=== 愿 诸 见 闻 者 • 速 疾 成 佛 道 ===
༄༅།།ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་སྒྲུབ་ཐབས་བསྡུས་པ་བཞུགས་སོ།།
【十一面大悲观音简略观修仪轨】
དབྱིངས་རིག་དབྱེར་མེད་རང་བཞིན་སྟོང་པའི་ངང་།།
央熱耶美讓飲東被昂 智慧空性無二虛空中
བདག་དང་མདུན་གྱི་ནམ་མཁར་པད་ཟླའི་སྟེང་།།
達當登吉南卡班麗當 吾與前方蓮月寶座上
ཧྲཱིཿདཀར་པདྨ་ལས་བྱུང་སྤྱན་རས་གཟིགས།།
舍尕班瑪裏兄賢熱斯 白色舍字由蓮生觀音
རྩ་བའི་ཞལ་དཀར་གཡས་ལྗང་གཡོན་པ་དམར།།
匝微夏噶益疆雲巴瑪 根本面白右綠左爲紅
དེ་སྟེང་དབུས་ལྗང་གཡས་དམར་གཡོན་དཀར་པོ།།
代當微疆益瑪雲噶布 其上中綠右紅左潔白
དེ་སྟེང་དབུས་དམར་གཡས་དཀར་གཡོན་ལྗང་ཞལ།།
代當微瑪益噶雲疆夏 複上中紅右白左翠綠
སྟེང་དུ་ཁྲོ་ཞལ་མཐིང་ག་དེའི་སྤྱི་བོར།།
當得巢夏唐嘎得喜邬 最上青藍忿怒頂戴上
འོག་དཔག་མེད་པའི་ཞལ་མཛེས་རྩ་ཕྱག་གཉིས།།
吽巴美被夏紫匝夏尼 無量光佛一面二臂相
ཐུགས་ཀར་ཐལ་སྦྱར་དེ་འོག་ཤེལ་ཕྲེང་དང་།།
圖嘎它夏代吽謝昌當 雙手合掌次晶珠金蓮
ཆུ་སྐྱེས་གསུམ་པས་མཆོག་སྦྱིན་སྤྱི་བླུགས་བསྣམས།།
奇喜三被巧星喜魯囊 第三雙右勝施左寶瓶
བཞི་བས་འཁོར་ལོ་མདའ་གཞུ་ལེགས་པར་འཛིན།།
喜微闊羅達西來巴紫 第四右持法輪左弓箭
ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་གཉིས་པོ།།
拉瑪各迦格吉匝尼波 其余九百九十二只手
མཆོག་སྦྱིན་མཛད་ཅིང་ཕྱག་གི་མཐིལ་རྣམས་ལ།།
巧星匝疆夏格特南拉 作勝施印及于掌心中
འགྲོ་ལ་གཟིགས་པའི་སྤྱན་མངའ་རིན་ཆེན་གྱི།།
卓拉斯被賢阿仁慶吉 各張一目慈悲觀有情
རྒྱན་མཛེས་ལྷབ་ལྷུབ་དར་གྱི་ན་བཟའ་ཅན།།
見紫拉魯達吉那薩劍 摩尼寶飾妙衣裙莊嚴
མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས་པའི་སྐུ།།
燦被别吧龍觉佐被咕 具德相好受用之報身
ཞབས་གཉིས་མཉམ་བཞེངས་རྩ་བརྒྱུད་བླ་མར་བཅས།།
夏尼那香匝吉喇嘛具 雙足聳立圍擁本傳師
ཞི་ཁྲོ་རབས་འབྱམས་ཀྱིས་བསྐོར་གནས་གསུམ་དུ།།
喜巢燃疆吉果尼三得 以及無量寂靜忿怒尊
ཡི་གེ་གསུམ་མཚན་ཧྲཱིཿཡིག་འོད་ཟེར་གྱིས།།
耶給三燦舍耶微塞吉 三處三字舍字放光芒
རང་བཞིན་གནས་ནས་བླ་མ་སྤྱན་རས་གཟིགས།།
讓迎尼尼喇嘛賢熱斯 法界迎請觀音上師尊
འཁོར་བཅས་སྤྱན་དྲངས་གཉིས་སུ་མེད་པར་གྱུར།།
闊具賢章尼斯麥巴吉 以及眷屬融入無分別
དབང་བསྐུར་འོད་དཔག་མེད་ཀྱིས་དབུ་ལ་བརྒྱན།།
望格吽巴美吉微拉劍 獲得灌頂無量光頂嚴
བླ་མ་སྤྱན་རས་གཟིགས་དབང་འཁོར་བཅས་ཀྱི།།
喇嘛賢熱斯望闊具吉 三門頂禮上師觀世音
ཞབས་ཀྱི་པདྨོར་སྒོ་གསུམ་གུས་ཕྱག་འཚལ།།
夏吉班摩果三給夏礤 及彼眷屬衆之蓮足下
མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་།།
巧雲夏塞美朵得被當 供養淨水妙花及熏香
མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་མཆོག།
瑪美汁恰夏塞如摩當 明燈香水珍馐勝妙音
རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་སོགས།།
迦塞登當紮西紫達索 七寶八吉祥及八瑞物
དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལུས་འབུལ།།
偶賢耶哲巧巴瑪盧巴 實設意變供盡所有聚
ལུས་ངག་ཡིད་ཀྱིས་མི་དགེ་ཅི་བགྱིས་དང་།།
