ནང་དོན་ངོ་སྤྲོད།
དགེ་རྩ་བསྔོ་ཚུལ།
སེར་བྱེས་ལྷོ་བ་འདུལ་འཛིན།
༢ གལ་ཏེ་དཀའ་རྙོག་ཅིག་འཕྲད་དུས། དེ་སེལ་ཐབས་ཡོད་མེད་བལྟས་ནས། སེལ་ཐབས་ཤིག་འདུག་ན། སེམས་མི་བདེ་བ་བྱ་དགོས་དོན་ཡོད་མ་རེད། གལ་ཏེ་སེལ་ཐབས་མི་འདུག་ན། སེམས་མི་བདེ་བ་བྱས་ནའང་ཕན་ཐོགས་ཡོད་མ་རེད། རྒྱ་གར་གྱི་སློབ་དཔོན་ཞི་བ་ལྷས། "།གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་བྱ་ཅི་དགོས། གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན།" ཞེས་གསུངས་འདུག བྲག་གུབ་སྐྱབས་མགོན་བློ་ལྡན་ཤེས་རབ་ཀྱིས།
ཤེས་རིག་གི་ཚ་རླབས་འཁྱིལ་བའི་དུས་རབས་ཉེར་ཅིག་པའི་དཀྱོགས་མཚམས་སུ། ཟླ་མིང་ཅན་གྱིས་བསྐྲུན་པའི་巜དགེ་ཚུལ་ཆུང་ཆུང་》ཞེས་པའི་འཕྲིན་སྟེགས་འདི་ཐོག་མཁྱེན་དཔྱོད་ཀྱི་བློ་སྒོ་ཡངས་ཞིང་བྱམས་བརྩེའི་དྲི་བཟང་ཤ་རུས་ལ་འཐིམ་པའི་སྐྱེས་ཆེན་རྣམས་ཀྱི་བཀའ་སློབ་དང་དཔེ་ཁྲིད། ཚོར་འདུ་དབྱངས་གསལ་ལ་བསྡེབས་པའི་སྙན་ངག་རྣམས་ཀྱི་སྙུག་རྩེར་འཐོན་པའི་བརྩམས་ཆོས། ངག་རིགས་ཀྱི་སྒྱུ་རྩལ་མ་ཡལ་བའི་མགྲིན་པའི་དབྱངས་ཀྱི་རྩ་མདུད་གྲོལ་བའི་གཞས་པ་གཞས་མ་སོགས་ཀྱི་གླུ་གཞས་སོགས་སྤེལ་བཞིན་ཡོད། འདི་ནི་ཤེས་རིག་ལྡིངས་ཆ་ཞིག་དང་། གནའ་དེང་གི་གོམ་འགྲོས་མཐོང་བའི་སྤྱན་ཤེལ་དྭངས་མ་ཞིག་ཡིན་པས་ཀུན་གྱིས་དོ་ཁུར་དང་བརྒྱུད་བསྐུར་གནང་རོགས། ཐུགས་རྗེ་ཆེ།