༼མཛོད་ཀྱི་འཆད་ཁྲིད་ཆ་ཚང་ཡོད།༽དཔོན་སློབ་དགེན་ཡོན་ཏན་ཕུན་ཚོགས་མཆོག

文摘   2024-10-01 19:39   西藏  


一花一世界,一叶一追寻


བློ་བཟང་བཀྲ་ཤིས་ཀྱིས་ཁྱེད་ཉིད་ཕེབས་པར་དགའ་བསུ་ཞུ།

སྐད་འཕྲིན། luosang25099


 ཁྲིད་བྱ། སྣང་སྲིད་མཛོད་ཕུགས། 

ཁྲིད་ཡུལ། ཀོ་རྒྱལ་དགོན།

འཆད་ཁྲིད་པ། ཧོར་རུ་དགེ་བཤེས་དཔོན་སློབ་ཡོན་ཏན་ཕུན་ཚོགས།

ལེ་ཚན་གཏོང་བའི་གསལ་བཤད

འོག་གི་པར་རིས་ལ་བལྟས་ནས་གོང་རིམ་བཞིན་ཨང་གྲངས་བལྟ་དཔེ་ཁྲིད་ཉན་ཐུབ་རེད། དཔེ་ཁྲིད་ཨང་གྲངས་གང་ཉན་དགོས་ན་པར་རིས་དེ་ལ་ནོན་ནས་རིམ་པར་བཞིན་འགྲོ་དགོས་རེད། གལ་ཏེ་ཉན་མི་ཤེས་མཁན་ཡོད་ན་འཕྲིན་བདག་ང་ལ་འབྲེལ་བ་བྱོས་དང་ངས་སློབ་ཆོག

འབྲེལ་གནས། 15884055593



གཤམ་གྱི་པར་རིས་ལྟར་ཤར་ཡོང་དུས་དམར་པོས་རྟགས་རྒྱག་པ་སྟེང་ནོན་དང་དེ་ནས་རིམ་བཞིན་སོང་ན་ཉན་ཐུབ་ཀྱིན་ཡོད་རེད། 

འཕྲད་དཀའ་བ་གཡུང་དྲུང་གི་བོན་རིན་པོ་ཆེ་དང་འཕྲད། མཇལ་དཀའ་བ་མཚན་ལྡན་དགེ་བའི་བཤེས་གཉེན་རིན་པོ་ཆེ་དང་མཇལ་ཏེ་བློ་ཁ་ཕྱིན་ཅི་ལོག་ཏུ་མ་སོང་བར་ཡང་དག་པའི་ལམ་ནས་མི་ཚེ་དོན་ཡོད་བྱ་བཞིན་པའི་མཆེད་གྲོགས་རྣམས་དང་།  གཞན་ཡང་ཐག་རིང་ཐུང་གི་རིག་སྨྲ་མང་པོ་ཞིག་གིས་དགེ་བའི་བཤེས་གཉེན་ཆེན་པོ་ཀོ་རྒྱལ་དཔོན་སློབ་ཡོན་ཏན་ཕུན་ཚོགས་རིན་པོ་ཆེའི་གསུང་གི་བདུད་རྩི་ཟབ་མོ་ལ་སྐམ་པ་ཆུ་འདོད་ཀྱི་དཔེ་ལྟར་བདག་ལ་རེ་སྐུལ་ཐེངས་མང་བྱས་དང་བྱེད་བཞིན་པ་ལ་བརྟེན། ད་ལན་ཁོམ་སྐབས་དང་བསྟུན་ནས་སྨྲ་སེང་མི་ཡི་རྣམ་རོལ་བླ་མ་རིན་པོ་ཆེ་ཁོང་གིས་ཁྲིད་གནང་བའི་མཛོད་ཀྱི་གསུང་ཁྲིད་འདི་དྲ་ལམ་དུ་སྤེལ་ཏེ་ཁྱེད་རྣམ་པའི་ཐུགས་དམ་བསྐང་བ་ཡིན་ལ།  ཤིན་ཏུ་རིན་ཐང་ཆེ་བའི་གསུང་ཁྲིད་འདི་ལ་ཐོས་བསམ་བྱེད་ཐུབ་ན་སོ་སོའི་རྒྱུད་ཀྱི་མ་རིག་པའི་མུན་པ་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བ་ནི་གདོན་མི་ཟ་པས་ན་འདི་ལ་རྒྱུད་སྐུར་དང་གསན་བསམ་མཛོད་རོགས་ཞུ། 



རྩོམ་སྒྲིག་པ། རྫ་གཞན་ཕན་ཐེག་མཆོག་འོད་གསལ།




                               

