关于加强冬季牲畜防盗的提示(藏汉双语)

政务   2024-11-07 18:02   青海  




关于加强冬季牲畜防盗的提示


冬季农牧区牲畜被盗案件易发多发,根据近年来牲畜盗窃案件发案情况分析,当前正值农牧区牛羊出栏季节,易发生牲畜被盗案件,我县各辖区盗宰案件时有发生,给农牧民带来巨大损失。为有效遏制农牧区盗窃牲畜案件的发生,全力做好此类案件的安全防范工作,贵德县公安局发出以下预警提示: 

一、广大农牧民群众要提高防范意识。从历年作案特点来看,犯罪分子多选择在牧区牲畜集中放养的地方,白天踩点、夜间实施犯罪,作案方法大多是选择十天半月无人看管马牛羊,从容易下手的地方直接拉走牲畜或者就地屠杀等手段。一般五六天后才发现且不确定具体案发时间这对破案增加了难度。对此,广大农牧民群众对自家的牲畜要加强看护,白天跟群放牧,夜间将牲畜安置入圈上锁,有条件安装视频监控的,应做到应装尽装,在有效预防牲畜被盗的同时留存相关视频资料。 

二、广大农牧民群众要提高应对能力。夜间听到不明机动车响声或发现可疑车辆停靠在自家草场附近时,应保持警惕,如发现可疑情况,应及时报警,并牢记车辆特征或进行拍照取证,以便及时为公安机关破案提供线索。   

三、广大农牧民群众要加强牲畜管理。广大农牧民务必要做到跟群放牧,避免牲畜脱离看管视线,定时清点牲畜数量,并对自家牲畜做好标识标记,防止牲畜被盗或走失,一旦发现牲畜被盗,要第一时间向公安机关报警,并保护好案发现场。   

四、广大农牧民群众要经常相互提醒。各村委要充分发挥基层组织作用,加强日常巡逻,并利用村社微信群等网络平台,及时提醒其他村民留意可疑车辆和可疑人员,形成“邻里守望”安全防范格局。   

谨慎提防心中记,防范盗窃莫大意。贵德公安将持续加大巡逻巡查力度,严厉打击各类盗窃犯罪活动,与您携手共同守护好广大群众的财产安全。



贵德县公安局

2024年11月7日





དགུན་དུས་ཕྱུགས་ཟོག་རྐུན་འགོག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་དྲན་སྐུལ།


ཉེ་བའི་ལོ་འདི་འགའི་རིང་ལ་ཕྱུགས་ཟོག་རྐུ་ལ་ཤོར་བའི་གྱོད་དོན་གནས་ཚུལ་ལ་དབྱེ་ཞིབ་བྱས་པར་གཞིགས་ན། དགུན་དུས་རོང་འབྲོག་ས་ཁུལ་གྱི་ཕྱུགས་ཟོག་རྐུ་ལ་ཤོར་བའི་གྱོད་དོན་འབྱུང་སླ་བ་དང་མང་པོ་བྱུང་། མིག་སྔར་རོང་འབྲོག་ས་ཁུལ་གྱི་ནོར་ལུག་བཤའ་གཏོང་གི་དུས་ཚིགས་ཡིན་པ་དང་ཕྱུགས་ཟོག་རྐུ་ལ་ཤོར་བའི་གྱོད་དོན་འབྱུང་སླ་བས། རང་རེའི་རྫོང་གི་ཁོངས་གཏོགས་ས་ཁུལ་ཁག་ཏུ་རྐུ་ཤོར་བའི་གྱོད་དོན་རྒྱུན་དུ་འབྱུང་བཞིན་ཡོད་པ་དང་། རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་བཟོས་ཡོད། རོང་འབྲོག་ས་ཁུལ་དུ་ཕྱུགས་ཟོག་བརྐུས་པའི་གྱོད་དོན་བྱུང་རྒྱུ་བཀག་འགོག་ནུས་ལྡན་བྱ་ཆེད་ཁྲི་ཀ་རྫོང་སྤྱི་བདེ་ཅུའུ་ཡིས་གཤམ་གསལ་གྱི་སྔོན་ཚུད་ཉེན་བརྡའི་དྲན་སྐུལ་བྱས་པ་གཤམ་ལྟར།

