ས་ཡོམ་རྗེས། ངེས་པར་དུ་དོན་དག་འདི་དག་ལ་དོ་སྣང་གནང་རོགས།

政务   2025-01-12 21:46   西藏  

ས་ཡོམ་རྗེས། ངེས་པར་དུ་དོན་དག་འདི་དག་ལ་དོ་སྣང་གནང་རོགས།




༄༅། །སྙིང་ཉེ་བའི་མང་ཚོགས་རྣམས་པ་ཚོ།

ས་ཡོམ་གྱི་གཡོ་འགུལ་མཚམས་ཆད་ནའང་། ཉེན་ཁ་ནི་སྔར་བཞིན་གནས་ཡོད། ཁྱེད་དང་ཁྱིམ་མིའི་ཚེ་སྲོག་བདེ་འཇགས་དང་བདེ་ཐང་གི་ཆེད་དུ། གཤམ་གྱི་དོན་དག་གལ་ཆེན་དག་ལ་དོ་སྣང་གནང་རོགས།

གཅིག ཡོམ་ལྷག་གི་ཉེན་ཁར་དོགས་ཟོན་བྱེད་དགོས།

ལྷད་གཡེང་མེད་པར་དོགས་ཟོན་བྱེད་དགོས་སྟེ། ས་ཡོམ་བརྒྱབ་རྗེས་དུས་ངེས་མེད་དུ་ཡོམ་ལྷག་འབྱུང་སྲིད་པས། དོགས་ཟོན་ཆེན་པོ་དགོས་པ་དང་། རྣམ་ཀུན་ནས་མཐའ་འཁོར་གྱི་ཁོར་ཡུག་ལ་ལྟ་ཞིབ་བྱེད་པ་ལས་ལྷོད་གཡེང་བྱེད་མི་རུང་།

ཉེན་ཁ་ཆེ་བའི་ཁུལ་ནས་རྒྱང་རིང་སར་གཡོལ་དགོས་སྟེ། རྡིབ་གྲབས་ཡོད་པའི་འཛུགས་སྐྲུན་དངོས་པོ་དང་། གློག་རྒྱུག དེ་བཞིན་བརྡ་ཁྱབ་བྱང་བུ་སོགས་དང་ཐག་རིང་ཙམ་གཡོལ་དགོས། ས་ངོས་ལ་གས་སྐྱོན་དང་རྡིབ་སྐྱོན་ཡོད་མེད་ལ་དོ་སྣང་བྱས་ཏེ། འགྱེལ་བའམ་ཡང་ན་ལྷུང་བར་སྔོན་འགོག་བྱེད་དགོས། དུས་མཚུངས་སུ་ཉེ་འཁོར་དུ་གློག་རྐུད་ཟག་པ་དང་། སོལ་རླངས་ཕྱིར་ཤོར་བ་སོགས་ཀྱི་མི་མངོན་པའི་ཉེན་ཁ་ཡོད་མེད་ལ་དོ་སྣང་བྱེད་དགོས། གལ་ཏེ་སོལ་རླངས་ཀྱི་དྲི་མ་ཚོར་ན། མེ་སྤར་བ་དང་གློག་ཆས་བེད་སྤྱོད་སོགས་མི་བྱེད་པར། མགྱོགས་མྱུར་ངང་སོལ་རླངས་ཀྱི་གཅུས་སྒོ་གནོན་དགོས་པ་དང་། སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུག་ཡག་པོ་བཟོ་དགོས་པ་མ་ཟད། བདེ་འཇགས་ས་ཁུལ་དུ་ཕྱིར་བགྲོད་བྱེད་པ་དང་། མེ་གསོད་རུ་ཁག་ལ་བརྡ་བཏང་ནས་ཐག་གཅོད་ཐུབ་ཐབས་བྱེད་དགོས། 

