འབྲེལ་ཡོད་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན།ཉེ་དུས། སྤྱི་བདེ་པུའུ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། སློབ་གསོ་པུའུ། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་བུད་མེད་མཉམ་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་ཁྱིམ་ཚང་གཏུམ་སྤྱོད་ཀྱི་བསླབ་འདོམས་ལམ་སྲོལ་ལག་བསྟར་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་པར་འགྲེམས་བྱས་པ་རེད།བསམ་འཆར་ནང་། སྤྱི་བདེ་ལས་ཁུངས་ཀྱིས་ཁྱིམ་ཚང་གི་གཏུམ་སྤྱོད་ཀྱི་དོན་དངོས་གཏན་འཁེལ་བྱེད་པའི་གཞི་རྩའི་དཔང་རྟགས་ཀྱི་ཆ་རྐྱེན་ནང་གནོད་འཚེ་གཏོང་མཁན་གྱིས་ཁྱིམ་ཚང་གི་གཏུམ་སྤྱོད་སྤེལ་བར་བསམ་འཆར་མི་འདྲ་བ་མེད་ཚེ། གནོད་འཚེ་གཏོང་མཁན་གྱི་གསལ་བཤད་དང་། གནོད་འཚེ་ཕོག་མཁན་གྱི་གསལ་ཞུ། ཡང་ན་དཔང་པོའི་དཔང་ཚིག་བཅས་དགོས་པ་དང་། གནོད་འཚེ་གཏོང་མཁན་གྱིས་ཁྱིམ་ཚང་གཏུམ་སྤྱོད་སྤེལ་བ་ཁས་མ་བླངས་ན། གནོད་འཚེ་ཕོག་མཁན་གྱི་གསལ་བཤད་དམ་ཡང་ན་དཔང་མིའི་དཔང་ཚིག་དང་དེ་མིན་གཞོགས་འདེགས་དཔང་ཡིག་གཞན་ཡོད་དགོས།
གཞོགས་འདེགས་དཔང་ཡིག་གྲས་སུ། ཁྱིམ་ཚང་གཏུམ་སྤྱོད་ཐོན་པའི་རྒྱུད་རིམ་གྱི་བརྙན་ལམ་ཡིག་ཆ་དང་། ཁྱིམ་ཚང་གཏུམ་སྤྱོད་དང་འབྲེལ་བ་ཡོད་པའི་ཁ་པར་སྒྲ་འཇུག་དང་། འཕྲིན་ཐུང་། གློག་རྡུལ་ཡིག་སྒམ་སོགས་གློག་རྡུལ་གྲངས་གཞི། དགའ་ཉེ་སྤུན་མཆེད་དང་གྲོང་པ་ཁྱིམ་མཚེས་སོགས་ཀྱི་དཔང་ཚིག དོ་བདག་གི་ལོ་ན་མ་སོན་པའི་བུ་ཕྲུག་གིས་བཤད་པའི་རང་གི་ལོ་ཚོད་དམ་ཡང་ན་རིགས་སྟོབས་དང་འཚམ་པའི་དཔང་ཚིག གནོད་འཚེ་གཏོང་མཁན་གྱིས་དེ་སྔོན་འབྲི་མྱོང་བའི་འགྱོད་བཤགས་ཡི་གེའམ་ཁས་ལེན་ཡི་གེ རྨས་ཚུལ་གསལ་འབྱེད་བསམ་འཆར། སྨན་བཅོས་ལས་ཁུངས་སུ་སྨན་བཅོས་བྱས་པའི་ཟིན་ཐོ། འབྲེལ་ཡོད་ཚན་པར་འབྱོར་བའི་ཁྱིམ་ཚང་གཏུམ་སྤྱོད་ཐད་ཀྱི་ཐེར་འདོན་དང་། རེ་ཞུ་བྱས་པའི་ཟིན་ཐོ་སོགས་རིགས་བརྒྱད་ཡོད།ཁྱིམ་ཚང་གཏུམ་སྤྱོད་ཀྱི་གནས་ཚུལ་ཚབས་ཆེན་པོ་མེད་དང་ཁྲིམས་བཞིན་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་མེད་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་གནོད་འཚེ་གཏོང་མཁན་ལ་སྐྱོད་བརྗོད་སློབ་གསོ་རྒྱག་པའམ་བསླབ་འདོམས་ཡི་གེ་འདོན་དགོས། ཁྱིམ་ཚང་གཏུམ་སྤྱོད་ཀྱི་དོན་ངོ་མ་ཡིན་པ་ར་སྤྲོད་ཐུབ་པ་དང་། ཉེས་ཚབས་ཅུང་ཆུང་ཞིང་། ཁྱིམ་ཚང་གི་གཏུམ་སྤྱོད་སྤེལ་བའི་རྐྱེན་གྱིས་དེ་སྔོན་སྤྱི་བདེ་ལས་ཁུངས་ཀྱིས་སྐྱོན་བརྗོད་སློབ་གསོ་བརྒྱབ་མྱོང་བ་སོགས་ཀྱི་གནས་ཚུལ་ལས་གྲས་གཅིག་ཡོད་ན། སྤྱིར་བཏང་དུ་བསླབ་འདོམས་ཡི་གེ་སྤྲོད་དགོས། ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཉེས་ཚབས་ཧ་ཅང་ཆུང་བའམ་ཡང་ན་ཁྱིམ་ཚང་གཏུམ་སྤྱོད་ཀྱི་ཉེས་ཚབས་ཅུང་ཆུང་བ་མ་ཟད། གནོད་འཚེ་ཕོག་མཁན་གྱི་བསམ་ཤེས་ཐོབ་པ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱིས་གནོད་འཚེ་གཏོང་མཁན་ལ་སྐྱོན་བརྗོད་སློབ་གསོ་རྒྱག་དགོས་པ་སོགས་ཡིན།ཤེས་རྟོགས་བྱུང་བར་གཞིགས་ན། ཁྱིམ་ཚང་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། 2023ལོར། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་བསླབ་འདོམས་ཡི་གེ་ཁྲི་9.8སྤྲད་ཡོད་པ་རེད།
记 者:拉巴索朗
编 辑(一审):德庆拉泽
责 编(二审):秦 瑶
审 核(三审):戴 青 霞