༼ཐོས་གྲོལ་ཆེན་པོ་དང་།ཞི་ཁྲོའི་སྨོན་ལམ།བར་དོའི་ངོ་སྤྲོད།༽སྒྲ་སྒམ།

文摘   2024-10-23 14:21   西藏  
 

        གོང་གི་ཡི་གེ་སྔོན་པོ་གནན་ནས་ངའི་འཕྲིན་སྟེགས་ནང་འཇུག་ཐུབ་རེད།

སྟེང་ཆེན་དགོན་གྱི་དབྲ་བའི་བླ་རབས་ཉེར་གཉིས་
པ་ད
བྲ་སྤྲུལ་རིན་པོ་ཆེ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་དཔལ་བཟང་པོ་མཆོག་དང་།   
སྤྲུལ་པའི་སྐུ་མཆོག་དམ་པ་བཀྲ་ཤིས་གཡུང་དྲུང་རྣམ་པ་གཉིས།



ངོ་སྤྲོད་མདོ་བསྡུས།

༧ བདག་ཅག་གི་སྟོན་པ་ཡང་དག་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེའི་བཀའ་དྲི་མ་མེད་པ་རྣམས་དང་།  དེ་ལ་བརྟེན་པའི་བཀའ་བརྟེན་གྱི་བོན་སྡེ་རྣམས་བྲི་འདོན་བྱས་ན་ཕན་ཡོན་ཤིན་ཏུ་ཆེ་བ་རྒྱ་ཆེར་གསུངས་པ་ནི།   གཞུང་ལས།   མདོ་འདི་ནི་འཛིན་ནམ།  འཆང་ངམ།  གཞན་ལ་སྟོན་ནམ།  འབྲིའམ།   ཀློག་གམ།  བསམ་ཞིང་བརྗོད་ན་ནི།  དེའི་ཡོན་ཏན་བསྟན་པར་དཀའ་སྟེ།  ཞེས་གསུངས་པ་དང་།  ལྷག་པར་སྙིགས་མའི་དུས་ཀྱི་མཐའ་འདིར་གཡུང་དྲུང་གི་བོན་མཆོག་རིན་པོ་ཆེའི་སྒྲ་དབྱངས་འདི་ཉིད་འགྲོ་བ་ཀུན་གྱི་རྣ་ལམ་དུ་བསྒྲགས་ཏེ་ཐོས་པར་གྱུར་ན་ཐར་པའི་གོ་འཕང་འཐོབ་པའི་ཚུལ་སོགས་གསུང་པ་མང་སྟེ།   ལུང་ལས། བོན་གྱི་སྒྲ་ཙམ་ཐོས་པས་ཀྱང་རྒྱུད་ལ་ཐར་པའི་ས་བོན་ཐེབས་ཞེས་དང་།  བོན་གྱི་སྒྲ་ཙམ་ཐོས་ནས་ཐར་པ་ཐོབ་བོ་ཞེས་དང་། ཁྱད་པར་དུ་མདོ་ལས། མགུར་དང་དབྱངས་ཀྱིས་འཁོར་བའི་མྱ་ངན་སངས།། ཞེས་བྱིན་རླབས་ཆེ་བའི་བོན་སྒོ་ཐམས་ཅད་སྙན་འཇེབས་དབྱངས་སུ་གྱེར་ཏེ་ཀུན་གྱི་རྣ་ལམ་དུ་བསྒྲགས་པ་ཡིན་ན་ཡོན་ཏན་དང་ཕན་ཡོན་ཆེ་ཚུལ་སོགས་གསུང་བ་གྲངས་ལས་འདས།   དོན་དེ་ལ་ཐུགས་བསམ་ཆེད་བཞེས་ཀྱིས་རྫ་སྟེང་ཆེན་དགོན་གྱི་དབྲ་བའི་བླ་རབས་ཉེར་གཉིས་པ་དབྲ་སྤྲུལ་རིན་པོ་ཆེ་ཚུལ་ཁྲིམས་དྲི་མེད་རྣམ་རྒྱལ་དཔལ་བཟང་པོ་ཉིད་དང་།   སྤྲུལ་པའི་སྐུ་མཆོག་དམ་པ་བཀྲ་ཤིས་གཡུང་དྲུང་རྣམ་པ་གཉིས་ནས་སྐུ་ཚེགས་ཆེན་པོ་བརྒྱུད་དེ་དེ་སྔར་ཡང་བོན་སྒོ་གང་མང་ཞིག་སྒྲ་ཕབ་གནང་སྟེ་དགེ་སེམས་ཅན་ཉན་པ་པོ་ཡོངས་ལ་བོན་སྦྱིན་བསྩལ་ཡོད་པ་གཞིར་བཅས།   ད་ལན་ཡང་ཕྱོགས་ཡོངས་ཀྱི་དད་ལྡན་སེར་སྐྱ་མང་པོ་ཞིག་གིས་སྔ་ཕྱི་ལན་གྲངས་སུ་བསྐུལ་བར་བརྟེན།  