黑大威德心咒 · 恶意行怨魔,无疑皆摧毁

文摘   2024-12-08 23:19   云南  

=== 愿 诸 见 闻 者  •  速 疾 成 佛 道 ===





༄༅།།ཡ་མནྟ་ཀའི་སྒྲུབ་ཐབས།།

【 大 威 徳 修 法 】


ནོར་ལྷའི་གསོལ་བསྡུས་མི་ཕམ་པས་སོ།

全知麥彭仁波切  造

མཁན་བསོད་དར་རྒྱས་ཀྱིས་བསྒྱུར།

索 達 吉 堪 布  譯


སྐྱབས་སེམས་ཚད་མེད་སྔོན་བཏང་སྟེ།།
  首先皈依發心、四無量:


༈ སྐྱབས་སེམས།
【 皈 依 發 心 】


སངས་རྒྱས་ཆོས་དང་ཚོགས་མཆོག་ལ།།

桑吉秋當措巧拉    乃 至 菩 提 間

བྱང་ཆུབ་བར་དུ་སྐྱབས་སུ་མཆེ།།

向秋瓦德嘉森且    皈 依 佛 法 僧

རང་གཞན་དོན་ནི་རབ་སྒྲུབ་ཕྱིར།།

讓沿敦呢罖哲雪    為 廣 成 二 利

བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི།།

向秋森呢傑巴傑    發 起 菩 提 心


ལན་གསུམ།  唸 三 遍

༈ ཚད་མེད་བཞི།

【 四 無 量 心 】


སེམས་ཅན་བདེ་དང་ལྡན་གྱུར་ཅིག།

森堅得當丹傑結    願 眾 生 得 樂

སྡུག་བསྔལ་ཀུན་དང་བྲལ་བར་ཤོག།

德阿根當紮瓦效    遠 離 一 切 苦

བདེ་དང་རྟག་ཏུ་མི་འབྲལ་ཞིང།།

得當達德摩紮央    恒 常 不 離 樂

ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག།

秋根年涅多巴效    證 諸 法 等 性


༈ ལྷ་བསྐྱེད་ནི།
【 生 起 本 尊 】

ཨཱཿ


སྟོང་ཉིད་འོད་གསལ་ངང་ལས་སྐད་ཅིག་གིས།།
東涅奧薩昂雷嘎吉給    空性光明界中一剎那
རང་ཉིད་གཤིན་རྗེའི་གཤེད་པོ་སྐུ་མདོག་ནག།
讓涅辛吉協波格多納    自身觀成黑色大威德
ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་བེ་ཅོན་ཕྱར་གཡོན་ཐུགས་ཀར་སྡིགས་མཛུབ་ཅན།།
雅吉夏尼威炯德澤堅    一面二臂持棍期克印
ཁྲོ་ཚུལ་ཀུན་ལྡན་དུར་ཁྲོད་ཆས་རྣམས་རྫོགས།།
綽策根丹徳綽其南作    具諸怒相圓滿屍林裝
པད་ཉི་མ་ཧེར་ཞབས་གཉིས་དོར་སྟབས་འགྱིངས།།
巴涅瑪黑雅尼多達將    蓮日水牛之上傲然姿
ཞལ་ནས་དྲག་སྔགས་མེ་མཚོན་ཐོག་སེར་འཁྲུགས།།
雅內劄阿美村托色徹    口射猛咒火刃霹靂雹
གནོད་བྱེད་སྟོབས་འཕྲོག་ཚེ་བསོད་དྭངས་བཅུད་སྡུད།།
諾協多綽才所當傑德    奪害者力攝福壽精華
མེ་དཔུང་དབུས་བཞུགས་ཐུགས་ཀར་ཉི་སྟེང་ཧཱུྃ།།
美弘威耶特嘎涅當吽    住火焰中心間日上吽
སྔགས་ཕྲེང་འཁོར་བའི་འོད་ཟེར་སྤྲོ་བསྔུ་ཡིས།།
阿蒼擴沃奧瑞卓德意    咒串旋繞放光與收光
དགྲ་བགེགས་ཚར་བཅད་ཁྲོ་ཚོགས་ནུས་སྟོབས་ཀུན།།
劄嘎擦嘉綽措尼多根    降伏怨魔攝怒尊威力
བསྔུས་ནས་རང་ཐིམ་ཕྱོགས་ལས་རྣམ་རྒྱལ་ཞིང་།།
迪內讓特效雷南嘉央    融入自身克勝一切方
རྡོ་རྗེ་གསུམ་གི་དངོས་གྲུབ་ཐོབ་པར་གྱུར།།
多傑森傑歐哲托巴傑    獲得三門金剛之悉地


