=== 愿 诸 见 闻 者 • 速 疾 成 佛 道 ===
༄༅།།འཇམ་དཔ་ལ་དམར་སེར་ལས་ཐམས་ཅད་གྲུབ་པའིརྒྱུན་ཁྱེར་སྙིང་པོ་ཤེས་རབ་ཡེ་ཤེས་ཞེས་བྱ་བ་བཞུགས་སོ།།
【紅黃文殊成就一切事業 · 常誦精要妙慧本智】
ནོར་ལྷའི་གསོལ་བསྡུས་མི་ཕམ་པས་སོ།
全知麥彭仁波切 造
༈ སྐྱབས་འགྲོ།།
【 皈 依 】
ནམ་མཁའི་གནས་སུ་ནམ་མཁའ་གང་བ་ཡི།།
南葵內色南跨剛瓦葉 遍滿虛空盡邊際
བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་།།
喇嘛葉丹寬珠措南當 上師本尊空行眾
སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ།།
桑吉秋當帕波根登拉 佛陀正法聖僧前
བདག་དང་འགྲོ་དྲུག་གུས་པས་སྐྱབས་སུ་མཆི།།
達當卓哲給貝嘉森且 我與六道敬皈依
ལན་གསུམ། 唸 三 遍
བདག་དང་མཐའ་ཡས་སེམས་ཅན་རྣམས།།
達當塔耶森堅南 我 與 無 邊 眾
ཡེ་ནས་སངས་རྒྱས་ཡིན་པ་ལ།།
耶內桑吉銀巴拉 本 是 正 等 覺
ཡིན་པར་ཤེས་པའི་བདག་ཉིད་དུ།།
銀巴希波達涅德 了 知 如 是 性
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།།
香且竅德森潔多 發 大 菩 提 心
ལན་གསུམ། 唸 三 遍
༈ ཡན་ལག་བདུན་པ།།
【 七 支 供 養 文 】
ཧོ༔
吙
རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔
多傑洛魂桑吉華 頂禮金剛阿阇黎
དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ༔
迪森猶拉香擦洛 三時住世具德佛
མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔
竅森定波樣傑拉 所依福田三寶前
གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔
尼美葉傑嘉森且 以無二心而皈依
དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔
烏較葉基南哲波 真實受用意幻化
དག་པའི་མཆོད་པ་བཞེས་སུ་གསོལ༔
達波竅巴義色所 清凈供養請享用
དངོས་གྲུབ་ཆུ་བོ་གཅོད་པའི་གེགས༔
烏哲且臥皎波嘎 阻斷成就河流障
ཉེས་བྱས་མ་ལུས་བཤགས་པར་བགྱི༔
尼虛瑪利夏巴傑 一切惡作皆懺悔
ཕྱོགས་བཅུར་འཁོར་གསུམ་དག་པའི་ཆོས༔
效借括森達波秋 十方三輪清凈法
མ་ཆགས་སྤྱོད་ལ་རྗེས་ཡི་རང༔
瑪恰效拉吉葉讓 無貪享用皆隨喜
དག་པ་མཐའ་བཞི་དྲི་མ་མེད༔
達巴塔耶哲瑪美 清凈四邊無垢染
རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ༔
作波香且森潔多 發起圓滿菩提心
བདེ་གཤེགས་དབང་ཕྱུག་སེམས་ཅན་ལ༔
得夏旺秀森堅拉 善逝自在眾生前
དགོས་པ་གསུམ་ཕྱིར་ལུས་འབུལ་ལོ༔
故巴森穴利缽洛 為三必要而供身
ཚེ་རབས་བགྲང་བའི་ལས་རྣམས་ཀུན༔
才囸章沃類南根 累世所集諸善業
བསྡུས་དེ་བྱང་ཆུབ་ཆེན་པོར་བསྔོ༔
迪得香且欽波噢 總攝回向大菩提
ཆོས་ཀུན་འོད་གསལ་ཀ་ནས་དག་པའི་ངང་།།
秋根奧薩嘎內達波昂 明觀諸法光明本凈中
ལྷུན་གྲུབ་ཀུན་སྣང་སྙིང་རྗེ་ཆེན་པོའི་གདངས།།
楞哲根囊釀傑欽布當 任運自成普現大悲相
