项袋金刚橛 · 胜利歌 — 天鼓妙音

文摘   2024-11-30 18:54   云南  

=== 愿 诸 见 闻 者  •  速 疾 成 佛 道 ===



༄༅།།ཕུར་པ་མགུལ་ཁུག་མའི་ཆ་ལག་རྒྱལ་དབྱངས་ལྷ་ཡི་རྔ་སྒྲ་བཞུགས།།

【 項袋金剛橛 · 勝利歌  天鼓妙音 】


མཐོ་བརྗིད་བསིལ་ལྡན་པདྨ་དཀར་པོའི་ཚལ།།

托傑色丹巴瑪嘎布擦    壯觀雪域白蓮園

རྨང་མེད་རླག་བྱེད་ཤྭ་འུད་དྲག་པོའི་དཔུང་།།

芒美拉協夏額紮布宏    遭遇泥流殘暴軍

གངས་ཀྱི་བདག་པོའི་ངར་སྐད་མ་བཟོད་ནས།།

剛傑達布爾嘎瑪若內    雪獅怒吼難堪忍

དུམ་བུར་འཐོར་ཞེས་སྙན་པ་རྒྱང་ནས་ཐོས།།

登沃托益年巴江內圖    碎裂之聲傳遠方

ཐལ་འབྱིན་རྣམ་བཞིའི་དྲོད་རྟགས་མངོན་དུ་གྱུར།།

塔晉南益卓達溫德傑    現四直穿之暖相

རྒྱལ་ལོ་རྒྱལ་ལོ་སྔགས་འཆང་གཡུལ་ལས་རྒྱལ།།

嘉洛嘉洛阿強耶類嘉    咒師戰敵得勝利


ཟླུམ་འཁྱིལ་རོལ་མོ་ཨེ་ཡི་མཚོན་ཆ་ལ།།

敦切若莫誒耶村恰拉    盤旋樂音誒利刃

བཀའ་བབས་དཔའ་བོ་གསུམ་འདུས་དཔའ་བོས་ཁྲིད།།

瓜瓦華沃森第華悟徹    教傳三勇率眾勇

དུས་མཐའི་རླུང་བདུན་ཤུགས་ཀྱིས་རབ་བསྐྱོད་དེ།།

第提隆敦協吉罖久得    末劫七風猛吹動

ཕྲ་རབ་འབུམ་དུ་གཏུབ་པའི་རྫུ་བག་ངོམ།།

叉罖本德德波則瓦翁    粉十萬塵炫神威

ཐལ་འབྱིན་རྣམ་བཞིའི་དྲོད་རྟགས་མངོན་དུ་གྱུར།།

塔晉南益卓達溫德傑    現四直穿之暖相

རྒྱལ་ལོ་རྒྱལ་ལོ་སྔགས་འཆང་གཡུལ་ལས་རྒྱལ།།

嘉洛嘉洛阿強耶類嘉    咒師戰敵得勝利


གང་གཱ་རྡོ་ཡི་ཁམས་སུ་སྙོམས་ཞུགས་སར།།

剛嘎多耶堪色農耶薩    恒河入定於石界

དམ་སྲིའི་སྤྱི་གཟུགས་རྣམ་སྣང་ཟས་ཅན་གང་།།

丹這協熱南囊瑞堅剛    破誓魔顯毗沙門

མིག་མེད་སྨྱོན་པས་གླགས་སྐབས་ཚོལ་ཙ་ན།།

麽美紐貝拉嘎措匝那    無目狂徒伺機時

ལན་མེད་དབལ་གྱིས་ཤ་ཁྲག་རོ་གཅིག་བསྲེས།།

蘭美瓦吉夏叉若吉這    無言火力血肉混

ཐལ་འབྱིན་རྣམ་བཞིའི་དྲོད་རྟགས་མངོན་དུ་གྱུར།།

塔晉南益卓達溫德傑    現四直穿之暖相

རྒྱལ་ལོ་རྒྱལ་ལོ་སྔགས་འཆང་གཡུལ་ལས་རྒྱལ།།

嘉洛嘉洛阿強耶類嘉    咒師戰敵得勝利


ཕན་བདེའི་དཔལ་ལ་འཁུ་བའི་ཏིརྱ་ཀས།།

攀第華拉克沃德雅給    嫉妒利樂之旁生

སྣང་བྱེད་མུན་པའི་ཀློང་དུ་སྦ་སྙམ་པའི།།

囊協門波隆德瓦年波    欲隱光明藏暗界

ངལ་བ་སྣ་ཚོགས་མཁའ་འཕངས་རྡོ་རུ་གྱུར།།

爾瓦那措誇龐多熱傑    種種勞作空飛石

