尊敬的家长朋友、亲爱的同学们:
森林资源是全人类的共同财富,森林草原防火是全社会的共同责任,冬季风干物燥,降水量少,森林火险等级持续升高,目前已进入森林草原防火紧要期。在寒假即将来临之际,广大家长、同学们要坚持从自身做起,争做森林草原防火工作的宣传者、引领者、践行者和守护者。为此,江达县林业和草原局特向全县广大中小学生及家长提出如下倡议:
一、每个学生要成为森林草原防火的小喇叭。积极担当森林草原防火小宣传员,向家长、邻居、亲戚、朋友宣传防范森林火灾、保护森林资源的重要性,以“小手拉大手”影响、带动和辐射周围的人们牢固树立森林草原防火意识、自觉履行防火义务。
二、每个学生要成为森林草原防火的小标兵。严格遵守野外火源管理规定,做到不在野外烧荒火,不烧田坎、土坎,不在野外烧烤食物,不在野外烧火做饭,不在山林中燃放烟花、鞭炮,不在山中用火烧蜂、驱赶野生动物,不在野外玩火,用自身的行动成为模范遵守森林草原防火的小标兵。
三、每个学生要成为森林草原防火的小卫士。遇到家长和游客在林区吸烟、烧香烧纸、野外吸烟等违法行为,及时上前劝阻。一旦发生森林火灾,要及时拨打森林火灾报警电话(或拨打12119、110)或立即上报江达县林业和草原局(电话号:4519119)。请各位家长要做孩子的榜样,以身作则,率先垂范,牢固树立法治意识、防范意识,严格遵守关于森林草原防火的各项规定。请各位家长务必要对自己的孩子尽到监护责任。特别是在春冬季、寒暑假防火期内,要严格控制学生携带打火机、火柴等火种,更不能让幼儿玩火。
小手拉大手,防火一起走!保护森林资源安全是每个人应尽的责任和义务,为了您和他人的平安与幸福,请时刻注意森林草原防火。
江达县林业和草原局
2024年12月15日
༄༅།།རྫོང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་ཁྱིམ་བདག་རྣམ་ལ་སྤྲིངས་པའི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་གྲོས་འདོན་ཡི་གེ།
གུས་པར་འོས་པའི་ཁྱིམ་བདག་གྲོགས་པོ་དང་མཛའ་བརྩེ་ལྡན་པའི་སློབ་ཕྲུག་རྣམ་པ་ཚོ།
ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འགན་འཁྲི་ཞིག་ཡིན། དགུན་དུས་སྐམ་ཤས་ཆེ་ལ་ཆར་ཆུ་ཉུང་བ་དང་། ནགས་ཚལ་གྱི་མེ་ཉེན་རིམ་པ་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད་པས་མིག་སྔར་ནགས་ཚལ་དང་རྩྭ་ཐང་མེ་ཟོན་གྱི་གལ་ཆེའི་དུས་སྐབས་སུ་སླེབས་ཡོད། དགུན་ཁའི་གུང་གསེང་འཆར་ལ་ཉེ་བའི་སྐབས་འདིར་རྒྱ་ཆེའི་ཁྱིམ་བདག་དང་སློབ་ཕྲུག་ཚོས་རང་ཉིད་ནས་འགོ་བཙུགས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གྱི་དྲིལ་བསྒྲགས་མཁན་དང་སྣེ་ཁྲིད་མཁན། ལག་བསྟར་མཁན། སྲུང་སྐྱོང་མཁན་བཅས་བྱེད་པར་བརྩོན་ལེན་བྱེད་དགོས་པས། དེར་བརྟེན་འཇོ་མདའ་རྫོང་ནགས་ལས་དང་རྩྭ་ཐང་ཅུད་ཀྱིས་རྫོང་ཡོངས་ཀྱི་རྒྱ་ཆེའི་སློབ་གྲྭ་འབྲིང་ཆུང་གི་སློབ་ཕྲུག་དང་ཁྱིམ་བདག་རྣམ་ལ་གྲོས་འགོ་བཏོན་རྒྱུ་གཤམ་ལྟར།
གཅིག སློབ་ཕྲུག་ཚང་མ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་མཁན་ཆུང་ཆུང་ཞིག་ཏུ་འགྱུར་བ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་མཁན་ཆུང་ཆུང་གི་འགན་འཁྲི་ཧུར་ཐག་ཁུར་ནས་ཁྱིམ་བདག་དང་ཁྱིམ་མཚེས། གཉེན་ཉེ། གྲོགས་པོ་བཅས་ལ་ནགས་ཚལ་གྱི་མེ་ཟོན་དང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་དྲིལ་བསྒྲགས་བྱས་ཏེ"ལག་ཆུང་གིས་ལག་ཆེན་ཁྲིད་པའི"ཤུགས་རྐྱེན་གྱི་ཐོག་ནས་ཉེ་འཁོར་གྱི་མི་རྣམས་ལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འདུ་ཤེས་བརྟན་པོ་འཛུགས་པ་དང་རང་འགུལ་ངང་མེ་ཟོན་གྱི་འོས་འགན་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་དགོས།