裏阿耶吉美給吉薩巴 我身語意所造諸惡業
ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས།།
陀美尼薩德董瑪盧巴 以及往昔罪墮皆忏悔
སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་སོགས།།
桑吉香塞南圖讓迦索 隨喜諸佛菩薩聲緣衆
སྐྱེ་འཕགས་དགེ་བ་རྣམས་ལ་རྗེས་ཡི་རང་།།
吉帕給瓦南拉吉耶讓 聖者凡夫所行一切善
ཐུགས་རྗེ་མངའ་བདག་བླ་མ་ལྷ་ཚོགས་རྣམས།།
圖吉阿達喇嘛拉措南 祈請具悲上師諸佛等
འཁོར་བ་མ་སྟོང་བར་དུ་ལེགས་བཞུགས་ནས།།
闊哇瑪董巴德來喜尼 圓滿住世乃至輪回空
སྐྱེ་གནས་བཞི་དང་རིགས་དྲུག་གིས་བསྡུས་པའི།།
謝尼喜當熱知給滴被 廣轉法輪願度四種生
འགྲོ་ལ་ཆོས་འཁོར་མ་ལུས་བསྐོར་དུ་གསོལ།།
卓拉秋闊瑪盧果得索 以及六道無數諸有情
བགྱིས་དང་བགྱིད་བསྩལ་རྗེས་སུ་ཡི་རང་བའི།།
吉當吉匝吉色耶讓微 隨喜所作將作諸善根
བདག་གཞན་དགེ་ཀུན་བྱང་ཆུབ་ཆེན་པོར་བསྔོ།།
達賢給根香曲欽被吽 自他衆善回向大菩提
བདག་མདུན་ལྷ་ཡི་ཐུགས་ཀར་ཟླ་བའི་སྟེང་།།
達登拉益圖嘎拉微當 吾前本尊心間月輪上
ཧྲཱིཿཡིག་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས།།
舍耶阿吉昌微果哇麗 舍字周遭圍繞咒輪鬘
ལྷ་ཡི་སྐུ་དང་འོད་ཟེར་དཔག་མེད་འཕྲོས།།
拉耶格當吽塞巴美楚 放出無量天尊與光芒
རིགས་དྲུག་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་སྦྱངས།།
熱知卓微得治得阿祥 淨除六道衆生罪障苦
འཕགས་པའི་གོ་འཕང་ལ་བཀོད་རྒྱལ་བ་རྣམས།།
帕被果旁拉果迦哇南 安置佛果及于諸尊衆
རབ་འབྱམས་མཆོད་པའི་སྤྲིན་གྱིས་མཉེས་བྱས་ཏེ།།
燃疆巧被正吉尼喜代 獻雲海供無量令欣喜
བྱིན་རླབས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི།།
星拉吽汁彈見吽塞吉 無量加持殊勝諸悉地
རྣམ་པར་ཚུར་བསྡུས་རང་ལ་ཐིམ་པར་གྱུར།།
南巴慈第讓拉天巴吉 皆化光芒融入自相續
༄༅།།ཐུགས་རྗེ་ཆེན་པོའི་གཟུངས་རིང་།།
【 诵 大 悲 咒 】
ན་མོ་རཏྣ་ཏྲ་ཡཱ་ཡ།ན་མོ་ཨཱརྱ་ཛྙཱ་ན་སཱ་ག་ར་བཻ་རོ་ཙ་ནཱ་བྱཱུ་ཧ་རཱ་ཛཱ་ཡ།ཏ་ཐཱ་ག་ཏཱ་ཡ།ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ ཨཪྷ་ཏེ་བྷྱཿ སམྱཀྶཾ་བུདྡྷེ་བྷྱཿ ན་མཿ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ།བོ་དྷི་སཏྭཱ་ཡ།མ་ཧཱ་སཏྭཱ་ཡ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ།ཏདྱ་ཐཱ།ཨོཾ་དྷ་ར་དྷ་ར།དྷི་རི་དྷི་རི།དྷུ་རུ་དྷུ་རུ།ཨིཊྚེ་བཊྚེ།ཙ་ལེ་ཙ་ལེ།པྲ་ཙ་ལེ་པྲ་ཙ་ལེ།ཀུ་སུ་མེ། ཀུ་སུ་མ་ཝ་རེ།ཨི་ལི་མི་ལི། ཙི་ཏི་ཛྭ་ལ་མ་པ་ན་ཡ་སྭཱ་ཧཱ། 南无 热拿 扎呀呀 南无阿因加纳 桑噶ra 贝如杂呐 哇依哈然杂呀 达他嘎达呀 南米萨儿哇达他噶地比 阿ra哈谛比 三哟三布地比 南米阿呀儿阿瓦鲁给地 乎ra呀 布嘚萨埵呀 玛哈萨埵呀 玛哈噶仍呢噶呀 达雅他 嗡 达ra 达ra 得热 得热 得热 得热 额只哇只 咋哩咋哩 扎咋哩扎咋哩 格斯米 格斯玛哇rei 额勒闷勒 兹嘚租拉 玛巴纳呀 梭哈
ཨོཾ་མ་ཎིཔདྨེ་ཧཱུཾ།
六字真言:嗡 嘛呢 呗咪 吽
大悲咒至少诵七遍,再念六字真言,
越多越好,最后诵莲花部百字明三遍。
༄༅།།པདྨའི་ཡིག་བརྒྱ།།
【 莲 花 部 百 字 明 】
༄༅།།པོ་བསྟོད་ནི།།
འཇིག་རྟེན་དབང་ཕྱུག་མགོན་པོ་ལ་ཕྱག་འཚལ་ལོ།།