རྨས་སྐྱོན་གྱི་གནས་ཚུལ་ཐོན་ཡོད་མེད་ལ་བརྟག་དགོས་སྟེ། ཐོག་མར་རང་ཉིད་དང་ཉེ་འགྲམ་གྱི་མིའི་གཟུགས་པོའི་གནས་ཚུལ་ལ་བལྟ་དགོས་ཤིང་། གལ་ཏེ་རྨས་སྐྱོན་བྱུང་ཡོད་ཚེ། དུས་ཐོག་ཏུ་ཁྲག་བཀག་པ་དང་། རྨ་རས་དཀྲིས་པ་སོགས་མྱུར་སྐྱོབ་ཀྱི་བྱེད་ཐབས་སྤྱད་དགོས་པ་དང་། རྨས་སྐྱོན་ཚབས་ཆེན་ཐོན་ཡོད་ཚེ། དུས་ཐོག་ཏུ་༡༢༠མྱུར་སྐྱོབ་ལ་ཁ་པར་བརྒྱབ་ནས་ཐག་གཅོད་ཡོང་ཐབས་བྱེད་དགོས།

གཉིས། བཟའ་བཏུང་འཕྲོད་བསྟེན་ལ་དོ་ཁུར་བྱེད་དགོས་པ།

འཐུང་ཆུའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་སྟེ། ས་ཡོམ་གྱིས་རྐྱེན་པས་ཆུ་འདོན་མ་ལག་ལ་གཏོར་བརླག་ཐེབས་སྲིད་པས། ཆུ་འདོན་མ་ལག་བཟོ་བཅོས་མ་བྱས་བར་ཆུ་འཐུང་མི་ཉན། དེའི་རིང་འགྱིག་དམ་ནང་གི་འཐུང་ཆུ་ཉོ་བའམ་ ཡང་ན་ཆུ་བཀོལ་ནས་ནད་འབུ་ཕྲ་མོ་བསད་རྗེས་གཞི་ནས་བཏུངས་དགོས།

ཟས་རིགས་ཀྱི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་སྟེ། ཁ་ལག་གྲང་མོ་དང་། རུལ་བ། ངོ་བོ་འགྱུར་བ་སོགས་ཀྱི་ཟས་རིགས་ཟ་མི་ཉན་པ་དང་། ཟས་རིགས་བཙོས་ནས་ཟ་དགོས་པ། ཕོར་པ་ལ་སོགས་པའི་ཟས་སྣོད་རིགས་གཙང་མ་བཀྲུ་དགོས་པ་མ་ཟད་དུག་སེལ་བྱེད་དགོས།

གསུམ། གནས་སྐབས་བདེ་འཁོད་བཀོད་སྒྲིག་ཡག་པོ་བྱེད་དགོས་པ།

བཀོད་སྒྲིག་ལ་ཡག་པོ་ཉན་དགོས་སྟེ། སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱི་བཀོད་འདོམས་ལ་གཞོགས་འདེགས་ཧུར་ཐག་བྱས་ནས། གཏན་འཁེལ་བྱས་པའི་བདེ་འཇགས་ཉེན་གཡོལ་ཁུལ་དུ་འགྲོ་དགོས་པ་དང་། གལ་ཏེ་རང་ཐོག་ནས་གནས་སྐབས་སྡོད་གནས་སྦྲ་གུར་སོགས་བསྐྲུན་དགོས་ཚེ། ས་བབ་ཅུང་མཐོ་བ་དང་། རྒྱ་ཆེ་ལ་ཁོད་སྙོམས་པའི་ས་ཡུལ་འདེམས་པ་དང་། ཉེན་ཁ་ཆེ་བའི་ཁང་པ་དང་། ཉེན་ཁ་ཆེ་བའི་བྲག་རི།  རྒྱུག་ཆུ་སོགས་དང་ཐག་རིང་ཙམ་གཡོལ་དགོས།

