西藏自治区总工会致全区各族职工的慰问信

政务   2025-01-27 19:44   西藏  

全区各族职工朋友们:

金蛇献瑞,岁序更新。值此春节、藏历新年来临之际,西藏自治区总工会向奋战在全区各条战线的广大职工朋友、劳模工匠、先进工作者以及广大工会干部,特别是在节日期间仍坚守岗位的劳动者们,致以最诚挚的问候和最美好的祝福!

刚刚过去的2024年,是意义非凡的一年,是中华人民共和国75周年华诞,是党的二十届三中全会胜利召开之年,是西藏自治区总工会成立60周年。这一年,你们在维护稳定的第一线彰显作为,在高质量发展的主战场奋勇争先,在乡村振兴的大舞台大显身手,在服务群众的最前沿建功立业,为西藏长治久安和高质量发展作出了突出贡献。在你们身上,体现了爱岗敬业、争创一流的职业操守,体现了艰苦奋斗、勇于创新的进取精神,体现了淡泊名利、甘于奉献的优秀品质,体现了勇于担当、拼搏实干的优良作风。

刚刚过去的2024年,全区各级工会在自治区党委和全国总工会的坚强领导下,始终把牢政治方向,强化职工思想政治引领,开展劳模工匠巡回宣讲、职工运动会、庆祝自治区总工会成立60周年等系列活动,团结动员各族职工听党话、感党恩、跟党走;始终聚焦“四件大事”聚力“四个创建”,制定实施职工“三交”方案,广泛深入开展劳动和技能竞赛活动,打造“职工生态林”品牌,实施以“守护国门”为主题的工会阵地建设,工会服务大局更加有为;始终坚持以职工为中心的工作导向,急职工所需、尽工会所能,着力办好工会民生实事,雪中送炭、传递温暖,不断提高职工群众的获得感、幸福感、安全感;始终坚持改革创新,突出党建引领,统筹推进工会受援工作,加强自身建设,不断增强工会组织的政治性、先进性、群众性。

走过不平凡的2024年,我们迎来充满希望的2025年。新的一年,是西藏自治区成立60周年和中华全国总工会成立100周年的大庆之年,是“十四五”规划的收官之年,自治区总工会将坚持以铸牢中华民族共同体意识、推进中华民族共同体建设作为主线,聚焦“四件大事”聚力“四个创建”,以推动“三交”方案落地落实为重点,依法履行维护职工合法权益,竭诚服务职工群众职责,持续深化工会改革建设,全面从严管会治会,深化工会受援工作,更好地发挥工会的桥梁纽带作用,团结带领全区各族职工为建设社会主义现代化新西藏作出新的更大贡献。

最后,自治区总工会衷心祝愿全区各族职工新春快乐、身体健康、工作顺利、阖家幸福、万事如意,扎西德勒!


                          西藏自治区总工会

                          2025年1月27日

བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་

ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོར་སྤྲིངས་པའི་འཚམས་འདྲིའི་ཡི་གེ།


ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོ་གྲོགས་པོ་རྣམ་པ། 

དུས་ཀྱི་ཆུ་མོ་བརྒལ་མཚམས་འདིར། གསེར་སྦྲུལ་ལོ་ཡི་བདེ་སྐྱིད་བསུ།  དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས་འདིར། བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ནས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་གི་ལས་གནས་ཐོག་དཀའ་སྤྱད་ལས་སྒྲུབ་གནང་མཁན་གྱི་རྒྱ་ཆེའི་ལས་བཟོ་མང་ཚོགས་དང། རིམ་ཁག་ངལ་རྩོལ་དཔེ་བཟང་བ། བོད་ལྗོངས་ལག་ཤེས་པ། སྔོན་ཐོན་ལས་དོན་པ། དེ་བཞིན་རྒྱ་ཆེའི་བཟོ་ཚོགས་ལས་བྱེད་པ། ལྷག་པར་དུ་དུས་ཆེན་སྐབས་སུ་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་མཁན་ངལ་རྩོལ་པ་བཅས་ལ་དུས་ཆེན་གྱི་འཚམས་དྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ།
འདས་ཟིན་པའི་2024ལོ་ནི་དོན་སྙིང་ཐུན་མོང་མ་ཡིན་པའི་ལོ་ཞིག་རེད། ལོ་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལོ་ངོ་75འཁོར་བའི་འཁྲུངས་སྐར་དང། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པའི་ལོ་ཞིག ད་དུང་བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་རེད། ལོ་འདིར་ཁྱེད་རྣམ་པས་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོའི་ཐོག་བྱས་རྗེས་མངོན་གསལ་དོད་པོ་བཞག་ནས་སྤུས་ཚད་མཐོ་བའི་ལམ་ཆེན་ཐོག་ཏུ་བསྐྱོད་པ་དང་། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་གཡུལ་སར་ནུས་པ་མངོན་གསལ་དོད་པོ་གཏོན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་མདུན་གྲལ་དུ་བྱས་རྗེས་འབུར་ཐོན་བཞག་པ་རེད། ཁྱེད་རྣམ་པའི་ལུས་སྟེང་དུ་ལས་གནས་དགའ་བཀུར་དང་རྩེ་གྲ་བརྩོན་ལེན་གྱི་ཀུན་སྤྱོད་བཟང་པོ་མཚོན་ཐུབ་པ་མ་ཟད། དཀའ་སྤྱད་འབད་བརྩོན་དང་གསར་གཏོད་བྱེད་ཕོད་པའི་ཡར་བརྩོན་གྱི་སྙིང་སྟོབས། ད་དུང་ཁེ་དྲགས་མི་གཉེར་དང་ལེགས་སྐྱེས་འབུལ་འདོད་པའི་ཕུལ་བྱུང་གི་གཤིས་བཟང་། འགན་འཁྲི་ཁུར་ཕོད་པ་དང་དངོས་ཐོག་འབད་འབུངས་གྱི་སྤྱོད་ཚུལ་བཟང་པོ་མངོན་ཡོད། 
འདས་ཟིན་པའི་2024ལོར་ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ལྗོངས་ཏང་ཨུད་དང་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྲ་བརྟན་འགོ་ཁྲིད་འོག ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་བྱས་ཏེ་ལས་བཟོ་པའི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད། ངལ་རྩོལ་དཔེ་བཟང་བ་དང་ལག་ཤེས་པའི་སྐོར་སྐྱོད་དྲིལ་བསྒྲགས་དང་ལས་བཟོ་པའི་ལུས་རྩལ་འགྲན་ཚོགས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མི་རིགས་ཁག་གི་ལས་བཟོ་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ།  ཏང་གི་རྗེས་སུ་འབྲང་བ།  ཐོག་མཐའ་བར་གསུམ་དུ་“དོན་ཆེན་བཞི་”དང་“འཛུགས་གཏོད་བཞིར་”སྟོབས་ཤུགས་གཅིག་བསྡུས་བྱེད་བཞིན་ཡོད་པ་དང་ལས་བཟོ་པའི་“སྤེལ་རེས་གསུམ་”གྱི་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱས་ཏེ། ངལ་རྩོལ་དང་རྩལ་ནུས་འགྲན་བསྡུར་བྱེད་སྒོ་གཏིང་ཟབ་སྤེལ་ནས། “ལས་བཟོའི་སྐྱེ་ཁམས་ནགས་ཚལ་”དཔེ་རྟགས་གཏོད་པ་དང། “རྒྱལ་སྒོ་སྲུང་སྐྱོང་”གི་བརྗོད་བྱ་གཙོ་བོའི་ཇུས་གཞི་ལག་བསྟར་བྱས་ཡོད།  