༧ ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་བློ་བཟང་དར་རྒྱས་དཔལ་བཟང་པོའི་ཞལ་གདམས།
ཐར་པ་དོན་གཉེར་ཐར་པར་བགྲོད་པའི་ལམ། །
གཞན་གྱི་དོན་གཉེར་བྱང་ཆུབ་དོན་གཉེར་བློ། །
ཏིང་འཛིན་གསུམ་དངདབེན་གསུམ་བདེན་པ་གཉིས། །
བདེན་གཉིས་ཟུང་འཇུག་སྤྱོད་པ་སྤྱི་དང་བཅས། །
ཤཱཀྱའི་རིང་ལུགས་ཚང་ལ་མ་ནོར་ལམ། །
བློ་བཟང་རྒྱལ་བའི་ཐུགས་ཀྱི་བཅུད་ཕྱུང་བའི། །
ལམ་བཟང་འདི་ལ་མན་ངག་ལྟར་སྣང་གི།
བསྲེ་སླད་མེད་པར་རྒྱལ་བའི་དགོངས་པ་བཞིན། །
སྒྲུབ་དང་བཤད་པས་མ་རྣམས་སྒྲོལ་བར་ཤོག།
ང་དང་ཁྱེད་ལ་མཁོ་བའི་ཆོས་ཀྱི་སྒྲ་དབྱངས།