ཁོང་རྣམ་གཉིས་ནས་གནས་སྐབས་ཀྱི་གཞན་པའི་མཛད་པ་ཐམས་ཅད་ཆེ་བཞག་ཆུང་བསྐྱུར་མཛད་ཅིང་སྐུ་ངལ་འོ་བརྒྱལ་ལ་མ་འཛེམས་པར་ཤི་གསོན་ཡོངས་ལ་ཆེས་དགོས་གལ་ཆེ་བའི་བོན་མཆོག་རིན་པོ་ཆེ་སྟེ་བླ་མ་ཚེ་དབང་རིག་འཛིན་གྱིས་ཤར་པ་རྣལ་འབྱོར་ལ་སྙན་དུ་བརྒྱུད་པའི་ 《 སྙན་བརྒྱུད་ཐོས་གྲོལ་ཆེན་པོ་ཞི་ཁྲོ་བག་ཆགས་རང་གྲོལ་》ཞེས་བྱ་བ་དང་།  རྗེ་གུར་ཞོག་ཆེན་པོས་མཛད་པའི་ 《 ཞི་ཁྲོའི་སྨོན་ལམ་རིན་ཆེན་ཕྲེང་བ་ 》དང་། དབྲ་སྟོན་བསྟན་འཛིན་དབང་རྒྱལ་གྱིས་མཛད་པའི་《བར་དོའི་ངོ་སྤྲོད་དང་གསོལ་འདེབས་བསླུ་བ་མེད་པ་》ཞེས་པའི་བོན་མཆོག་གསུམ་པོ་འདི་མགུར་དབྱངས་ཀྱི་ཚུལ་དུ་སྒྲ་དག་སྒྲོས་གཙང་གི་ལམ་ནས་གྱེར་འདོན་མཛད་པ་ལ།  དད་འདུན་མོས་གུས་ཆེ་ཞིང་དགེ་སེམས་རྣམ་པར་དག་པའི་རྡུང་ལེན་པ་ཤང་ཐང་དཔལ་དགའ་ལགས་ནས་རྒྱུད་དྲུག་པི་ཝང་གིས་རམ་འདེགས་བྱས་པའི་བདག་རྐྱེན་ལ་བརྟེན་ནས་མགུར་དབྱངས་ཀྱི་བོན་སྒྲ་འདི་ཕབ་ལེན་ཡོངས་སུ་གྲུབ་ཐུབ་པར་བྱུང་བ་ལགས།  བོན་འདི་ནི་ཉན་འདོད་ཅན་དང་ཐོས་འདོད་ཅན་གྱི་རིགས་ལ་དགེ་བའི་ས་བོན་རེ་དང་།  ངག་ཏུ་སྐྱོར་ནས་དབྱངས་སུ་གྱེར་བའི་བསྐུལ་མ་རེ་དང་།   བོན་གྱི་སྦྱིན་པ་རེ་ཨེ་ཡོང་བསམ་པ་ལས་གཞན་གྱི་དམིགས་འདུན་གང་ཡང་མེད་ཕྱིར། སྒྲ་ཕབ་འདི་ཀུན་ལ་ཕན་ཐོགས་ཀྱི་བསམ་པས་གཞན་ལ་བརྒྱུད་བསྐུར་བྱེད་པ་ལས་ཚོང་ལས་ཀྱི་རྣམ་པར་བསྒྱུར་ཏེ་སུས་ཀྱང་སྤེལ་མི་རུང་ཞེས་ནན་གྱིས་ཞུ་བ་ལགས། ཁྱད་པར་སྒྲ་འདི་ཉན་པ་པོ་ཡོངས་ཀྱིས་ཀུན་སློང་གཙང་མས་བརྒྱུད་བསྐུར་གང་མང་གནང་བ་ནི་བསྟན་འགྲོའི་གསོས་སུ་འགྱུར་བའི་དགེ་བསྐུལ་ཡང་དག་ཅིག་ཡིན་པ་སྨོས་མ་དགོས་པས་ན་ཀུན་གྱི་ཐུགས་ལ་འཇགས་འཚལ།














རྒྱུད་དྲུག་པི་ཝང་གིས་རམ་འདེགས་པ། 

ཤང་ཐང་དཔལ་དགའ།



བློ་བཟང་བཀྲ་ཤིས་ཀྱིས་

ཁྱེད་ཉིད་ཕེབས་པར་དགའ་བསུ་ཞུ།

长按二维码
关注我们吧



བརྡ་འཕྲིན་གྱི་དུས་རབས་འདིར་བརྡ་འཕྲིན་བཀོལ་ནས་སློབ་སྦྱོང་བྱེད་ཆོག 

ནང་དོན་ཡག་པོ་འདུག་ན་འོག་གི་ 在看ཞེས་པ་གནོན།







洛桑扎西
དུས་རབས་ཀྱི་རྗེས་སུ་སྙེག་སྟེ་མི་ཚེའི་རིན་ཐང་འཚོལ་བ་ནི་མི་ལུས་ཐོབ་པའི་འོས་འགན་ཡིན་ནོ།།
 最新文章