“བདེ་སྐྱིད་ལྡན་པའི་སྒེར་རྩེ།སྤྲོ་སྣང་ལྡན་པའི་འཚོ་བ་ལོངས་སུ་སྤྱོད”ཅེས་པའི་ས་མཐོའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
《བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག་པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》དང་། 2024ལོའི་ས་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་བཀོད་སྒྲིག་བྱས་པའི་བླང་བྱ། 2024ལོའི་རྫོང་ཨུད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་བྱེད་མང་ཚོགས་ཀྱི་དགུན་ཁའི་ཚགས་ཤ་དང་ལུག་ཤའི་དགོས་མཁོ་འགན་ལེན་དང་། རྫོང་གི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད། ཞིང་འབྲོག་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་བ་བཅས་བྱ་ཆེད། ད་ལྟ“བདེ་སྐྱིད་ལྡན་པའི་སྒེར་རྩེ། སྤྲོ་སྣང་ལྡན་པའི་འཚོ་བ་ལོངས་སུ་སྤྱོད”ཅེས་པའི་ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཡོངས་བསྒྲགས་བྱ་རྒྱུ་གཤམ་གསལ།
དང་པོ། བྱེད་སྒོའི་གཙོ་དོན།
“བདེ་སྐྱིད་ལྡན་པའི་སྒེར་རྩེ། སྤྲོ་སྣང་ལྡན་པའི་འཚོ་བ་ལོངས་སུ་སྤྱོད”ཅེས་པའི་ས་མཐོའི་ཞིང་འབྲོག་ཁྱད་ལྡན་ཐོན་རྫས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་རྒྱུ།
གཉིས་པ། བྱེད་སྒོའི་དུས་ཚོད།
2024ལོའི་ཟླ་11ཚེས་23ཉིན་ནས་2024ལོའི་ཟླ་12ཚེས་31ཉིན་བར(བྱེད་སྒོའི་ རིང་གལ་སྲིད་ཁ་གསབ་མ་དངུལ་བེད་སྤྱད་ཚར་ན་བྱེད་སྒོ་སྤེལ་མཚམས་འཇོག་རྒྱུ)
གསུམ་པ། བྱེད་སྒོ་སྤེལ་ཡུལ།
མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་ལུས་རྩལ་ཐང་གི་མཐའ་འཁོར་དུ་ཡིན།
བཞི་པ། བྱེད་སྒོ་སྤེལ་སྟངས།
《མངའ་རིས་ས་ཁུལ་གྱི“འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་མཁོ་སྤྲོད་འགན་ལེན་བྱེད་པའི”ཞིང་འབྲོག་ཐོན་རྫས་ཚོང་འདུས་སྐབས་བཅུ་པའི་བྱེད་སྒོའི》ཐོག་བྱེད་སྒོ་སྤེལ་རྒྱུ། བྱེད་སྒོ་སྤེལ་ཡུལ་དུ་ཤོག་བུའི་གཟིགས་སྐྱོང་གི་སྤ་སེ་ལེན་པ་དང་གཟིགས་སྐྱོང་གི་སྤ་སེར་བརྟེན་ནས་རྫོང་དེ་གའི་བྱེད་སྒོར་ཞུགས་པའི་ཚོང་པའི་ཐོན་རྫས་ཉོས་ན།“ཚད་ལོན་ཉུང་གཏོང”གི་ཁ་གསབ་སྤྲོད་རྒྱུ། གལ་ཏེ་མ་དངུལ་བེད་སྤྱོད་བཏང་མ་ཚར་ན། རང་རྫོང་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་དང་དུས་ཚོད་དང་ས་གནས་བསྐྱར་དུ་བརྡ་ཐོ་གཏོང་རྒྱུ།
ལྔ་པ། ཐོན་རྫས་ཀྱི་ཁྱབ་ཁོངས།
ས་གནས་དེ་གའི་ཚགས་ཤ་ལུག་ཤ་སོས་པ་དང་། འོ་བཟོས་བཟའ་བཅའ། རྩམ་པ། པད་ཁའི་སྣུམ། དམར་ཚ། སྤོས། མི་རིགས་ལག་ཤེས་ཐོན་རྫས། ཁུ་ལུའི་ཐོན་རྫས་སོགས་ཡོད།
དྲུག་པ། ཁ་གསབ་དངུལ་གྱི་ཚད་གཞི།
འཛད་སྤྱོད་སྒོར་200ཟིན་ན་སྒོར་40ཉུང་དུ་གཏོང་རྒྱུ་དང་། འཛད་སྤྱོད་སྒོར་400ཟིན་ན་སྒོར་80ཉུང་དུ་ཏོང་རྒྱུ། འཛད་སྤྱོད་སྒོར་600ཟིན་ན་སྒོར་120ཉུང་དུ་ཏོང་རྒྱུ། འཛད་སྤྱོད་སྒོར་800ཟིན་ན་སྒོར་160ཉུང་དུ་ཏོང་རྒྱུ། འཛད་སྤྱོད་སྒོར་1000ཟིན་ན་སྒོར་200ཉུང་དུ་ཏོང་རྒྱུ། རིམ་པ་5འདི་དག་ཚོང་ཁང་ནང་དུ་འཛད་སྤྱོད་གནང་བར་ཕེབས་ཚེ་འཕྲལ་མར་ཉུང་དུ་ཏོང་རྒྱུ།
སྒེར་རྩེ་རྫོང་འཕེལ་སྒྱུར་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད།
2024ལོའི་ཟླ་11ཚེས་19ཉིན།
改则县教育局关于改则县教育系统“三包”过冬牛羊肉采购项目的发包通告
更多消息,请关注视频号
来源:羌塘之音微信公众号
编辑:李俊萍
初审:平措卓玛
终审:格桑扎西