དྷཱིཿ ཡིག་དམར་སེར་འོད་ཀྱི་ཕུང་པོར་ཤར།།
德耶瑪色奧傑彭波夏 起現紅黃德字之光蘊
འོད་འཕྲོས་འཕགས་མཆོད་འགྲོ་བའི་སྒྲིབ་གཉིས་སྦྱངས།།
奧觸帕竅卓沃哲尼樣 放光供聖凈眾之二障
སྣོད་བཅུད་རྣམ་དག་དཀྱིལ་འཁོར་ཆེན་པོར་སད།།
諾借南達金括欽波薩 器情覺醒為大凈壇城
ཚུར་འདུས་ཡོངས་གྱུར་བདག་ཉིད་སྐད་ཅིག་གིས།།
策迪永傑達涅嘎結給 回攝自身剎那舉體變
འཇམ་དཔལ་རྡོ་རྗེ་ཞལ་གཅིག་ཕྱག་བཞི་པ།།
蔣華多傑壓結夏耶巴 一面四臂文殊金剛尊
གུར་གུམ་མདངས་ཅན་མཚན་དཔེའི་ལང་ཚོ་རྒྱས།།
各庚當堅燦必朗措吉 藏紅花色相好韶華豐
གཡས་ཀྱི་དང་པོས་ཤེས་རབ་རལ་གྲི་འཕྱར།།
宜傑當布希囸囸哲夏 右上手揮智慧之寶劍
གཡོན་གྱི་དང་པོས་ཨུཏྤལ་བཞད་པའི་སྟེང་།།
運傑當布額巴壓波當 左上手持綻放青蓮上
ཤེས་རབ་ཕར་ཕྱིན་གླེགས་བམ་ལྡན་པ་བསྣམས།།
希囸帕辛拉萬丹巴南 所承般若波羅蜜經函
འོག་མ་གཉིས་ཀྱིས་ཐབས་ཤེས་མདའ་གཞུ་འཛིན།།
奧瑪尼基塔希達夜怎 下二手持方便智弓箭
དར་དང་རིན་ཆེན་མེ་ཏོག་རྒྱན་གྱིས་སྤྲས།།
達當仁欽美朵堅基這 綾羅珍寶鮮花而為飾
སྣ་ཚོགས་འོད་ཟེར་མུ་མཐའ་མེད་པར་འཕྲོ།།
納措奧熱麽塔美巴綽 放射無邊種種之光芒
ཏིལ་གྱི་གོང་བུ་ཕྱེ་བ་ལྟ་བུ་ཡི།།
德傑恭沃學瓦達沃葉 猶如芝麻莢開相狀之
རབ་འབྱམས་རྩ་གསུམ་རྒྱལ་བའི་ཚོགས་དབུས་ན།།
冉絳匝森嘉沃措威納 浩瀚佛三根本眾中央
མཛེས་པའི་ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས།།
賊波壓尼多傑傑仲給 妍妙二足金剛跏趺式
འདབ་སྟོང་ཆུ་སྐྱེས་བཞད་པའི་གེ་སར་དབུས།།
達東且基壓波給薩威 盛開千瓣蓮花之蕊心
དྲི་མེད་ཟླ་བ་རྒྱས་པའི་གདན་ལ་རོལ།།
哲美達瓦吉波丹拉若 無垢滿月墊上自在住
སྐུ་ཡི་བ་སྤུའི་ཁུང་བུ་རེ་རེར་ཡང་།།
格葉瓦必孔沃熱熱揚 其身一一毛孔之中亦
མ་ལུས་ཞིང་གི་བཀོད་པ་སྟོན་མཛད་པའི།།
瑪利樣格果巴敦匝波 示現一切佛剎之莊嚴
སྣང་སྟོང་མཁའ་ཁྱབ་མཁའ་ཡི་རྡོ་རྗེའི་སྐུ།
囊東跨恰跨葉多吉格 現空遍空虛空金剛身
སྒྱུ་མ་ཆུ་ཟླ་འཇའ་ཡི་ཚུལ་བཞིན་གསལ།།
傑瑪且達加葉策銀薩 觀如幻化水月彩虹般
གདོད་ནས་དམ་ཚིག་ཡེ་ཤེས་གཉིས་སུ་མེད།།
多內丹策耶希尼色美 誓言尊與智尊本無二
༈ ཅེས་གསལ་བཏབ་ལ།།
【於如是明觀者作供贊】
ཧཱུྃ།
吽
དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ།།
烏色較當葉基南哲得 真實財物意幻化
ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས།།
根德讓波喇美竅陣基 無上普賢之供雲
མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ།།
跨央南達嘉欽永果得 遍布廣大凈空界
ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད།།
學囊桑沃竅巴江促竅 獻外內密如海供
ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གདྷེ་
ནཻ་་ཝི་དྱཱ་ཤཔྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཛ་ཏོ༔
