ཚེས་༡༥ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ།

文摘   2024-12-13 23:16   西藏  

ཉེ་དུས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ནོར་སྲིད་པུའུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུད། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅིད། ཀྲུང་གོ་འཛིན་ལོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་སྲོལ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཞེས་པ་པར་འགྲེམ་བྱས་པ་རེད།


近日,人力资源社会保障部、财政部、国家税务总局、金融监管总局、中国证监会印发《关于全面实施个人养老金制度的通知》。

བརྡ་ཐོའི་ནང་། ༢༠༢༤ལོའི་ཟླ་༡༢ཚེས་༡༥ཉིན་ནས་བཟུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའམ་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པའི་ངལ་རྩོལ་པ་ཚང་མ་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་སྲོལ་ནང་ཞུགས་ཆོག་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་སྤྱོད་ཆོག་པའི་ཁྱབ་ཁོངས་དེ་སྔོན་སྐྱོད་གྲོང་ཁྱེར་དང་ས་ཁུལ་༣༦ནས་དུས་གཅིག་ཏུ་རྒྱལ་ཡོངས་སུ་རྒྱ་སྐྱེད་གཏོང་རྒྱུའི་གསལ་བཏོན་བྱས་ཡོད་པ་རེད།


《通知》明确,自2024年12月15日起,在中国境内参加城镇职工基本养老保险或者城乡居民基本养老保险的劳动者,均可以参加个人养老金制度。税收优惠政策的实施范围从36个先行城市(地区)同步扩大到全国。

བརྡ་ཐོའི་ནང་། ད་ཡོད་ཀྱི་དངུལ་དོན་དོ་དམ་ཐོན་རྫས་དང་། གསོག་འཇོག་དངུལ། ཚོང་ལས་ཀྱི་རྒན་གསོའི་འགན་བཅོལ། སྤྱི་བསྡུའི་ཐེབས་རྩའི་ཐོན་རྫས་བཅས་ཀྱི་རྨང་གཞིའི་ཐོག རྒྱལ་བུན་དང་། དམིགས་བསལ་གྱི་རྒན་གསོའི་གསོག་དངུལ། སྟོན་གྲངས་ཀྱི་ཐེབས་རྩ་བཅས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོན་རྫས་ཁོངས་སུ་འཇུག་རྒྱུ་ཡིན་པས། དངུལ་རྩའི་ལས་ཁུངས་ཀྱིས་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོན་རྫས་རྒྱུ་ནོར་བཀོད་སྒྲིག་དང་ཡོངས་བསྒྲགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ཁྲིམས་བཞིན་མ་འཇོག་བློ་འདྲིའི་ཞབས་ཞུ་བསྒྲུབ་སྟེ། ཀུན་གྱིས་ཁས་ལེན་བྱེད་པའི་མ་འཇོག་ཞབས་ཞུ་འཚོལ་ཞིབ་བྱ་དགོས་པ་དང་། དངུལ་རྩའི་འཛད་སྤྱོད་པ་དང་མ་འཇོག་བྱེད་མཁན་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་དང་རང་བདག་གིས་གདམ་ག་རྒྱག་པའི་དབང་ཆ་འགན་སྲུང་བྱ་དགོས་པ་གཏན་འཁེལ་བྱས་ཡོད།


《通知》规定,在现有理财产品、储蓄存款、商业养老保险和公募基金产品基础上,将国债、特定养老储蓄、指数基金纳入个人养老金产品范围。金融机构要做好个人养老金产品资产配置公示等工作,依法依规开展投资咨询服务,探索开展默认投资服务。加强对金融消费者、投资者的保护,保障参加人的知情权和自主选择权。

བརྡ་ཐོའི་ནང་། མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལས་སྒོ་གཉེར་མཁན་ཚོང་ལས་དངུལ་ཁང་གི་ཁྱབ་ཁོངས་གཏན་འཁེལ་གཟབ་ནན་བྱས་ནས། ཚོང་ལས་དངུལ་ཁང་གིས་རིགས་ཁག་གི་མི་སྒེར་གྱི་རྒན་གསོའི་དངུལ་གྱི་ཐོན་རྫས་འཚོང་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་དགོས་པ་དང་། ཚོང་ལས་དངུལ་ཁང་གིས་དྲ་ཐོག་དང་ས་གནས་ས་ཐོག་ནས་ཞབས་ཞུ་བསྒྲུབ་པའི་ཐབས་ལམ་འཐུས་ཚང་བཟོས་ཏེ། འཛད་སྤྱོད་པའི་ཐོ་ཁོངས་དངུལ་ཁང་བསྒྱུར་བ་དང་། སྒེར་གྱི་རྒན་གསོའི་དངུལ་ལེན་པ་སོགས་སྟབས་བདེ་བསྐྲུན་དགོས་ལ། རྒྱུ་ནོར་བདག་གཉེར་ཀུང་སི་དང་འགན་བཅོལ་ཀུང་སི་སོགས་ཀྱིས་སྒེར་གྱི་རྒན་གསོའི་དངུལ་གྱི་ལས་སྒོ་སྤེལ་རྒྱུར་སྟབས་བདེ་བསྐྲུན་དགོས་པའི་འཛུབ་སྟོན་བྱས་ཡོད། 