སྨིག་རྒྱུའི་ཚེ་དཔལ་ཁོ་རང་གྲོགས་སུ་རྙེད།།

麽吉才華括讓卓色涅    陽焰壽福為自友

ཐལ་འབྱིན་རྣམ་བཞིའི་དྲོད་རྟགས་མངོན་དུ་གྱུར།།

塔晉南益卓達溫德傑    現四直穿之暖相

རྒྱལ་ལོ་རྒྱལ་ལོ་སྔགས་འཆང་གཡུལ་ལས་རྒྱལ།།

嘉洛嘉洛阿強耶類嘉    咒師戰敵得勝利


གནམ་ལྕགས་མཚོན་ལ་མེ་ཡི་ཚྭ་ཚྭ་འཕྲོ།།

南嘉村拉美耶擦擦綽    天鐵利器迸火星

དུང་གི་རི་ལ་ཉི་མའི་ཟེར་མདངས་ཕོག།

東格熱拉涅美瑞當頗    烈日光芒照螺山

སེསྒེའི་མདོག་འཆང་དུག་གསུམ་རྒྱ་མཚོ་ཆེ།།

桑給多強德森嘉措切    僧色三毒大汪洋

ས་ལ་བརྡབས་ནས་ཀླུ་བདུད་ལྟོ་བར་བྱུབ།།

薩拉達內勒德多瓦哲    擊地灌入龍魔腹

ཐལ་འབྱིན་རྣམ་བཞིའི་དྲོད་རྟགས་མངོན་དུ་གྱུར།།

塔晉南益卓達溫德傑    現四直穿之暖相

རྒྱལ་ལོ་རྒྱལ་ལོ་སྔགས་འཆང་གཡུལ་ལས་རྒྱལ།།

嘉洛嘉洛阿強耶類嘉    咒師戰敵得勝利


ཐ་མལ་འཁྲུལ་སྣང་ཡེ་ཤེས་ལྷ་རུ་ཐིམ།།

塔瑪徹囊耶西拉熱騰    平凡迷亂融智尊

འཕོ་དང་གཡོ་བ་དྷུ་ཏིའི་ཀློང་དུ་ཐིམ།།

頗當喲瓦德第隆德騰    遷動融入中脈界

རྩལ་དང་རྩལ་བྱུང་བྱང་ཆུབ་སེམས་སུ་ཐིམ།།

匝當匝雄香確森色騰    妙力皆融菩提心

སྐད་ཅིག་རྣམ་གསུམ་ལྟད་མོ་ཨ་ལ་ལ།།

嘎吉南森達莫阿拉拉    三剎那戲阿拉拉

ཐལ་འབྱིན་རྣམ་བཞིའི་དྲོད་རྟགས་མངོན་དུ་གྱུར།།

塔晉南益卓達溫德傑    現四直穿之暖相

རྒྱལ་ལོ་རྒྱལ་ལོ་སྔགས་འཆང་གཡུལ་ལས་རྒྱལ།།

嘉洛嘉洛阿強耶類嘉    咒師戰敵得勝利


ཞེས་གསང་ཆེན་འོད་སྐུར་གྲོལ་བའི་དབེན་ཁྲོད་དུ་དགེ་འདུན་པ་སྟོང་ཕྲག་གཉིས་ཀྱིས་ཕུར་པ་མགུལ་ཁུག་མའི་གཞུང་ཁོག་བསྲངས་པའི་གྲུབ་འབྲས་མངོན་དུ་གྱུར་སྐབས་ངག་དབང་བློ་གྲོས་མཚུངས་མེད་པས་ཡིད་ལ་གང་ཤར་ཤར་མར་སྨྲས་རིམ་བཞིན་མཁས་བཙུན་བཟང་པོའི་ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པ་མཁན་པོ་བསྟན་འཛིན་ནོར་བུས་ཡི་གེར་སྤེལ་བ་དགེ་ལེགས་འཕེལ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་ལོའི་ཟླ་༡༠ ཚེས་༢༥ ཕྱི་ལོ་༡༩༩༢ ཟླ་༡༢ ཚེས་༡༩ ལའོ།། །།  此文於大密虹身解脫靜處,兩千僧眾修持項袋金剛橛儀軌現前成就果時,阿旺羅珠宗美心中了然呈現而口述,由具足智慧、凈戒、賢善之圓滿功德莊嚴之堪布丹增羅吾立成文字,願增吉祥!藏歷第十七勝生周水猴年十月二十五日,公元1992年12月19日。

大乘天 新号
每做吉祥事,常生欢喜心。
 最新文章