ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་གནད་དོན་ཐག་གཅོད་བྱ་རྒྱུ་རེད་འདུག

政务   2024-12-08 18:31   西藏  

འབྲེལ་ཡོད་སྨྱན་སྦྱོར་ཚན་པ་ནས་གསར་འགྱུར་སྤེལ་བ་ལྟར་ན།  ཉེ་ཆར། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས《གླ་ཆ་ཆད་འགྱངས་ཀྱི་དགུན་དུས་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་དང་། སྤྱི་ལོ་2025ལོའི་དཔྱིད་གསར་དུས་ཆེན་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཞུགས་སྐུལ་འདེད་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་གཞོགས་འདེགས་ཀྱིས་རྒྱལ་ཡོངས་བཟོ་ཚོགས་ཁོངས་གཏོགས་སུ་གླ་ཆ་ཆད་འགྱངས་བཅོས་སྒྲིག་གི་དགུན་དུས་བྱ་སྤྱོད་སྤེལ་བ་དང་། ལས་གྲྭ་འཛུགས་སྐྲུན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ལ་དམིགས་པ། ལོ་རྙིང་པའི་ལོ་མཇུག་དང་ལོ་གསར་པའི་ལོ་འགོར་ཞིང་པ་ལས་མིར་གླ་ཆ་སྤྲོད་རྒྱུ་འགན་ལེན་དང་གླ་ཆ་ཆད་འགྱངས་བྱས་པའི་ཞིང་པ་ལས་མིར་བཟོ་ཚོགས་ཀྱི་རོགས་སྐྱོར་དང་རོགས་སྐྱོབ་བྱ་རྒྱུའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུའི་གཏན་འབེབས་བྱས་ཡོད།


《བརྡ་ཐོའི》ནང་། རིམ་ཁག་བཟོ་ཚོགས་ཀྱིས་རྒྱུན་རྣམ་ཅན་གྱི་ཐོག་ནས་ལས་བཟོ་པའི་གླ་ཆ་ཆད་འགྱངས་ཀྱི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་དགོས། དུས་ཐོག་ཏུ་ཞིབ་དཔྱད་ཚད་ལེན་གྱིས་གླ་ཆ་ཆད་འགྱངས་དང་འབྲེལ་ཡོད་ཁུངས་སྣེར་ལྟ་ཞིབ་ཚད་ལེན་བྱས་ནས། གླ་ཆ་ཆད་འགྱངས་བྱས་པའི་ཁུངས་སྣེ་ངོ་མ་ཡིན་པར་དོན་འཁྱོལ་ཐུབ་པ་དང་ལན་ཆ་བྱེད་དགོས། ཞིང་ཆེན་རིམ་པའི་གླ་ཆ་ཆད་འགྱངས་ཀྱི་དཔེ་མཚོན་གྱོད་དཔེ་ཡོངས་བསྒྲགས་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།


《བརྡ་ཐོའི》ནང་།རིམ་ཁག་བཟོ་ཚོགས་ཀྱིས་གླ་ཆ་ཆད་འགྱངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ནས་གཞི་རིམ་བཟོ་ཚོགས་དང་། ལྷག་པར་དུ་རྫོང་དང་ཤང་རིམ་པ་གཉིས་ཀྱི་བཟོ་ཚོགས་སྒྲིག་འཛུགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཁེ་ལས་ལ་ཕྱོགས་ཡོངས་ནས་སྔ་ཙམ་གྲལ་བཤེར་བྱེད་པ་དང་ཁེ་ལས་ཀྱིས་གླ་ཆ་སྤྲོད་རྒྱུ་དེ་ཁེ་ལས་ཀྱི་གཏོང་སྒོར་བརྩིས་ནས་སྔོན་ལ་གནས་འཕྲོད་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།