༈ བཟླ་བར་བྱ་བ་ནི།
【 持  咒 】

ཨོཾ་ཧྲཱིཿ ཥྚཱིཿ ཝི་ཀྲྀ་ཏཱ་ན་ན་སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ་སྟྭམྦྷ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ།

嗡 舍智 沃哲 達納納 薩瓦 夏中

納夏雅 東吧雅 吽吽 啪的 啪的 索哈


སྔགས་ཀྱི་ཕྲེང་བ་ཉེར་བཞི་པ།། མ་ཡེངས་ཏིང་འཛིན་ལྡན་པ་ཡིས།།

廿 四 珠 串 字    念 誦 百 遍 等

བརྒྱ་རྩ་ལ་སོགས་བགྲང་གྱུར་ན།། བསམ་སྦྱོར་ངན་པའི་དགྲ་དང་བགེགས།།

不 散 具 等 持    惡 意 行 怨 魔

ཐལ་བར་བརླག་འགྱུར་གདོན་མི་ཟ།།

無 疑 皆 摧 毀


བདག་ལ་བསམ་སྦྱོར་ངན་པ་ཡི།།

達拉三由安巴耶    於我惡劣意行者

སྡང་བའི་དགྲ་དང་གནོད་པའི་བགེགས།།

當韋劄當諾波嘎    怨敵及與害魔眾

ཡ་མཱནྟ་ཀའི་མཐུ་སྟོབས་ཀྱིས།།

雅曼達嘎特多吉    以大威德之威力

ཟིལ་གྱིས་ནོན་ཅིང་བརླག་གྱུར་ཅིག།

色吉諾將拉傑吉    悉皆壓伏並推毀


ཅེས་ཀྱང་བྱའོ། 又云:

རྨི་ལམ་དགྲ་བོ་བཀུག་དང་བརྡུང།། བསད་དང་བཅོམ་སོགས་རྟགས་མཚན་འབྱུང།།

夢 現 勾 擊 殺    摧 敵 等 驗 相


ཤིང་འབྲུག་ཟླ་༡༡་ཚེས་༦་རྒྱ་བྲག་ཏུ།། དྷཱི་ཡི་རིག་རྩལ་ཆོས་སྡེ་དགེ། འཆི་བདག་དགྲ་ལས་རྣམ་རྒྱལ་བའི།། དཔའ་བོ་ཆེན་པོའི་དྲག་སྔགས་ནི།། དགྲ་ཕུང་ནག་པོ་འདི་བསྒྲུབས་ན།། ཕྱོགས་ལས་རྣམ་རྒྱལ་ཨེ་མ་ཧོ།། ས་མ་ཡ་རྒྱ་རྒྱ། མངྒ་ལཾ།། །།  木龍年十一月初六,此乃德者(麥彭仁波切覺性妙力之法部,善哉!若此能修持,克勝死主敵,黑色大威德,戰勝諸十方。誒瑪吙!願增吉祥。


