སྟེང་ཆེན་གྱི་ས་གནས་དེ་གའི་ནོར་ལུག་ཤའི་འཛད་སྤྱོད་ཁ་གསབ་དོན་འདུག།

民生   2024-11-26 19:12   西藏  

ཁ་གསབ་དོན་




མང་ཚོགས་ཀྱིས་གསོད་རྒྱུར་ཕངས་བ་དང་བཙོང་རྒྱུ་ཕངས་བའི་འདུ་ཤེས་ལ་བསྒྱུར་བཀོད་དང་། རྒྱུན་མཐུད་ངང་མང་ཚོགས་ཀྱིས་བཤས་གཏོང་སྐབས་རིན་གོང་ཆེས་བཟང་བ་དང་།  རྫོང་དེ་ཡོངས་ཀྱི་ཞིང་གསུམ་ལས་དོན་ལ་རོགས་སྐྱོར་བྱེད་པའི་སྟོབས་ཤུགས་ཆེ་རུ་བཏང་སྟེ ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་ངང་མང་དུ་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་དོན་ཚན་བཅུ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་གིས་ཞིང་འབྲོག་པར་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་རོགས་བྱས་ཏེ་ཞིང་འབྲོག་པའི་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཏན་ཏིག་ངང་མང་དུ་གཏོང་དགོས། རྫོང་ཞིང་ལས་དང་གྲོང་གསེབ་ཅུས་དང་ཚན་རིག་ལག་རྩལ་ཅུས། ཚོང་དོན་ཅུས་ཀྱིས་མཉམ་འབྲེལ་ཐོག་ལག་གདང་སྦྲེལ་ནས་ཞིང་པར་འབབ་འཕར་ཡོང་བར་རོགས་རམ་བྱེད་པའི་བྱེད་སྒོ་དང་དགུན་དུས་ཀྱི་ཕྱུགས་རིགས་བཤས་ར་བཏང་ནས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་སྒོ༢༠༢༤ལོའི་ཟླ ༡༡ པའི་ཚེས ༢༧ ཉིན་བདེ་ཁང་སྨན་ཁང་གི་སྒོ་རའི་ནང་སྤེལ་རྒྱུ་ཡིན། བྱེད་སྒོའི་སྐོར་གྱི་བརྡ་ཐོ་གཤམ་གསལ།

དང་པོ། གཙོ་གཉེར་ཚན་པ་དང་ལག་བསྟར་ཚན་།  གཙོ་གཉེར་ཚན་པ སྟེང་ཆེན་རྫོང་མི་དམངས་སྲིད་གཞུང་།

སྒྲུབ་འགན་འཁུར་མཁན་སྡེ་ཚན། སྟེང་ཆེན་རྫོང་ཞིང་ལས་དང་གྲོང་གསེབ་ཅུསདང་ཚན་རིག་ལག་རྩལ་ཅུས། སྟེང་ཆེན་རྫོང་ཚོང་དོན་ཅུས། རོགས་སྒྲུབ་ཚན་པ རྫོང་ནོར་སྲིད་ཅུས་དང་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས། རྫོང་འཕེལ་སྒྱུར་ཨུ་ལྷན། རྫོང་མ་དངུལ་སྐུལ་འདེད་ཅུས། རྫོང་དཔལ་འབྱོར་ཡིད་རྟོན་ཅུས། རྫོང་སྤྱི་ཁྱབ་བཟོ་ཚོགས་དང་ན་ཅིན་བོད་སྐྱོར་ལས་དོན་རུ་ཁག ང་དང་གྲོང་རྡལ་ཁག

གཉིས། བྱེད་སྒོའི་དུས་ཚོད།

༢༠༢༤ལོའི་ཟླ༡༡པའི་ཚེས ༢༧ ཉིན་ནས་ཁ་གསབ་མ་དངུལ་བེད་སྤྱོད་བྱས་ཚར་བར།

གསུམ། ཁ་གསབ་ཀྱི་ཚད་གཞི།

མི་སྒེར་གྱིསྟེང་ཆེན་གྱིས་ས་གནས་དེ་གའི་ནོར་ལུག་གི་ཤ་འཛད་སྤྱོད་སྒོར ༡༠༠༠བྱས་ན་སྒོར་༡༠༠བཅག་རྒྱུ་དང་།  སྒོར༢༠༠༠བྱས་ན་སྒོར་༢༠༠བཅག་རྒྱུ་།སྒོར༥༠༠༠བྱས་ན་སྒོར་༥༠༠བཅག་རྒྱུ་། སྒོར༡༠༠༠༠བྱས་ན་སྒོར་༡༠༠༠བཅག་རྒྱུ་བཅས་རིམ་པ་བཞིར་དབྱེ་ཡོད་། འཛད་སྤྱོད་པ་མི་རེ་རེར་ཁ་གསབ་དངུལ་ཐེངས ༡ལས་བྱེད་མི་ཆོག ཡིག་ཆའི་གཏན་འབེབ་ལས་འགལ་བ་དང་མཉམ་རུབ་ཀྱི་ཉོ་འཚོང་བྱས་མི་ཆོག། ལས་ཁུངས་དང་། ཁེ་ལས བྱ་ལས་ཚན་པ། དམག་དཔུང་། སློབ་གྲྭ་སོགས་ཟ་ཁང་གིས་ཚད་གཞི་འདི་གཞིར་བཟུང་ནས་ལག་བསྟར་བྱ་རྒྱུ་དང་། ཁེ་ལས་མཉམ་ལས་ཁང་གིས་ཐོན་སྐྱེད་ལས་སྣོན་ཐོན་རྫས་ལ་སྤྱོད་པའི་ནོར་ལུག་གི་ཤ་ཉོ་སྒྲུབ་བྱེད་པར་ཁ་གསབ་རོགས་དངུལ་བེད་སྤྱོད་རྒྱུ་མེད་

བཞི། ཁ་གསབ་མ་དངུལ།

གྲོང་ཁྱེར་ཡོངས་ཀྱིས་འཛད་སྤྱོད་ཁ་གསབ་མ་དངུལ་སྒོར་ཁྲི༥༠༠བཏང་ནས་རྫོང་དེ་ཡོངས་ལ་ས་གནས་དེ་གའི་ནོར་ལུག་གི་ཤ་ཉོ་བའི་འཛད་སྤྱོད་པར་ཁ་ཕྱོགས་པ།

ལྔ། ཁ་གསབ་བྱེད་སྟངས།

འཛད་སྤྱོད་པས་གནས་གཏན་འཁེལ་གྱི་ཕྱིར་ཚོང་ས་ཚིགས་སྟེང་ཆེན་རྫོང་ཆོས་རྒྱལ་ཚང་ཞིང་པའི་ཆེད་ལས་མཉམ་ལས་ཁང་ས་ས་གནས་དེ་གའི་ནོར་ལུག་གི་ཤ་ཉོས་རྗེས། ཚོང་ཁང་དུ་འཛད་སྤྱོད་བྱེད་པར་སླེབས་རྗེས་འཕྲིན་ཕྲན་ནས་ལམ་སེང་རོགས་དངུལ་སྤྲོད་པའི་རྣམ་པའི་ཐོག་ནས་འཛད་སྤྱོད་ཁ་གསབ་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ།



编辑:强巴欧珠

终审:卓      嘎

琼布眼
琼布眼,做有思想、有温度、有品质的新闻
 最新文章