དྲོད་སྲུང་དང་གྲང་འགོག་ཡག་པོ་བྱེད་དགོས་སྟེ། དགོས་ངེས་ཀྱི་གྱོན་ཆས་དང་ཉལ་གདན་སོགས་ཁྱེར་ནས་དྲོད་སྲུང་ཡག་པོ་བྱེད་དགོས་པ་དང་། མཚན་མོའི་དྲོད་ཚད་ཅུང་དམའ་བས། ངེས་པར་དུ་དྲོད་སྲུང་ལ་དོ་སྣང་ཆེན་པོ་བྱས་ཏེ་གཟུགས་གཞི་བདེ་ཐང་ཡོང་རྒྱུར་འགན་སྲུང་བྱ་དགོས་པ།


བཞི། དྲ་རྒྱའི་ཁོར་ཡུག་བཟང་པོ་གཏོད་དགོས་པ།

གཞུང་ཕྱོགས་ཀྱི་ཆ་འཕྲིན་ལ་དུས་ཐོག་ཏུ་དོ་སྣང་བྱེད་དགོས་ཤིང་། འཕྲལ་སྡོམ་རླུང་འཕྲིན་དང་། བརྙན་འཕྲིན། ལག་ཐོགས་ཁ་པར་སོགས་ཀྱི་ཐབས་ལམ་བརྒྱུད་ནས་གཞུང་ཕྱོགས་སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པའི་ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་དང་། རོགས་སྐྱོབ་འཕེལ་རིམ། དེ་བཞིན་འབྲེལ་ཡོད་ཡིད་གཟབ་བྱེད་དགོས་པའི་གནས་ཚུལ་སོགས་ལ་དོ་སྣང་དང་དོ་ཁུར་བྱེད་དགོས་པ་ལས། ། དགོས་མེད་ཀྱི་འཇིགས་སྣང་མི་འབྱུང་བ་བྱེད་དགོས།

ཁྲིམས་མཐུན་དང་ལུགས་མཐུན་གྱི་སྒོ་ནས་རང་གི་རེ་འདུན་ཤོད་དགོས་སྟེ། དྲ་རྒྱ་ནི་ཁྲིམས་ལུགས་མེད་པ་ཞིག་མིན་པས། དྲ་ཐོག་ནས་གཏམ་བཤད་སྤེལ་སྐབས་ངེས་པར་དུ་གཟབ་ནན་བྱེད་དགོས། དེ་ཡང་རང་གི་སྐད་ཆ་ལུགས་མཐུན་ཡིན་ཡང་བསམ་ཡན་འཁྱེར་བའི་མི་ཁག་ཅིག་གིས་དེ་བེད་སྤྱོད་དང་འུད་སྒྲོག་བྱེད་སྲིད་པས།གཏམ་འཆལ་ལ་ཡིད་ཆེས་མི་བྱེད་པ་དང་། གཏམ་འཆལ་དྲིལ་བསྒྲགས་མི་བྱེད་པ། གཏམ་འཆལ་མི་བཟོ་བ་བཅས་ཀྱི་རྩ་དོན་ལག་ལེན་བསྟར་དགོས། གལ་སྲིད་རེ་འདུན་ཞུ་དགོས་ཚེ། ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་དགོས་པ་བཅས་སོ།

ང་ཚོས་ལག་གདང་དཔུང་སྦྲེལ་དང་། དཀའ་སྤྱད་མཉམ་ཁུར་གྱི་ཐོག་ནས་ད་ལྟའི་དཀའ་ངལ་ལས་སྒྲོལ་ཐུབ་པ་དང་། སྔ་ཙམ་རྒྱུན་ལྡན་འཚོ་བ་སླར་གསོ་བྱ་རྒྱུར་རེ་སྒུག་བྱེད་དགོས།

མཇུག་ཏུ།  ལྷན་རྒྱས་ཚང་མ་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། 



来   源:县委宣传部

编 辑:王圆圆

   审:刘建军

复   审:平措

终   审:柳丽英

投稿邮箱:lazixian@wxrkz.gov.cn


拉孜县发布
高举旗帜、引领导向,围绕中心、服务大局,团结人民、鼓舞士气,成风化人、凝心聚力,澄清谬误、明辨是非,联接中外、沟通世界
 最新文章