བཟོ་ཚོགས་ཀྱི་གཡུལ་ས་འཛུགས་སྐྲུན་བྱས་ཏེ། བཟོ་ཚོགས་ཀྱིས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་སྔར་བས་ཕན་ཐོགས་པ་བྱུང་བ་རེད།  ཐོག་མཐའ་བར་གསུམ་དུ་ལས་བཟོ་ལྟེ་བར་འཛིན་པའི་ལས་ཀའི་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས།  བཟོ་ཚོགས་ཀྱི་ནུས་ཤུགས་གང་ཐུབ་ཀྱིས་ལས་བཟོའི་དགོས་མཁོ་སྐོང་བ་དང།  དམངས་འཚོའི་དོན་དག་དངོས་སྟེ་ཁ་ཚ་དགོས་གཏུགས་ཀྱི་དྲོ་སྐྱིད་བསྐྱལ་ཏེ།  རྒྱུན་ཆད་མེད་པར་ལས་བཟོ་མང་ཚོགས་ཀྱི་ཐོབ་སྣང་དང།  བདེ་སྣང་། བདེ་འཇགས་ཚོར་བ་གོང་མཐོར་བཏང་ཡོད།  ཐོག་མཐའ་བར་གསུམ་དུ་བསྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་དང།  ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འབུར་དུ་ཐོན་པ།  གཅིག་གྱུར་འཆར་འགོད་བྱེད་པ།  བཟོ་ཚོགས་ཀྱི་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་བ་དང། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱུན་ཆད་མེད་པར་བཟོ་ཚོགས་རྩ་འཛུགས་ཀྱི་ཆབ་སྲིད་རང་བཞིན་དང། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་གོང་མཐོར་བཏང་ཡོད། 
སྤྱིར་བཏང་མིན་པའི་2024ལོ་བརྒྱུད་རྗེས། ང་ཚོས་རེ་བས་ཁེངས་པའི་2025ལོ་ཚུར་ལ་བསུས། ལོ་གསར་པ་དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་རྟེན་འབྲེལ་ཟབ་རྒྱས་ཀྱི་ལོ་ཞིག་རེད། “ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་མཇུག་སྒྲིལ་པའི་ལོ་ཞིག་ཀྱང་རེད།  བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་བསྐྲུན་ལ་སྐུལ་འདེད་གཏོང་རྒྱུ་གཙོ་ཐིགས་ཏུ་བཟུང་ནས། “དོན་ཆེན་བཞིར་”དམིགས་པ་དང་“འཛུགས་གཏོད་བཞིར་”ནུས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་དང།  “སྤེལ་རེས་གསུམ་”གྱི་ཇུས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་འཛིན་ཏེ། ཁྲིམས་ལྟར་ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང། ལྷག་བསམ་རྣམ་དག་གིས་ཞབས་འདེགས་ཞུ་བའི་ལས་འགན་བསྒྲུབ་པ། བཟོ་པ་དང་མང་ཚོགས་ཀྱི་འགན་འཁྲི་རང་ཁུར་དང་། བཟོ་ཚོགས་ཀྱི་བསྒྱུར་བཅོས་འཛུགས་སྐྱོང་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ།  བཟོ་ཚོགས་རོགས་སྐྱོར་དང་ལེན་ནུས་པ་གཏིང་ཟབ་ཏུ་གཏོང་བ།  དེ་བས་བཟོ་ཚོགས་ཀྱི་ཟམ་པ་དང་འབྲེལ་ཐག་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་སྔར་ལས་ལྷག་པ་འཇོག་རྒྱུ་ཡིན།
མཇུག་ཏུ། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བཟོ་རྣམས་ལ་དཔྱིད་གསར་དུས་ཆེན་སྤྲོ་པོ་དང། སྐུ་གཟུགས་གསལ་ཐང་། ལས་དོན་ལེགས་གྲུབ། ཁྱིམ་ཚང་བདེ་སྐྱིད་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།  

 བོད་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས།

2025ལོའི་ཟླ་1ཚེས་27ཉིན།


                                           




影像林芝,精彩回顾


主编陈   昕

责编益西拉姆

编审聂吉敏、邓秀均

来源:高原劳动者

微林芝
林芝权威的互联网新媒体平台,整合资源、服务大众,引领林芝互联网资讯传播新风尚。
 最新文章