གཉིས། སློབ་ཕྲུག་ཚང་མ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བྱེད་མཁན་གྱི་མིག་དཔེ་ཆུང་ཆུང་ཞིག་ཏུ་འགྱུར་བ་བྱེད་དགོས། ཕྱི་རོལ་གྱི་མེ་ཁུངས་དོ་དམ་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་རི་ཐང་དུ་མེ་བེད་སྤྱོད་མི་གཏོང་བ་དང་། ཞིང་ཁ་དང་རྩྭ་ལྡུམ་མི་བསྲེགས་པ། ཕྱི་རོལ་དུ་ཟ་མ་མི་བསྲེགས་པ། ཕྱི་རོལ་དུ་མེ་བཏང་ནས་ཟ་མ་མི་བཟོ་བ། ནགས་ཁྲོད་དུ་ཚོན་ཁྲ་ཅན་གྱི་ཤོག་སྦག་མི་སྤར་བ། རི་ཁྲོད་དུ་སྦྲང་ཚང་མི་བསྲེགས་པ། རི་སྐྱེས་སྲོག་ཆགས་མཐར་སྐྲོད་མི་གཏོང་བ། ཕྱི་རོལ་དུ་མེ་རྩེད་མི་རྩེད་པ་བཅས་བྱས་ཏེ་རང་ཉིད་ཀྱི་བྱ་སྤྱོད་ཐོག་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་བརྩི་སྲུང་ཞུ་མཁན་གྱི་མིག་དཔེ་ཞིག་ཏུ་འགྱུར་བ་བྱེད་དགོས།
གསུམ། སློབ་ཕྲུག་ཚང་མ་ནགས་ཚལ་དང་རྩྭ་ཐང་མེ་ཟིན་གྱི་སྲུང་དམག་ཆུང་ཆུང་དུ་འགྱུར་བ་བྱེད་དགོས། ཁྱིམ་བདག་དང་ཡུལ་སྐོར་བས་ནགས་ཁུལ་དུ་ཐ་མག་འཐེན་པ་དང་། བསང་གཏོང་བ། ཤོག་བུ་བསྲེགས་པ། ཕྱི་རོལ་དུ་ཐ་མག་འཐེན་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་བ་མཐོང་ཚེ་ལམ་སེང་ཁ་ཏ་བསླབ་བྱ་བྱེད་དགོས། གལ་ཏེ་ནགས་ཚལ་ལ་མེ་སྐྱོན་བྱུང་ཚེ་དུས་ཐོག་ཏུ་ནགས་ཚལ་མེ་སྐྱོན་གྱི་ཉེན་བརྡའི་ཁ་པར(12119དང་110)རྒྱག་པའམ་ཡང་ན་འཇོ་མདའ་རྫོང་ནགས་ལས་དང་རྩྭ་ཐང་ཅུད་ལ་སྙན་སེང་ཞུ་དགོས(ཁ་པར་ཨང་གྲངས་ནི4519119) ཁྱིམ་བདག་རྣམ་པས་རང་གི་ཕྲུ་གུའི་མིག་དཔེ་བཟང་པོ་ཞིག་བྱས་ཏེ་རང་དཔེ་གཞན་སྟོན་གྱིས་ཁྲིམས་སྐྱོང་གི་འདུ་ཤེས་དང་འགོག་ཟོན་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྐོར་གྱི་གཏན་འབེབས་ཁག་ལ་བརྩི་སྲུང་ནན་པོ་ཞུ་དགོས་ལ། ཁྱིམ་བདག་རྣམ་པས་ངེས་པར་དུ་རང་གི་བུ་ཕྲུག་ལྟ་སྐྱོང་ཡག་པོ་བྱེད་པའི་འགན་ཁུར་དགོས། ལྷག་པར་དུ་དགུན་དཔྱིད་དང་དབྱར་གསེང་གི་མེ་འགོག་དུས་སྐབས་སུ་སློབ་ཕྲུག་ཚོས་མེ་ཆ་དང་འབུད་ཤིང་སོགས་མེ་སོན་གྱི་ཡོ་བྱད་འཁྱེར་བར་ཚོད་འཛིན་ནན་པོ་བྱེད་དགོས་ལ་བྱིས་པར་མེ་རྩེད་རྩེད་རུ་འཇུག་མི་རུང་།
ལག་ཆུང་གིས་ལག་ཆེན་ཁྲིད་ནས་དང་མཉམ་དུ་མེ་ཟོན་བྱེད་དགོས། ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་མི་ཚང་མས་ཁུར་དགོས་པའི་འགན་འཁྲི་དང་འོས་འགན་ཡིན། ཁྱེད་དང་མི་གཞན་གྱི་བདེ་འཇགས་དང་བདེ་སྐྱིད་ཀྱི་ཆེད་དུ་དུས་དང་རྣམ་པ་ཀུན་ཏུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལ་དོ་སྣང་བྱེད་རོགས།
འཇོ་མདའ་རྫོང་ནགས་ལས་དང་རྩྭ་ཐང་ཅུད།
2024ལོའི་ཟླ་བ12ཚེས15ཉིན།
主 编:廖量
副主编:益西
责 编:仁珍巴姆
来 源:县林业和草原局
投稿邮箱:jdxwmb2019@sina.com