嗡 啊雅 曼則西日 薩巴熱哇囸 班匝 阿崗
巴當 波貝 德貝 阿洛給 甘得 內沃得 夏達
瑪哈班雜 阿麽達 囸達巴朗達 瑪哈色卡波匝吙
༈ ཞེས་མཆོད་ཅིང་བསྟོད་པ་ནི།།
【 唸 誦 贊 頌 偈 】
ཨོཾ
嗡
རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད།།
多傑倫波德錒皎 銳利金剛斷痛苦
ཤེས་རབ་ཡེ་ཤེས་སྐུ་ཅན་ཏེ།།
希囸耶希格堅得 妙慧本智為身尊
ཡེ་ཤེས་སྐུ་ཅན་གསུང་དབང་ཕྱུག།
耶希格堅頌旺秀 智慧聖尊語自在
འགྲོ་བ་སྨིན་བྱེད་ཁྱོད་ལ་འདུད།།
卓瓦門學竅拉德 敬禮成熟眾生您
༈ དེ་ནས་བཟླས་པ་ནི།
爾 後 接 誦
ཐུགས་ཀར་པདྨ་དཀར་པོའི་དབུས།།
特嘎巴瑪嘎布威 心間白蓮之中央
དྲི་མེད་ཟླ་བའི་དཀྱིལ་འཁོར་སྟེང་།།
哲美達沃金括當 無垢皎月輪面上
དྷཱིཿ ཡིག་དམར་སེར་ལམ་མེ་བ།།
德耶瑪色藍美瓦 紅黃德字光燦燦
དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར།།
得塔錒傑創威果 周匝咒鬘而環繞
འོད་འཕྲོས་འཁོར་འདས་སྣང་སྲིད་ཀུན།།
奧觸括迪囊哲根 放光輪涅諸現有
རང་བྱུང་སྔགས་ཀྱི་སྒྲ་གདངས་སུ།།
讓雄錒傑劄當色 自然密咒聲調中
ཡོམ་ཡོམ་ཤིག་ཤིག་ཉིད་དུ་ཤར།།
永永謝謝涅德夏 現為晃晃悠悠相
སྐུ་གསུང་ཐུགས་གསུམ་མི་ཕྱེད་པ།།
格頌特森麽學巴 覺醒身語意無別
རང་བྱུང་ཡེ་ཤེས་འཁོར་ལོར་སད།།
讓雄耶希括洛薩 自然本智壇城輪
འཇམ་དཔལ་རྡོ་རྗེ་གྲུབ་པར་གྱུར།།
蔣華多傑哲巴傑 成就文殊金剛尊
ༀ་ཨ་ར་པ་ཙ་ན་དྷཱིཿ
嗡 阿 囸 巴 匝 纳 谛
ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲིཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ། 嗡 班扎薩埵 薩瑪雅 瑪努巴拉雅 班扎薩埵低諾巴 底叉知卓美巴哇 蘇埵卡約美巴哇 蘇波卡約美巴哇 阿努惹埵美巴哇 薩哇悉地美扎雅嚓 薩哇嘎瑪速匝美 積當希里央 咕嚕吽 哈哈哈哈吙 巴嘎溫 薩哇 達他嘎達 班扎瑪美穆雜 班扎巴哇 瑪哈薩嘛雅 薩埵阿
༈ རྟེན་འབྲེལ་སྙིང་པོ།།
【 緣 起 咒 】
ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ། ཧེ་དུནྟེ་ཥཱནྟཱ་ཐཱ་ག་ཏོ་ཧྱ་བ་དཏ།
ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཡེ་སྭཱ་ཧཱ།།
ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གདྷེ་
ནཻ་་ཝི་དྱཱ་ཤཔྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་པཱུ་ཛ་ཏོ༔
嗡 啊雅 曼則西日 薩巴熱哇囸 班匝 阿崗
巴當 波貝 德貝 阿洛給 甘得 內沃得 夏達
瑪哈班雜 阿麽達 囸達巴朗達 瑪哈色卡波匝吙
༈ ཞེས་མཆོད་ཅིང་བསྟོད་པ་ནི།།
【 唸 誦 贊 頌 偈 】
ཨོཾ
嗡
རྡོ་རྗེ་རྣོན་པོ་སྡུག་བསྔལ་གཅོད།།
多傑倫波德錒皎 銳利金剛斷痛苦
ཤེས་རབ་ཡེ་ཤེས་སྐུ་ཅན་ཏེ།།
希囸耶希格堅得 妙慧本智為身尊
ཡེ་ཤེས་སྐུ་ཅན་གསུང་དབང་ཕྱུག།
耶希格堅頌旺秀 智慧聖尊語自在
འགྲོ་བ་སྨིན་བྱེད་ཁྱོད་ལ་འདུད།།
卓瓦門學竅拉德 敬禮成熟眾生您