༈ མཆོད་པ་ནི།

【 供 養 】


ཆུ་གཙང་མེ་ཏོག་སྤོས་དང་སྣང་གསལ་དྲི།།

切章美多布當囊薩哲    凈水花香明燈與塗香

ཞལ་ཟས་རོལ་མོ་གཟུགས་སྒྲ་དྲི་རོ་རེག།

雅色若莫熱紮哲若瑞    神饈樂音色聲香味觸

ཕྱི་ནང་འདོད་ཡོན་བྱེ་བྲག་དཔག་མེད་རྣམས།།

謝囊多雲謝紮華美南    無量俱胝內外諸欲妙

འཇམ་དཔལ་ཁྲོ་བོ་འཁོར་དང་བཅས་ལ་འབུལ།།

蔣華綽沃闊當吉拉波    供養忿怒文殊及眷屬


ཨོཾ་བཛྲ་ཨརྒྷཾ་སོགས་ཤབྟ་རུ་པ་ཤབྟ་གྷནྡྷེ་རཱ་ས་སྤརྴེ་སརྦ་པུ་ཛ་ཨ་ཧཱུྃ།

嗡 班紮 阿剛 巴當 布貝 都貝 阿洛給 更爹 尼威爹

夏達 熱巴 夏達 甘得 罖薩 巴謝 薩瓦 波紮 啊 吽


༈ བསྟོད་པ་ནི།

【 贊 頌 】


ཆོས་དབྱིངས་ངང་ལས་ཁྲོ་བོའི་སྐུར་སྟོན་པ།།

秋央昂雷綽沃格東巴    法界中現忿怒身

ལྷ་ཡི་ལྷར་གྱུར་བཅོམ་ལྡན་གཤིན་རྗེ་གཤེད།།

拉耶拉傑炯丹辛傑謝    堪尊中尊大威德

བདུད་ཀྱི་བདུད་ཆེན་མ་རུང་འདུལ་བའི་ལྷ།།

德傑德欽瑪榮德瓦拉    降兇魔中大魔尊

ཁྲོ་རྒྱལ་ཀུན་གྱི་གཙོ་ལ་ཕྱག་འཚལ་བསྟོད།།

綽嘉根傑作拉香擦多    禮贊忿怒明王尊


༈ བསྔོ་སྨོན་ནི།

【 回 向 發 願 】


འདིར་ནི་རྒྱལ་བ་དགྲ་རྒྱལ་བདེན་གང་གིས།།

德呢嘉瓦紮嘉定剛給    於此如來勝敵尊

ཤིན་ཏུ་བདེན་པར་གསུངས་ཤིང་རྫུན་མེད་པ།།

辛得定巴松向增美巴    極其無欺諦實語

བདེན་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།

定巴迪將當德得拉效    願依諦實今吉祥

དེང་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག།

當根傑巴切雷塔傑久    解脫一切大怖畏


ཧོཿ


དགེ་བ་འདིས་མཚོན་དུས་གསུམ་ལེགས་བྱས་མཐུས།།

給瓦迪村迪森拉西替    願此為主三時善

མཁའ་ཁྱབ་འགྲོ་བའི་དོན་དུ་བདག་ཉིད་ཀྱིས།།

卡恰卓威敦德達涅吉    為利普天之眾生

རིག་སྟོང་གདོད་མའི་མགོན་པོ་འཇམ་པའི་དབྱངས།།

熱東多美貢波蔣比央    自見覺空初怙主

རང་ཞལ་མཇལ་ནས་ཚེ་འདིར་བྱང་ཆུབ་ཤོག།

讓夏加內才德向卻效    文殊本面即生覺


༈ བཀྲ་ཤིས་བརྗོད་ནི།

【 吉 祥 頌 】


རྡོ་རྗེ་སློབ་དཔོན་ཞབས་བརྟན་བཞེད་པ་འགྲུབ།།

多傑洛魂雅丹耶巴哲    願金剛師久住心願成

དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བསྟན་པ་དར།།

根登得培夏哲丹巴達    僧眾增上講修佛教興

འཁོར་སློབ་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས།།

擴洛因達阿湯久瓦吉    弟眾施主財豐勢顯赫

བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།

丹巴因讓內波劄西效    佛法長久住世普吉祥


譯於2020年5月1日







  索达吉堪布《修心利刃轮释》:

在宁玛派的伏藏品中,大威德的大修法特别多,比较简单的是麦彭仁波切所造的“雅曼达嘎修法仪轨”,但要得到密法灌顶才能修持。在因缘成熟时,希望大家能通过大威德的修法,摧毁给修行带来各种违缘的魔众,以及自相续的我执。

大乘天 新号
每做吉祥事,常生欢喜心。
 最新文章