སྐབས་རེ་ཁོང་ཁྲོ་ལངས་བ་ལ་བརྟེན་ནས་སྔ་འདང་ཕྱི་འདང་མེད་པ་བྱ་བ་ལ་འཇུག་ན་ཕམ་ཁ་དང་གྱོང་གུན་ཆེན་པོ་ཁུར་སྲིད། དེའི་ཕྱིར་འགྱོད་པ་མེད་པའི་བྱ་བ་དང་གོ་སྒྲིག་ཡོད་པའི་ལས་ལ་འཇུག་དགོས།

གཞན་ཕན་ཐེག་མཆོག་འོད་གསལ་གྱིས།

  འཕྲིན་སྟེགས་འདི་ལས་དཔེ་ཁྲིད་དང་བསླབ་བྱ། མཁས་པའི་གདམས་ངག ཉེ་བའི་གསར་འགྱུར། སྙན་རྩོམ་དང་དཔྱོད་རྩོམ་སོགས་རྩོམ་རིགས་སྣ་ཚོགས་དང་། ལོ་རྒྱུས་དང་ཉིན་ཐོ། མདོ་ན་རང་གིས་ཅི་ཞིག་རྩོམ་པ་ཡིན་ན་འཇོག་ཅི་ཐུབ་བྱེད་ཀི་ཡོད་པས་མོས་པ་ཅན་དག་གིས་གཤམ་གྱི་བཤེར་རིས་ལ་འབྲེལ་རྗེས་བརྡ་རེ་གཏོང་ཤོག ད་རུང་ཚད་མའི་ཁྲིད་དང་ཐེག་འགྲེལ་ཁྲིད་ཀ་སོགས་སློབ་མ་རྣམས་ལ་ཉན་བདེ་བ་དང་ཉར་ཚགས་བྱེད་བདེ་བ་སོགས་ལ་དམིགས་ནས་ཕྱོགས་སྒྲིག་དང་ཕྱོགས་སྡོམ་བྱེད་ནས་མི་འགྱང་བར་སྤེལ་འཆར་ཡོད། ཀུན་གྱིས་དེ་ལུགས་བྱས་ནས་བདག་ལ་རྒྱབ་སྐྱོར་དང་ཐུགས་ཁུར་རེ་གནང་བ་མ་ཚད་རྒྱུད་སྤེལ་དངའབྲེལ་བ་གནང་རྒྱུ་མ་བརྗེད་རོགས།      འཕྲིན་བདག་གཞན་ཕན་ཐེག་མཆོག་འོད་གསལ་གྱིས།

གྲོགས་ལྷན་རྒྱས་ཁམས་བདེ་ཞུ།

   ངས་ཁྱེད་ཅག་གི་རེ་བ་དང་གཞན་ལ་ཕན་ཅུང་ཙམ་རེ་ཨེ་ཐོག་སྙམ་པའི་སྐུལ་སློང་ཡང་དག་ཅིག་གཟུང་ནས་ངའི་འཕྲིན་སྟེགས་འདི་ལས་མཁས་པའི་བསླབ་བྱ་དང་གདམས་ངག་ཟབ་མོ། ཁྱད་པར་དུ་དཔེ་ཁྲིད་མཁོ་དགོས་ཆེ་བ་རེ་སྤེལ་ཨེ་ཐུབ་བལྟ་གྱིན་ཡོད་ལ། ལྷག་པར་དུ་འཕྲིན་སྟེགས་འདི་ཁྱབ་བསྒྲག་ཙམ་དང་འདི་ལས་མི་གྲངས་ཇེ་མང་ཙམ་ལ་གཏན་ནས་དམིགས་ཀྱིན་མེད། དེའི་ཕྱིར་འཕྲིན་སྟེགས་འདི་ལས་མི་འགྲིགས་ཆ་གང་མཆིས་རྣམས་བདག་ལ་འབྲེལ་གཏུག་བྱེད་ཆོག་ལ། མི་ལེགས་པའི་དོན་གང་ཡོད་རྣམས་ངས་དུས་ལྟར་འཕྲིན་སྟེགས་ལས་བསུབ་ཆོག འཕྲིན་སྟེགས་ལས་ཨང་གྲངས་༡༣༧༦འདི་སྐུར་ནས་གང་མི་འགྲིགས་པར་རྣམས་གསལ་བཤད་བྱེད་རོགས། བཀའ་དྲིན་ཆེ། ཐུགས་རྗེ་ཆེ།


བློ་བཟང་བཀྲ་ཤིས་ཀྱིས་

ཁྱེད་ཉིད་ཕེབས་པར་དགའ་བསུ་ཞུ།

长按二维码
关注我们吧

བརྡ་འཕྲིན་གྱི་དུས་རབས་འདིར་བརྡ་འཕྲིན་བཀོལ་ནས་སློབ་སྦྱོང་བྱེད་ཆོག 


洛桑扎西
དུས་རབས་ཀྱི་རྗེས་སུ་སྙེག་སྟེ་མི་ཚེའི་རིན་ཐང་འཚོལ་བ་ནི་མི་ལུས་ཐོབ་པའི་འོས་འགན་ཡིན་ནོ།།
 最新文章