བཟོ་ཚོགས་ཀྱི་ངལ་རྩོལ་སྐོར་གྱི་བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། “ཡིག་འཕྲིན་གཅིག་དང་ཡི་གེ་གཉིས་”ཁྱབ་བསྒྲགས་བྱས་པ་བརྒྱུད་གླ་ཆ་ཆད་འགྱངས་ཀྱི་གནད་དོན་འབྱུང་རྩ་ནས་ཐག་གཅོད་བྱེད་དགོས། རང་འགུལ་ངང་རིམ་པ་གཅིག་མཚུངས་ཀྱི་སྲིད་གཞུང་གི་འབྲེལ་ཡོད་གཙོ་གཉེར་སྡེ་ཚན་དང་འབྲེལ་གཏུག་བྱས་ནས། མི་སྣ་འཇོན་ཐང་ཅན་སྐོང་འཐེན་གྱིས་མཉམ་འབྲེལ་ཐོག ས་གནས་ས་ཐོག་ཏུ་སྐོར་ཞིབ་བྱེད་པར་ཧུར་ཐག་ཞུགས་ནས་སྲིད་གཞུང་དང་གཞུང་ཁོངས་ཁེ་ལས། དེ་བཞིན་ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྣེ་ཁྲིད་དེ་ཞིང་པ་ལས་མིར་གླ་ཆ་སྤྲོད་རྒྱུར་འགན་ལེན་བྱ་རྒྱུའི་ལྟ་སྐུལ་བྱེད་དགོས། ལས་རིགས་གཙོ་གཉེར་སྡེ་ཚན་ལ་གཞོགས་འདེགས་བྱས་ནས། ཞིང་པ་ལས་མིའི་གླ་ཆ་ཆད་འགྱངས་དང་ཁེ་ལས་ཀྱི་རྩིས་ཐོའི་དངུལ་ཆད་འགྱངས་ཀྱི་གནད་དོན་ལ་སྤྱི་འདོམས་སྐུལ་འདེད་དང་མཐུན་སྦྱོར་ངང་བཅོས་སྒྲིག་བྱས་ཏེ་སྔོན་ལ་ཞིང་པ་ལས་མིར་གླ་ཆ་སྤྲོད་དགོས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་མཉམ་འབྲེལ་ཐོག་མི་སྤྱོད་ཚན་པར་ཁྲིམས་སྐྱོང་སློབ་གསོ་དང་དྲིལ་བསྒྲགས་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གླ་ཆ་ཆད་འགྱངས་དང་ཁ་དན་ཚིག་ལ་མ་གནས་པར་སྡེ་ཚན་མང་པོས་མཉམ་དུ་ཆད་གཅོད་བསླབ་འདོམས་ཀྱི་བྱ་སྤྱོད་སྤེལ་དགོས་ཞེས་བསྟན་ཡོད།


《བརྡ་ཐོའི》ནང་། རིམ་ཁག་བཟོ་ཚོགས་ཀྱིས་རིགས་དབྱེ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གླ་ཆ་ཆད་འགྱངས་ཀྱི་གནད་དོན་ཐག་གཅོད་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། ངོ་བོ་མི་འདྲ་བའི་གླ་ཆ་ཆད་འགྱངས་ཀྱི་གནད་དོན་ཐད་རང་འགུལ་ངང་གྲོས་མོལ་མཐུན་སྦྱོར་བྱེད་པ་དང་། གྱོད་གཞི་འདྲི་གཅོད་དང་ཁྲིམས་གཅོད་མགྱོགས་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ། དེ་བཞིན་བཅའ་ཁྲིམས་བློ་འདྲི་དང་བཅའ་ཁྲིམས་ཀྱི་རོགས་སྐྱོར་གཞོགས་འདེགས་བྱེད་པ་སོགས་ཀྱི་ཐོག་ནས་ཞིང་པ་ལས་མིར་གླ་ཆ་ཆད་འགྱངས་བྱས་པའི་ཐོབ་ཆ་བདའ་འདེད་གཏོང་རོགས་གང་ཐུབ་བྱེད་དགོས། ངལ་རྩོལ་རྩོད་གཞི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་། བཟོ་ཚོགས་ངལ་རྩོལ་བཅའ་ཁྲིམས་ལྟ་སྐུལ་ཨུ་ཡོན་ལྷན་ཁང་། དེ་བཞིན་བཟོ་ཚོགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཁྲིམས་རོགས་པའི་ཚོགས་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གླ་ཆ་ཆད་འགྱངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་བསྟན་འདུག 


《བརྡ་ཐོའི》ནང་། རིམ་ཁག་བཟོ་ཚོགས་ཀྱིས་གླ་ཆ་ཆད་འགྱངས་བྱས་པའི་ཞིང་པ་ལས་མིའི་བཟོ་ཚོགས་ཀྱི་ལས་ཞུགས་རོགས་སྐྱོར་དང་དཀའ་ངལ་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས། ལས་ཤོར་གླ་ཆ་འདེད་མཁན་ངལ་རྩོལ་པའི་ལས་ཞུགས་འདོད་མོས་ལ་མཐིལ་རྟོགས་བྱས་ནས་ལས་རིགས་ངོ་སྤྲོད་དང་ལས་ཞུགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ་གང་མགྱོགས་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་དགོས། དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་རིང་། གླ་ཆ་ཆད་འགྱངས་བྱས་པའི་ངལ་རྩོལ་པར་གཙོ་གནད་ཐོག་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག ཁོང་ཚོའི་གཞི་རྩའི་འཚོ་བར་འགན་ལེན་བྱེད་དགོས་པ་དང་། དཀའ་ངལ་ཡོད་པའི་ལས་བཟོ་པར་ཡིག་ཚགས་དང་བྱང་བུ་བཟོ་བའི་ཚད་གཞི་དང་མཐུན་པའི་རིགས་ཡིན་ཕྱིན། རོགས་རམ་བྱེད་དགོས་རིགས་ལ་རོགས་རམ་གང་ལེགས་བྱས་ནས་དཀའ་གནད་ལས་སྒྲོལ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།


往期回顾

那曲公安寻回价值50余万贵重物品


那曲未来几天将有大风天气.....

དགུན་གསེང་རིང་འདིར་རིན་མེད་ཐོག་སློབ་མ་བསྡུ་རྒྱུ་རེད་འདུག

记 者:拉巴索朗

编 辑(一审):才仁拉珠

责 编(二审:国     吉

审 核(三审:戴 青 霞


扫码关注

那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章