གཅིག རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་དོགས་ཟོན་གྱི་འདུ་ཤེས་ཆེ་རུ་གཏོང་དགོས། ཡར་སྔོན་བྱུང་མྱོང་བའི་གྱོད་དོན་བཟོ་བའི་ཁྱད་ཆོས་ལ་བལྟས་ན་ཉེས་གསོག་པ་མང་ཆེས་ཤས་ཀྱིས་འབྲོག་ཁུལ་གྱི་ཕྱུགས་ཟོག་གཅིག་སྡུད་འཚོ་སྐྱོང་བྱ་ཡུལ་བདམས་ནས་ཉིན་མོར་ས་བལྟ་བ་དང་མཚན་མོར་ཉེས་གསོག་བྱེད། གྱོད་དོན་བཟོ་ཐབས་མང་ཆེ་བ་ནི་ཉིན་བཅུ་དང་ཟླ་ཕྱེད་རིང་ཕྱུགས་ཟོག་ལ་ལྟ་རྟོག་བྱེད་མཁན་མེད་པ་དང་ལག་འགུལ་སླ་བའི་ས་ནས་ཐད་ཀར་ཕྱུགས་ཟོག་རྐུ་བའམ་ཡང་ན་ས་གནས་ས་ཐོག་ཏུ་བཤས་གཏོང་བྱ་བ་སོགས་ཀྱི་བྱ་ཐབས་སྤྱོད། སྤྱིར་བཏང་ཉིན་ལྔ་དྲུག་ཙམ་སོང་རྗེས་ད་གཟོད་གྱོད་དོན་བྱུང་བ་ཤེས་རྟོགས་བྱུང་བ་དང་ཞིབ་ཕྲའི་གྱོད་དོན་བྱུང་པའི་དུས་ཚོད་གཏན་འཁེལ་བྱེད་མི་ཐུབ། འདི་ལྟར་ན་གྱོད་དོན་རྩད་ཆོད་རྒྱུར་ཧ་ཅང་དཀའ། དེར་བརྟེན་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རང་ཁྱིམ་གྱི་ཕྱུགས་ཟོག་ལ་ལྟ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱུགས་ཟོག་རྗེས་དེད་ནས་འཚོ་བ་དང་མཚན་མོར་ཕྱུགས་ཟོག་ལྷས་རའི་ནང་བཅུག་ནས་སྒོར་ཟྭ་རྒྱག་པ། བརྙན་ལམ་ལྟ་སྐུལ་ཚོད་འཛིན(གློག་མིག)སྒྲིག་སྦྱོར་བྱེད་པའི་ཆ་རྐྱེན་ཡོད་ཚེ་སྒྲིག་སྦྱོར་བྱེད་དགོས་རིགས་ཚང་མ་སྒྲིག་སྦྱོར་བྱས་ཏེ་ཕྱུགས་ཟོག་རྐུ་ལ་ཤོར་རྒྱུ་སྔོན་འགོག་ནུས་ལྡན་བྱེད་པ་དང་ཆབས་ཅིག་འབྲེལ་ཡོད་བརྙན་པར་དཔྱད་ཡིག་ཉར་ཚགས་བྱ་དགོས།  

གཉིས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཁ་གཏད་ནུས་པ་ཆེ་རུ་གཏོང་དགོས། མཚན་མོར་འཕྲུལ་སྒུལ་འཁོར་རིགས་ཀྱི་སྒྲ་ཐོས་པའམ་ཡང་ན་དོགས་ཡོད་རླངས་འཁོར་རང་ཁྱིམ་གྱི་རྩྭ་རའི་ཉེ་འགྲམ་དུ་སྡོད་པ་ཤེས་སྐབས་དོགས་ཟོན་བྱེད་དགོས། གལ་ཏེ་དོགས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཉེན་བརྡ་གཏོང་དགོས་པ་མ་ཟད་རླངས་འཁོར་གྱི་ཁྱད་ཆོས་སོགས་ཡིད་ལ་འཛིན་པའམ་ཡང་ན་པར་བརྒྱབ་ནས་དཔང་རྟགས་བླངས་ཏེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་རྩད་ཆོད་རྒྱུར་ཁུངས་སྣེ་མཁོ་འདོན་བྱ་དགོས།

གསུམ། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཕྱུགས་ཟོག་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ངེས་པར་དུ་ཕྱུགས་ཟོག་གི་རྗེས་དེད་ནས་འཚོ་དགོས་པ་དང་ཕྱུགས་ཟོག་རང་ཉིད་ཀྱི་མཐོང་ལམ་ལས་མི་བྲལ་བར་བྱེད་པ། དུས་བཀག་ལྟར་ཕྱུགས་ཟོག་གི་གྲངས་འབོར་རྩིས་བཤེར་བྱེད་པ། རང་ཁྱིམ་གྱི་ཕྱུགས་ཟོག་ལ་མཚོན་རྟགས་ཡག་པོ་བརྒྱབ་ནས་ཕྱུགས་ཟོག་རྐུ་ལ་ཤོར་བའམ་ཡང་ན་བོར་བརླག་མི་འགྲོ་བ་བྱ་དགོས། གལ་སྲིད་ཕྱུགས་ཟོག་རྐུ་ལ་ཤོར་བ་ཤེས་ཚེ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་ཉེན་བརྡ་གཏོང་དགོས་པ་མ་ཟད་གྱོད་དོན་བྱུང་ཡུལ་སྲུང་སྐྱོང་ཡག་པོ་བྱ་དགོས།  

བཞི། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་རྟག་ཏུ་ཕན་ཚུན་དྲན་སྐུལ་བྱེད་དགོས། སྡེ་དམངས་ཨུ་ལྷན་ཁག་གིས་གཞི་རིམ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱུན་གཏན་གྱི་སྐོར་གཡེང་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་སྡེ་བའི་སྐད་འཕྲིན་ཚོགས་པ་སོགས་དྲ་བའི་ལས་སྟེགས་སྤྱད་དེ་སྡེ་མི་གཞན་དག་ལ་དོགས་ཡོད་རླངས་འཁོར་དང་དོགས་ཡོད་མི་སྣར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་དུས་ཐོག་ཏུ་བྱས་ནས། "ཁྱིམ་མཚེས་ཕན་ཚུན་ལྟ་སྐྱོང"གི་བདེ་འཇགས་དོགས་ཟོན་གྱི་རྣམ་པ་ཞིག་ཆགས་པར་བྱ་དགོས།

རྐུ་འཕྲོག་ལ་དོགས་ཟོན་བྱ་དགོས་པ་གཟབ་ནན་གྱིས་སེམས་ལ་བཟུང་། ཁྲི་ཀ་སྤྱི་བདེ་ཅུའུ་ཡིས་སྐོར་ཞིབ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་རྐུ་འཕྲོག་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་སྟེ་ཁྱེད་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་རྒྱ་ཆེའི་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱ།



      ཁྲི་ཀ་རྫོང་སྤྱི་བདེ་ཅུའུ།

                                  

2024ལོའི་ཟླ11པའི་ཚེས7ཉིན། 


责编|黄筱斌

审稿|杨丽珊

来源|刑警大队

贵德公安
对党忠诚 服务人民 执法公正 纪律严明
 最新文章