࿑ ལེགས་བཤད་དགའ་ཚལ་གླིང་གི་འཕྲིན་སྟེགས་ནི་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས། ཁ་འདོན་དང་དགེ་སྐུལ། འཚོ་བའི་རྒྱུན་ཤེས། གསར་འགྱུར། ཆོས་ཁྲིད་སོགས་བརྩམས་ཆོས་སྣ་མང་ཞིག་སྤེལ་བཞིན་ཡོད་པས་ཀློག་པ་པོ་ཡོངས་ཀྱིས་རྒྱབ་སྐྱོར་གྱི་ཚུལ་དུ་རང་གི་ཡིད་ལ་འཐད་པའི་བརྩམས་ཆོས་དག་གཞན་ལ་ངོ་སྤྲོད་དམ་བརྒྱུད་སྤེལ་རེ་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
བན་བོན་རྣམས་གྱི་འགྱུར་བ་ཡག་ཤོས་གསུམ་དང་སྡུག་ཤོས་གསུམ།
འགྱུར་བ་ཡག་ཤོས་གསུམ།
༡༽ གྲྭ་པ་རྣམས་ཀྱི་ནང་ན་གྲོང་ཆོག་འགྲོ་མཁན་ཇེ་ཉུང་དང་།
གྲྭ་ས་འགྲོ་མཁན་ཇེ་མང་།
༢༽ བསླབ་པ་ཉམས་ཀྱང་གྲྭ་པའི་སར་འདུག་མཁན་ཇེ་ཉུང་དང་།
ལམ་ཁ་གཞན་དུ་འགྲོ་མཁན་ཇེ་མང་།
༣༽ གྲྭ་པའི་ནང་ན་བོད་ཀྱི་རིག་གནས་ལ་བློ་ཁ་མ་ཕྱོགས་པ་ཇེ་ཉུང་དང་། རིག་གནས་ལ་སློབ་སྦྱོང་བྱེད་མཁན་ཇེ་མང་།
འགྱུར་བ་སྡུག་ཤོས་གསུམ།
༡ སྒྲུབ་པ་ཉམས་ལེན་བྱེད་མཁན་ཇེ་ཉུང་དང་ཐོས་པ་བྱེད་མཁན་ཇེ་མང་།
༢ ཆོས་གཙོ་བོ་བྱེད་མཁན་ཇེ་ཉུང་དང་ཆོས་བརྒྱད་སྒྲུབ་མཁན་ཇེ་མང་།
༣ རབ་སྔགས་ཀྱི་སྡོམ་དམ་ཚིག་མངོན་ལྐོག་མེད་པའི་སྒོ་ནས་སྲུང་མཁན་ཇེ་ཉུང་དང་། མངོན་ལྐོག་ཅི་རིགས་པར་བསླབ་སྡོམ་ཉམས་མཁན་ཇེ་མང་།
འདི་ནི་ད་ལྟའི་གྲྭ་བ་རྣམས་ཀྱི་ནང་ན་འདི་འདྲ་མང་ཉུང་གི་དོན་མ་ཡིན་པར་སྔོན་དུས་དང་བསྡུར་བའི་འགྱུར་བ་བཤད་པ་ཡིན་ལ། རང་གི་འདོད་ཕྱོགས་ཀྱི་སྐད་ཆ་མ་ཡིན་པར་དངོས་ཐོག་བདེན་འཚོལ་གྱི་འགྱུར་བ་བཤད་པ་ཡིན།
དེ་ཡང་བོད་ཀྱི་དགོན་སྡེ་མང་ཆེ་བའི་འགྱུར་བ་ཡིན་པས་རང་དགོན་གྱི་སྔོན་དང་ད་ལྟའི་གྲྭ་པ་རྣམས་ལ་ཐུགས་རྩེ་སྐོར་ཙམ་མཛོད་དང་ཤེས་སླ།
ཞེས་༢༠༢༤-༥-༡༡ ལ་རིག་འཛིན་དར་རྒྱས་ནས།