首批7家检测机构抵达西藏拉孜县 震后损失评估进行中

政务   2025-01-11 17:02   西藏  

西藏定日县7日发生6.8级地震,拉孜县与定日县相邻,距离震中67公里,截至10日晚6点,地震已造成拉孜县房屋倒塌1600余户,受灾群众约4.65万名。在做好受灾群众安置工作的同时,拉孜县震后损失评估工作也在有序推进。

      སྤྱི་ཚེས་7ཉིན། བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། ལྷ་རྩེ་རྫོང་ནི་དིང་རི་རྫོང་དང་འདབས་འབྲེལ་དུ་གནས་ཤིང་ཡོམ་ལྟེ་དང་བར་ཐག་སྤྱི་ལེ་67ཙམ་ཡོད། སྤྱི་ཚེས་10ཉིན་གྱི་དགོང་མོའི་ཆུ་ཚོད་6པའི་བར། ས་ཡོམ་གྱི་རྐྱེན་པས་ལྷ་རྩེ་རྫོང་གི་ཁང་པ་1600ལྷག་ཙམ་བརྡིབས་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཧ་ལམ་ཁྲི་4.65ཙམ་ཟིན་ཡོད་པ་རེད། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བཀོད་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག ལྷ་རྩེ་རྫོང་གི་ས་ཡོམ་རྗེས་ཀྱི་གྱོང་གུན་དཔྱད་དཔོག་ལས་དོན་ལའང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།

10日,西藏自治区首批7家检测机构17名技术人员抵达拉孜县,在拉孜县城和离定日震区最近的芒普乡开展房屋鉴定工作,陆续还有33名自治区应急部门技术人员赶往拉孜县,开展地震灾害损失评估。

     སྤྱི་ཚེས་10ཉིན། བོད་རང་སྐྱོང་ལྗོངས་ཀྱི་ཁག་དང་པོའི་དཔྱད་དཔོག་ལས་ཁུངས་7གྱི་ལག་རྩལ་མི་སྣ་17ལྷ་རྩེ་རྫོང་དུ་འབྱོར་བ་དང་། ལྷ་རྩེ་རྫོང་གྲོང་དང་དིང་རི་ས་ཡོམ་ཁུལ་དང་ཐག་ཉེ་ཤོས་ཀྱི་མང་ཕུ་ཤང་དུ་ཁང་པ་གསལ་འབྱེད་ཀྱི་ལས་དོན་སྤེལ་བ་དང་། ད་དུང་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་སྡེ་ཚན་གྱི་ལག་རྩལ་མི་སྣ་33སྔ་རྗེས་སུ་ལྷ་རྩེ་རྫོང་དུ་བསྐྱོད་ནས་ས་ཡོམ་གནོད་འཚེའི་གྱོང་གུན་ལ་དཔྱད་དཔོག་བྱ་རྒྱུ་རེད།

拉孜县常务副县长 边巴罗杰:拉孜县全面组织社会各方力量,排查灾情损失情况。为了下一步恢复重建工作精准提高,我们现在积极对接上级行业部门,对拉孜的公共服务设施和民房损失情况进行鉴定。

     ལྷ་རྩེ་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་སྤེན་པ་ནོར་རྒྱས་ཀྱིས། ལྷ་རྩེ་རྫོང་གིས་ཕྱོགས་ཡོངས་ནས་སྤྱི་ཚོགས་ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གནོད་འཚེའི་གྱོང་གུན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཡོད། གོམ་སྟབས་རྗེས་མའི་སླར་གསོ་བསྐྱར་སྐྲུན་ལས་དོན་གནད་ལ་འཁེལ་བའི་སྒོ་ནས་མཐོ་རུ་གཏོང་ཆེད། ད་ལྟ་ང་ཚོས་གོང་རིམ་གྱི་ཆེད་དོན་སྡེ་ཚན་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་ལྷ་རྩེའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་དང་དམངས་སྡོད་ཁང་པའི་གྱོང་གུན་གནས་ཚུལ་ལ་གསལ་འབྱེད་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

来   源:中央新闻客户端、中央广播电视总台藏语、拉孜窗口

编 辑:王圆圆

   审:王圆圆

复   审:刘建军

终   审:平措

投稿邮箱:lazixian@xrkz.gov.cn


拉孜县发布
高举旗帜、引领导向,围绕中心、服务大局,团结人民、鼓舞士气,成风化人、凝心聚力,澄清谬误、明辨是非,联接中外、沟通世界
 最新文章