དངོས་སུ་ཞུགས་འདོད་མཁན་རིས་སུ་མ་ཆད་པའི་དད་ལྡན་དག་དུས་ལྟར་ཕེབས་པར་ཞུ།     སྤྱི་ཚེས་1དང་བོད་ཚེས་22ཉིན་ཐེངས་འདིའི་ཨ་དཀར་བུམ་སྒྲུབ་ཀྱི་མཇུག་ཏུ་རྒྱལ་ཚབ་རིན་པོ་ཆེས་སྒྲིབ་སྦྱོང་མུན་སེལ་སྒྲོན་མའི་དབང་བསྐུར་རྒྱུ་ཡིན།

   

དཔལ་ཀུན་མཁྱེན་ཤར་རྫའི་རི་ཁྲོད་ཀྱི་དོ་དམ་ཨུ་ཡོན་ལྷན་ཁང་ནས་སྤྱི་ལོ2024ཟླ 1 ཚེས 24 ཉིན་སྤེལ།   


洛桑扎西
དུས་རབས་ཀྱི་རྗེས་སུ་སྙེག་སྟེ་མི་ཚེའི་རིན་ཐང་འཚོལ་བ་ནི་མི་ལུས་ཐོབ་པའི་འོས་འགན་ཡིན་ནོ།།
 最新文章