关注 | 地震发生时如何第一时间科学避震

政务   2025-01-08 19:30   西藏  

点击蓝字关注我们


地震发生时,首先要保持冷静,不要慌乱,快速判断自己所处位置和振动状况。

国内外专家普遍认为,震时就地避险,震后迅速撤离,是应急避震的基本准则。

地震发生时,如果你所处的是平房或楼房一层,且室外比较开阔,可以力争迅速跑出室外避震;如果是楼房二层或以上,且室内避震条件和建筑质量较好,首先要选择室内避震,因为地震时震动时间短、强度大、人往往无法自主站立,很难迅速从楼内跑到室外,应优先选择立即躲避在室内的卫生间、储藏室、浴室等开间小,有承重墙或支撑物的地方或者是坚固的桌子、床、茶几、沙发等家具旁,这些地方在房屋垮塌时容易形成三角空间。这时你要迅速伏地趴下,尽量蜷曲身体,降低身体重心;低头用衣服、枕头等护住头颈,不要压住口鼻;抓住身边牢固的物体,防止摔倒或身体移位。

专家提醒,地震发生时,特别要牢记绝不要在慌乱中选择跑向阳台、翻窗或跳楼,这一点极为重要。因为地震来袭时,门窗会迅速扭曲变形,这些地方都是地震时可能最先坍塌的地方。同时,中高楼层居民千万不要搭乘电梯逃生。如果地震发生时你身处户外,则应迅速避开如楼房(特别是有玻璃幕墙的楼房)立交桥、过街天桥、高烟囱和广告牌等这些高大建筑物;远离水坝、陡坡山崖、狭窄街道和危旧房屋;特别要注意避开变压器、高压线、电线杆,以防触电;不要在易燃易爆危险品仓库附近停留。


