གཟིགས་དང་། མི་འགྱངས་བར་གཞུང་ལམ་འདིར་གློག་ཆས་བསྒར་རྒྱུ་རེད།

文摘   2025-01-31 08:10   西藏  

གྲ་ནང་སྤྱི་བདེའི་སྐད་འཕྲིན་སྤྱི་སྟེགས་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་དང་མང་ཚོགས་ཀྱི་ཚེ་སྲོག་ལ་འགན་ལེན་བྱ་ཆེད། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས༽དང་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག༽སོགས་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་གཞིར་བཟུང་། གྲ་ནང་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ལྷ་ས་ནས་རྩེད་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་S5ཧྲིལ་པོར་མྱུར་ཚད་གློག་ཆས་བསྒར་རྒྱུ་རེད། གཤམ་ལ་གནས་ཚུལ་སྤྱི་བསྒྲགས་བྱ་རྒྱུ།


གཅིག གློག་ཆས་བསྒར་པའི་དུས་ཚོད།

  ༢༠༢༥ལོར་ཟླ་༢པའི་ཚེས་༡༠ཉིན་ནས་བསྒར་རྒྱུ་རེད།

གཉིས་པ། པར་ལེན་པའི་དུས་ཚོད།

     དུས་ཚོད་༢༤རིང་རང་འགུལ་ངང་པར་ལེན་ངེས།

གསུམ་པ། མྱུར་ཚད་འཇལ་བའི་ལམ་དུམ།

   གྲ་ནང་ཁོངས་གཏོགས་སུ་ཡོད་པའི་ལྷ་ས་ནས་རྩེད་ཐང་བར་གྱི་S5གཞུང་ལམ་ཧྲིལ་པོ་ཡིན།

བཞི་པ། མྱུར་ཚད་ཚོད་འཛིན་ཚད་གཞི།

   གཞུང་ལམ་གྱི་དངོས་ཡོད་གནས་ཚུལ་དང་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལམ་དུམ་དེའི་བར་གྱི་མྱུར་ཚད་ཚོད་འཛིན་ཚད་གཞི་ནི་ཆུ་ཚོད་རེ་སྤྱི་ལེ་༨༠ལས་བརྒལ་མི་ཆོག་པས།  ཁ་ལོ་བ་རྣམས་ཀྱིས་ཡིད་འཇགས་གནང་རོགས།

ལྔ། ཆད་པ་གཅོད་ཐབས།

   མྱུར་ཚད་འཇལ་དུས་འཕྲུལ་སྒུལ་འཁོར་རིགས་མྱུར་ཚད་ལས་བརྒལ་ནས་གཏོང་བ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཡོད་ཚེ། གྲ་ནང་རྫོང་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས༽དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅད་རྒྱུ་རེད། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་བཏང་ཚེ། རང་ཉིད་དང་ཁ་ལོ་བ་གཞན་གྱི་བདེ་འཇགས་དང་། ཚེ་སྲོག རྒྱུ་ནོར་སོགས་ལ་འཇིགས་སྣང་ཚབས་ཆེན་བཟོ་སྲིད་པས། ཁ་ལོ་བ་རྣམས་ཀྱི་ཡིན་གཅིག་ཁྲིམས་ལྟར་བརྩི་སྲུང་བྱ་རྒྱུ་གལ་ཆེའོ།།

      ཁ་ལོ་བ་རྣམས་ཀྱི་ཕན་ཚུན་ལ་བརྒྱུད་བསྐུར་བྱ་རོགས། 

来源 |  扎囊公安

译文 | 阳光西藏

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章