གཞས་ཚིག ___ཟླ་ཚེས།
དབྱངས___ཤེར་བསྟན།
གཞས་པ། ( བློ་བཟང་ཤེས་རབ། )
རང་ཡུལ་གངས་རི་ཡི་ལྗོངས་ལ།།
སྐྱེས་པའི་བློ་གསལ་གྱི་ཚོགས་རྣམས།།
མ་འོངས་མདུན་ལམ་ལ་བསམ་ནས།།
ཤེས་རིག་སྦྱང་རྒྱུ་དེ་མ་བརྗེད།།
བོད་ཡུལ་ཆོལ་གསུམ་གྱི་ཞིང་ལ།།
གནས་པའི་གངས་ཕྲུག་གི་ཚོགས་རྣམས།།
རིགས་དང་རུས་པ་ལ་བསམ་ནས།།
བོད་ཡིག་འབྲི་རྒྱུ་དེ་མ་བརྗེད།།
མཛེས་པའི་ཆོས་ལྡན་གྱི་ཞིང་ལ།།
གནས་པའི་སྤུན་ཟླ་ཡི་ཚོགས་རྣམས།།
མ་འོངས་རྒྱུད་འཛིན་ལ་བསམ་ནས།།
མེས་པོའི་སྲོལ་བཟང་དེ་མ་བརྗེད།།