ས་འགུལ་ཡོང་སྐབས་ཐོག་མར་སེམས་ལྷོད་པོར་སྡོད་དགོས་པ་ལས་འཚུབ་ཆ་མེད་པར་རང་ཉིད་སྡོད་སའི་གནས་ས་དང་ཡོམ་འགུལ་གྱི་གནས་ཚུལ་ལ་མགྱོགས་མྱུར་ངང་བརྡར་ཤ་གཅོད་དགོས།རྒྱལ་ཁབ་ཕྱི་ནང་གི་ཆེད་ལས་པ་རྣམས་ཀྱིས་ས་ཡོམ་ཡོང་སྐབས་གནས་དེར་རང་སར་ཉེན་གཡོལ་བྱེད་པ་དང་ས་ཡོམ་ཡོང་རྗེས་མགྱོགས་མྱུར་སྒོས་ཕྱིར་བུད་པ་ནི་འཕྲལ་སྡོམ་ས་ཡོམ་ལ་གཡོལ་བའི་གཞི་རྩའི་ཚད་གཞི་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།ས་འགུལ་བྱུང་སྐབས། གལ་ཏེ་ཁྱེད་ཉིད་ཡོད་སའི་ཁང་པ་ཐང་འདུག་མ་དང་ཁང་བརྩེགས་གཅིག་ཡོད་པ་ཡིན་ལ། ཁང་པའི་ཕྱི་ཅུང་ཡངས་ཤིང་རྒྱ་ཆེ་ན། མགྱོགས་མྱུར་གྱིས་ཕྱི་རོལ་ཏུ་ས་འགུལ་ལས་གཡོལ་ཐུབ་པར་འབད་དགོས། གལ་ཏེ་ཐོག་བརྩེགས་གཉིས་པའམ་དེ་ལས་མཐོ་བ་ཞིག་ཡིན་པ་དང་། ཁང་པའི་ནང་གི་ཡོམ་གཡོལ་ཆ་རྐྱེན་དང་བཟོ་སྐྲུན་གྱི་སྤུས་ཚད་ཅུང་ལེགས་པ་ཡིན་ན། ཐོག་མར་ཁང་བའི་ནང་དུ་ས་འགུལ་ལ་གཡོལ་དགོས། རྒྱུ་མཚན་ནི་ས་འགུལ་ཡོང་སྐབས་འདར་འགུལ་གྱི་དུས་ཡུན་ཐུང་ཞིང་། དྲག་ཚད་ཆེ་བ། མིས་རྒྱུན་པར་རང་འགུལ་གྱིས་ལངས་མི་ཐུབ་པ་དང་། མགྱོགས་མྱུར་ངང་ཁང་བའི་ཕྱི་ལ་བྲོས་དཀའ་བས། སྔོན་ལ་ཁང་བའི་ནང་གི་གསང་སྤྱོད་དང་། མཛོད་ཁང། ཁྲུས་ཁང་སོགས་ཁང་པ་ཆུང་ཆུང་དང་། ལྗིད་མོ་འདེགས་བྱེད་ཀྱི་གྱང་དང་དངོས་པོ་འདེགས་ཆས་ཡོད་ས། ཡང་ན་སྲ་ཞིང་བརྟན་པའི་ཅོག་ཙེ་དང་། མལ་ཁྲི། ཇ་འཐུང་ས། འབོལ་ཁྲི་སོགས་ཁྱིམ་ཆས་ཀྱི་འགྲམ་དུ་གཡོལ་བ་བྱས་ན། གནས་འདི་དག་གི་ཁང་པ་ལོག་ན་ཟུར་གསུམ་གྱི་བར་སྟོང་གྲུབ་སླ་བ་རེད།སྐབས་དེར་ཁྱེད་ཀྱིས་མགྱོགས་མྱུར་ངང་ཁ་སྦུབ་དུ་ཉལ་བ་དང་། གང་ཐུབ་ཀྱིས་གཟུགས་པོ་འཁུམས་ནས་གཟུགས་པོའི་ལྗིད་ཚད་དམའ་རུ་གཏོང་དགོས། མགོ་བསྒུར་ནས་གོན་པ་དང་སྔས་མགོ་སོགས་ཀྱིས་མགོ་དང་སྐེ་སྲུང་སྐྱོབ་བྱེད་དགོས་པ་ལས་ཁ་སྣ་གནོན་མི་རུང་། ཡང་ན་ཉེ་འགྲམ་གྱི་སྲ་བརྟན་གྱི་དངོས་པོ་ལ་བཟུང་ནས་ཐང་ལ་འགྱེལ་བའམ་ཡང་ན་ལུས་པོ་གནས་སྤོར་བྱེད་པར་སྔོན་འགོག་བྱེད་དགོས།ཆེད་ལས་པ་མཁས་ཅན་རྣམས་ཀྱིས་དྲན་སྐུལ་བྱས་པར། ས་ཡོམ་ཡོང་སྐབས་ལྷག་པར་དུ་བྲེལ་འཚུབ་ངང་ཉི་གཡབ་ཕྱོགས་སུ་བསྐྱོད་པ་དང་སྒེའུ་ཁུང་ཕྱོགས་སུ་བསྐྱོད་པའམ་ཡང་ན་ཐོག་མཆོང་མི་བྱེད་པ་དེ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རྒྱུ་མཚན་ནི་ས་འགུལ་བྱུང་སྐབས། སྒོ་དང་སྒེའུ་ཁུང་མྱུར་དུ་འཁྱོག་པ་དང་ཆག་ནས་གཟུགས་འགྱུར་བྱུང་བས། གནས་འདི་དག་ཚང་མ་ནི་ས་འགུལ་གྱི་སྐབས་སུ་རྡིབ་སླ་བ་རེད། དེ་དང་མཉམ་དུ། མཐོ་གྲས་ཀྱི་ཐོག་བརྩེགས་བསྡོད་མི་རྣམས་གློག་སྐས་ལ་བསྡད་ནས་བྲོས་ཐབས་གཏན་ནས་བྱེད་མི་རུང་། གལ་ཏེ་ས་འགུལ་ཡོང་སྐབས་ཁྱོད་ཕྱི་རོལ་ཏུ་བསྡད་ཡོད་ན། མགྱོགས་མྱུར་ངང་དཔེར་ན་ཁང་བ(ལྷག་པར་དུ་ཤེལ་གྱི་གྱང་ཡོད་པའི་ཁང་བ)དང་། ཟམ་པ། དུ་ཁུང་མཐོན་པོ་ཡོད་ས། བརྡ་ཁྱབ་འགྲེམ་པང་སོགས་ཐོག་ཁང་ཆེན་པོ་འདི་དག་ལས་གཡོལ་དགོས། ཆུ་རགས་དང་། བྲག་རི། གུ་དོག་པའི་ཁྲོམ་ལམ། ཁང་པ་རྙིང་པ་བཅས་ལ་བར་ཐག་རིང་དགོས་པ་དང་། དེ་བས་ཀྱང་གློག་གིས་མི་རྒྱག་པར་གློག་གནོན་སྒྱུར་ཆས་དང་མཐོ་གནོན་གློག་སྐུད། གློག་སྡོང་སོགས་ལ་མཉམ་འཇོག་བྱེད་དགོས་ལ། འབར་གས་སླ་བའི་ཉེན་ཆེའི་དངོས་རྫས་མཛོད་ཁང་གི་ཉེ་འགྲམ་དུ་འདུག་མི་རུང་།

——END——

编辑(初审):巴桑拉姆

校对(复审):王楠 李丹丹

审核(终审):吴小聪

来源:色尼区消防救援大队



网信色尼
色尼要闻、信息公开、专题报道、援藏动态、色尼经济、色尼旅游、平安色尼、历史文化
 最新文章