《通知》指出,审慎确定开办个人养老金业务的商业银行范围,鼓励支持商业银行销售全类型个人养老金产品。商业银行要健全线上线下服务渠道,为参加人变更开户银行、领取个人养老金等提供更多个性化服务,为理财公司、保险公司等机构开展个人养老金业务提供便利。

བརྡ་ཐོའི་ནང་། གཞི་རྩའི་རྒན་གསོའི་དངུལ་ལེན་པའི་ལོ་ཚད་དང་། ངལ་རྩོལ་ནུས་པ་ཡོངས་སུ་ཤོར་བ། ཕྱི་རྒྱལ་དུ༼ རྒྱལ་མཚམས་ནས་སྒྲོལ་བ ༽གཏན་སྡོད་བྱེད་པ་སོགས་ཀྱི་རྨང་གཞིའི་ཐོག ནད་གཞི་ཚབས་ཆེན་ཕོག་པ་དང་། ལས་ཤོར་འགན་བཅོལ་དངུལ་ལེན་པའི་ཆ་རྐྱེན་ངེས་ཅན་དུ་སླེབས་པའམ་ཡང་ན་མ་མཐའི་འཚོ་བའི་འགན་ལེན་དངུལ་ལེན་བཞིན་ཡོད་ཚེ། མི་སྒེར་གྱི་རྒན་གསོའི་དངུལ་ལེན་པའི་རེ་ཞུ་བྱེད་ཆོག་པ་དང་། ཞིབ་ཕྲའི་བྱ་ཐབས་ལོགས་སུ་བཟོ་དགོས། འགན་བཅོལ་དངུལ་ལེན་པའི་ཆ་རྐྱེན་འཛོམས་ཚེ། རིམ་ཁག་སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་ལས་ཁུངས་དང་། རྒྱལ་ཡོངས་གཅིག་གྱུར་གྱི་དྲ་ཐོག་ཞབས་ཞུའི་ས་ཚིགས། དེ་བཞིན་ཚོང་ལས་དངུལ་ཁང་སོགས་ཀྱི་ཐབས་ལམ་བརྒྱུད་རེ་ཞུ་བྱེད་ཆོག་པ་དང་། ཞིབ་བསྡུར་བྱས་རྗེས། ཚོང་ལས་དངུལ་ཁང་གིས་མི་སྒེར་གྱི་རྒན་གསོའི་དངུལ་རང་ཉིད་ཀྱི་སྤྱི་ཚོགས་འགན་བཅོལ་བྱང་བུའི་དངུལ་ཁང་རྩིས་ཁྲའི་ནང་བླུགས་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།


《通知》明确,在领取基本养老金年龄、完全丧失劳动能力、出国(境)定居等情形的基础上,参加人患重大疾病、领取失业保险金达到一定条件或者正在领取最低生活保障金的,可以申请提前领取个人养老金,具体办法另行制定。参加人达到领取条件,可以通过各级社会保险经办机构、全国统一线上服务入口和商业银行等途径提出申请并经核实后,由商业银行将个人养老金发放至本人社保卡银行账户。

བརྡ་ཐོའི་ནང་། འབྲེལ་ཡོད་ཚན་པས་རང་འགན་གཞིར་བཟུང་ལྟ་སྐུལ་དོ་དམ་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས། ལམ་སྲོལ་ཚད་ལྡན་ངང་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་དུས་མཚུངས། དངུལ་རྩའི་ལས་ཁུངས་དང་གཉེར་སྐྱོང་བྱེད་པོ་སོགས་སྐུལ་སློང་བྱས་ནས། མི་སྒེར་གྱི་རྒན་གསོའི་དངུལ་གྱི་ལམ་སྲོལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།


《通知》要求,相关部门要按职责分工加强监管,强化信息共享,促进制度规范运行。同时,充分调动金融机构、经营主体等方面的积极性,共同推动个人养老金制度健康发展。

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས།

རྩོམ་སྒྲིག་འགན་ཁུར་པ། བསྟན་འཛིན་འཇིགས་མེད།  

དོ་དམ་པ། བསམ་གྲུབ་བསྟན་འཛིན། 


噶尔县融媒体中心
传递权威信息、提供及时资讯、展现多彩噶尔!(互联网新闻信息服务许可证编号:54120230074)
 最新文章