=== 愿 诸 见 闻 者 • 速 疾 成 佛 道 ===
༄༅།།མཆོད་སྤྲིན་མར་མེའི་སྨོན་ལམ་ཞིང་ཁམས་ཀུན་ཁྱབ་མ་བཞུགས་སོ།།
【燈明供雲祈願文 · 普照諸剎頌】
རིན་ཆེན་ལས་གྲུབ་སྣོད་ཆེན་ཡངས་པའི་གཞིར།།
仁欽類珠諾欽揚唄喜 大寶所成大器廣界盞
ཙནྡན་སྡོང་བུ་ལྷུན་པོ་ལྟར་བསྐྲུན་ནས།།
贊丹東布倫波達準內 旃檀燈芯製如須彌山
བཅུད་ལྡན་བསྲུབས་སྐྱེས་ལ་སོགས་རྒྱ་མཚོ་བཞིན།།
居丹蘇吉拉所絳措新 精華酥油充滿如海般
བཀང་བའི་སྣང་གསལ་སྟོང་གསུམ་ཁྱབ་པའི་ཚོགས།།
剛為囊薩東松洽唄措 光明總聚普照三千界
བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་།།
喇嘛意丹吉闊拉措當 上師本尊壇城天尊眾
སངས་རྒྱས་ཆོས་ཚོགས་སྐྱབས་ཡུལ་འཁོར་བཅས་ལ།།
桑吉確措嘉域闊吉拉 歸處佛陀法僧並眷眾
བསམ་སྦྱོར་དག་པའི་མཆོད་སྤྲིན་ཕུལ་བའི་དགེས།།
桑交達唄確真普為給 心行清淨供雲呈奉善
འགྲོ་བའི་མ་རིག་མུན་པ་སེལ་གྱུར་ཅིག།
卓為瑪日門巴塞句記 唯願盡除眾生無明闇
ཁྱད་པར་ནད་མུག་འཁྲུགས་རྩོད་ལ་སོགས་པའི།།
恰巴納木處作拉所唄 尤為病苦飢饉諍鬥等
སྙིགས་ལྔའི་མདངས་ཀྱིས་ཁྱབ་པའི་ཁོར་ཡུག་ཀུན།།
尼诶當吉恰唄闊域袞 五濁暗夜所遍諸域境
རིམ་གྱིས་གསལ་ནས་སེམས་ཅན་མ་ལུས་པ།།
仁吉薩內森見瑪綠巴 漸次悉明照已諸眾生
རྫོགས་ལྡན་གསར་པའི་དཔལ་ལ་སྤྱོད་པར་ཤོག།
佐丹薩唄白拉爵巴效 圓滿劫時祥樂得受用
མདོར་ན་རྒྱལ་པོ་གསེར་ལག་གིས་ཞུས་པའི།།
朵那嘉波賽拉給續唄 總如契經所出金臂王
མར་མེའི་སྨོན་ལམ་མདོ་ལས་བྱུང་བ་བཞིན།།
瑪美門藍朵類炯瓦新 祈呈燃燈深心發弘願
ཕྱོགས་བཅུའི་སངས་རྒྱས་མཆོད་ཡུལ་མ་ལུས་པ།།
巧居桑傑巧域瑪綠巴 十方諸佛應供盡無餘
ཡིད་ཀྱིས་མངོན་སུམ་དམིགས་ཏེ་མཆོད་པའི་སྤྲིན།།
意吉溫松彌黛巧唄真 以心現見緣念供養雲
འཁོར་གསུམ་དམིགས་པ་མེད་པས་རྒྱས་བཏབ་སྟེ།།
闊松彌巴美唄潔達黛 三輪無所緣住為印持
སྐྱེ་རྒུའི་བསམ་སྦྱོར་ངན་པ་ཀུན་སྦྱངས་ནས།།
傑軌桑爵岸巴袞江內 群生心行毒惡皆清淨
དོན་གཉིས་མཐར་ཕྱིན་སྤངས་རྟོགས་རྫོགས་པ་ཡི།།
敦匿塔欽邦多佐巴意 二利究竟斷證德圓滿
བླ་མེད་གོ་འཕང་མྱུར་དུ་ཐོབ་གྱུར་ཅིག།
喇美果旁繆讀托句記 無上果位皆願速得證