ཚིག ༧ཆོས་རྗེ་ཡིད་བཞིན་ནོར་བུ།
དབྱངས། རིག་དགའ།
ལེན་མཁན། རིག་དགའ།
ནུབ་སྤྲིན་དཀར་མདུན་དུ་འཇའ་ཚོན་ཤར། །
ཤར་ཉི་འོད་གསལ་བའི་རྐྱེན་ལས་བྱུང་། །
ཞིང་འབྲུ་དྲུག་སྨིན་པའི་སྔ་ལྟས་རེད། །
འདི་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་ལགས། །
བུ་དད་ལྡན་རྒྱུད་ལ་ཉམས་རྟོགས་འབར། །
གོང་བླ་མའི་ཐུགས་རྗེ་རྐྱེན་ལས་བྱུང་། །
ཆོས་བཤད་སྒྲུབ་དར་བའི་སྔ་ལྟས་རེད། །
འདི་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་ལགས། །
གནས་གསེར་ལྗོངས་ཡུལ་དུ་བདེ་སྐྱིད་ཤར། །
གླིང་དཔའ་བོའི་ཐུགས་རྗེ་རྐྱེན་ལས་བྱུང་། །
བདུད་ནག་ཕྱོགས་འཇོམས་པའི་སྔ་ལྟས་རེད། །
འདི་རྟེན་འབྲེལ་མ་བསྒྲིགས་རང་འགྲིགས་ལགས། །
བརྡ་གོའམ་ཚེ་རབས་སྙིང་གི་གྲོགས། །
སེམས་སྤྲོ་མོར་འདུག་གམ་ཁྲོམ་ཚོགས་ཚོ། །
ཞེས་དགྲ་བླ་འབོད་པའི་གད་རྒྱང་གི་སྐབས་གཏན་གྲོགས་ཉམས་སད་པའི་ཕྱིར་དུ་ནེའུ་ཆུང་ལྷ་མོས་རྒྱང་གླུ་བླངས་པ་ངག་དབང་བློ་གྲོས་མཚུངས་མེད་པས་སྤེལ་བ་མངྒཾ།། །།