པར་བརྐོས་ཐོན་རྫས།
འདི་ནི་དུས་རབས་བཅོ་བརྒྱད་པའི་ནང་སྡེ་དགེའི་ཆོས་རྒྱལ་ཆེན་མོ་བསྟན་པ་ཚེ་རིང་དང་། སི་ཏུ་ཆོས་ཀྱི་འབྱུང་གནས་རྣམ་གཉིས་ནས་ཆེད་དུ་གཡང་སྒམ་སོགས་ཀྱི་ནང་དུ་འཇོག་རྒྱུ་ལ་དམིགས་ནས་བསྒྲིགས་ཏེ། མི་རབས་ནས་པར་ཁང་གི་པར་བརྐོས་པ་ཀུ་སེ་ལུང་པའི་པར་བརྐོས་པ་རྣམས་ཀྱིས་ལག་པའི་རྩལ་ལ་བསྟེན་ནས་པར་དུ་བརྐོས་པ་གསལ་ཞིང་། ཕྱིས་སུ་ཤིང་པར་དེ་ཉིད་དཔལ་སྤུངས་དགོན་པར་གདན་དྲངས་ཏེ་དུས་འགྱུར་གྱི་སྐབས་སུ་པར་ཤིང་འཕྲོ་བརླག་ཏུ་ཕྱིན། ལོ་ཤས་སྔོན་སྐབས་དེའི་པར་མ་རྙིང་པ་ཆ་ཚང་ཞིག་ལག་སོན་དུ་བྱུང་ནས། དེ་ཉིད་པར་གཞི་བྱས་ཏེ། ཉིས་སྟོང་བཅུ་དགུ་ལོར་ཁམས་སྡེ་དགེ་ཀུ་སེ་ལུང་པའི་པར་བརྐོས་པ་རྩེ་གྲ་གསུམ་ལ་ཆེད་དུ་བརྐོ་རུ་བཅུག་སྟེ། སྲོལ་རྒྱུན་དཔར་འདེབས་བྱེད་སྟངས་ནང་བཞིན། བོད་ཤོག་གི་ཐོག་ཏུ། རྒྱ་མཚལ་ཅོག་ལའམ་རང་བྱུང་མཚལ་རྒོད་ཀྱི་ནང་དུ། ཕབ་རྟ། གཡང་རྫས་དང་། རིན་ཆེན་བཞི། བཟང་པོ་དྲུག། དྲི་བཟང་། རྟེན་རྫས་བྱིན་ཅན། འཕགས་བོད་ཀྱི་གནས་ཆེན་ཁག་གི་ས་སྣ་དང་ཆུ་སྣ་སོགས་ཚད་དང་ལྡན་པ་ལག་སོན་བྱུང་བ་རྣམས་བསྲེས་ཤིང་པར་དུ་བཏབ་ནས་ད་སྐབས་བླུ་གཏོང་བཞིན་པའོ། །འདི་ནི་གཡང་སྒམ་ནང་དུ་འཇོག་པ་དང་གཡང་རྟེན་བྱས་པ་ཡིན་ན་ཕན་ཐོགས་ཆེ་ཞིང་། འདིའི་རྒྱུ་ཆ་སོགས་དེང་རབས་ཀྱི་རྫས་འགྱུར་གྱིས་མ་ལྷད་ཅིང་། ཧ་ཅང་སྤུས་ཚད་དང་ལྡན་པ་ཞིག་ཡོད་དོ། །དཔེ་ཆ་འདིའི་སྣ་རིང་ཐུང་ལ་སྐར་32དང་། ཞིང་ཆེ་ཆུང་སྐར་7དང་ཕྱེེད་ཡིན། གཡང་སྒམ་ནང་དུ་འཇོག་ན་ཧ་ཅང་ཆེ་ཆུང་འཚམས་པོ་ཡོད། དགོས་མཁན་དག་གིས་འབྲེལ་བ་གནང་རོགས།
རྙིང་གཟུངས་བཀའ་བརྒྱ་མ།
གཟུངས་ཆེན་སྡེ་ལྔ།
༈སྡེ་དགེ་པར་ཁང་གི་གཟུངས་གཞུག་གཞིར་བཟུང་ཐོགས། ད་དུང་དེའི་ནང་མེད་པ་འགའ་རེ་ཡང་ཁ་སྣོན་བྱས་ཏེ་པར་ནི་ལག་བརྐོས་དག་མ་བྱས་ཏེ་བརྐོས་ཤིང་། རང་བྱུང་ཁམས་ཀྱི་ཐོན་རྫས་ཀྱིས་བོད་ཤོག་བཟོས་ཏེ། རྒྱལ་མཚལ་ཅོག་ལ་ཞེས་པའི་ནང་དུ། བཟང་དྲུག་དང་། རིན་ཆེན་བཞི། གཡང་རྫས། གུར་གུམ་སོགས་དྲི་བཟང་གི་རིགས། ས་སྣ་དང་ཆུ་སྣ་སོགས་བསྲེས་ཏེ། ལག་པར་དག་མའི་དཔར་དུ་བཏབ་པའི་གཟུངས་གཞུག་གི་རིགས་གང་དགོས་ཡོད་པས་འབྲེལ་བ་གནང་རོགས།
ཁྱིམ་གྱི་གཡང་རྟེན་དང་། སངས་རྒྱས་དང་བྱང་སེམས་རྣམས་ཀྱི་སྐུ་དང་རྟེན་སོགས་ཀྱི་ནང་དུས་རབས་ཀྱི་ལྷད་མ་འདྲེས་པའི་གཟུངས་གཞུག་འཇོག་བསམ་ན་གོང་གི་ཚད་གཉིས་ཨང་ཐོག་འབྲེལ་བ་གནང་རོགས།