འཇིགས་པ་བརྒྱད་སྐྱོབ་ཞི་བའི་དངོས་གྲུབ་སྩོལ།།
結巴嘉交耶沃烏哲作 賜救八難息業之悉地
འབྱོར་བ་དྲུག་ལྡན་རྒྱས་པའི་དངོས་གྲུབ་སྩོལ།།
較瓦哲丹吉波烏哲作 賜六圓滿增業之悉地
མོས་པ་རྣམ་བཞི་དབང་གི་དངོས་གྲུབ་སྩོལ།།
木巴南耶旺格烏哲作 賜四敬信懷業之悉地
དགྲ་བགེགས་ཚར་གཅོད་དྲག་པོའི་དངོས་གྲུབ་སྩོལ།།
劄嘎擦皎劄布烏哲作 賜伏敵魔誅業之悉地
ལས་བཞི་ལྷུན་བྱིས་གྲུབ་པའི་དངོས་གྲུབ་སྩོལ།།
類耶楞基哲波烏哲作 賜四事業自成之悉地
མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ།།
竅當騰蒙尼傑烏哲作 祈賜殊勝共同二悉地
གུ་རུ་དེ་ཝ་ཌཱ་ཀི་ནི་ཀ་ཡ་སིདྡྷི་ཨོཾ། ཝཀྐ་སིདྡྷི་ཨཿ ཙིཏྟ་སིདྡྷི་ཧཱུྃཿ སརྦ་སིདྡྷི་ཧྲཱིཿ
格熱得哇劄格呢 嘎雅色德嗡
哇嘎色德阿 澤達色德吽 薩瓦色德舍
༈ བསྡུ་ལྡང་ནི།།
【 收 攝 與 凈 現 】
སྣོད་བཅུད་ལྷར་སྣང་གཉུག་མའི་དབྱིངས་སུ་ཐིམ།།
諾借拉囊涅麽央色騰 器情所現本尊融法界
སླར་ཡང་ཟུང་འཇུག་སྒྱུ་མའི་ལྷར་སྐུར་ལྡང་།།
拉揚榮借傑麽拉格蕩 復起雙運幻化本尊身
བདེ་གཤེགས་སྲས་བཅས་ཀུན་གྱི་ཐུགས་བསྐྱེད་དང་།།
得夏這吉根傑特潔當 諸佛菩薩之發心
མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ།།
匝巴門藍欽賊尼波策 智悲力願事業相
བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ།།
喇美耶希傑徹結劄瓦 無上智慧所幻化
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
得劄括納達所傑瓦效 唯願我等成如是
དགེ་བ་འདི་ཡིས་སྐྱེ་བོ་ཀུན།།
給瓦 德意 傑沃根 以此善根願諸眾
བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ།།
索南 耶西 促薩代 積累福慧二資糧
བསོད་ནམས་ཡེ་ཤེས་ལས་བྱང་བ།།
索南 耶西 利雄瓦 福德智慧中出生
དམ་པ་སྐུ་གཉིས་ཐོབ་པར་ཤོག།
當巴 尼呢 托巴效 二種堅固願獲得
བདག་ནི་འདི་ནས་ཚེ་རབས་ཐམས་ཅད་དུ།།
達呢德內才囸檀嘉德 我願今起生生世世代
བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་།།
喇嘛拉波拉義吉色松 上師殊勝本尊以攝受
བསླབ་གསུམ་ཡོན་ཏན་རྒྱ་མཚོའི་གཏེར་ལ་དབང་།།
拉森雲丹嘉促得拉旺 三學功德海藏能自在
བསྟན་འགྲོའི་དོན་ཆེན་འབད་མེད་འགྲུབ་པར་ཤོག།
丹珠敦欽巴美哲巴效 易成弘法度眾廣大義
༈ བཀྲ་ཤིས་ནི་མེ་ཏོག་འཐོར་ལ།།
【 頌 吉 祥 】
རྡོ་རྗེ་སློབ་དཔོན་ཞབས་བརྟན་བཞེད་པ་འགྲུབ།།
多傑洛混雅丹耶巴哲 金剛上師住世所願成
དགེ་འདུན་སྡེ་འཕེལ་བཤད་སྒྲུབ་བསྟན་པ་དར།།
給敦得培夏哲丹巴達 僧眾講修增上教法盛
འཁོར་སློབ་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས།།
括洛因達阿堂玖瓦吉 眷屬信施財富皆圓滿
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།
丹巴因讓內波劄西效 教法常久住世願吉祥
ཅེས་སོགས་མཐའ་རྒྱས་སུ་བྱའོ།། 以此等為後行