吉颠旺邱衮波拉洽采洛
顶 礼 世 间 自 在 怙 主 尊
འཇིག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ།།
吉丹喇嘛斯巴松给多巴波 世间上师三有悉赞者
ལྷ་ཡི་གཙོ་བོ་བདུད་དང་ཙངས་པས་བསྟོད་པ་པོ།།
拉依作沃度当仓贝多巴波 天界主尊魔梵称赞者
ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ།།
图贝嘉乔多贝竹巴再巴波 能仁胜王赞颂成就者
འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ།།
吉丹松给衮波乔拉恰擦洛 殊胜三界怙主我顶礼
བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ།།
得谢巴美古得古桑增巴波 具足善逝无量妙身者
བདེ་གཤེགས་སྣང་བ་མཐའ་ཡས་དབུ་བརྒྱན་འཛིན་པ་པོ།།
得谢囊巴塔耶布坚增巴波 无量光佛持为顶严者
ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་པ་པོ།།
恰耶乔今依达哲贡色巴波 右手胜施救济饿鬼者
ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་པོ།།
恰云色给贝玛南巴坚巴波 左手金莲妙相庄严者
དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ།།
知辛热贝成瓦玛赛秋巴波 散披红黄香郁花蔓者
ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ།།
夏热杰巴达瓦达布再巴波 面如满月端严圆晖者
སྤྱན་གྱི་པདྨ་མཆོག་ཏུ་བཟང་ཞིང་ཡངས་པ་པོ།།
坚给贝玛乔度桑幸央巴波 眼如莲花胜妙修广者
ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་པོ།།
卡巴东达南嘎知艾丹巴波 白如雪螺具足郁馥者
དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ།།
知美喔恰木迪措布增巴波 如珍珠聚光华无垢者
མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ།།
再贝喔赛嘉仍玛波坚巴波 秀丽曙光熹红庄严者
པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ།།
贝美措达恰尼阿巴杰巴波 舒手布列如莲花海者
སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་པོ།།
敦盖珍给多当丹幸迅巴波 具秋云色端妙童相者
རིན་ཆེན་མང་བོས་དཔུང་པ་གཉིས་ནི་བརྒྱན་པ་པོ།།
仁千芒波崩巴尼尼坚巴波 众多珍宝庄严二臂者
ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ།།
洛美乔达恰提迅幸将巴波 手掌柔嫩如妙莲叶者
རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ།།
日达巴贝努玛云巴嘎巴波 表悲鹿皮覆被左乳者
སན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་པ་པོ།།
念恰度白给经坚南强巴波 佩戴耳环钏镯诸饰者
དྲི་མ་མེད་པ་པདྨའི་མཆོག་ལ་གནས་པ་པོ།།
知玛美巴贝美乔拉耐巴波 安住殊胜无垢莲花者
ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ།།
得威喔尼贝美达达将巴波 脐部犹如莲瓣柔软者
གསེར་གྱི་སྐེ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ།།
赛给盖热乔拉诺白宅巴波 纯金腰带摩尼嵌饰者
སྟ་ཟུར་བཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ།།
达苏知贝热桑相塔增巴波 髋间围绕妙丽宝裙者
ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ།།
图贝千乔措千帕若钦巴波 已至佛智大海彼岸者
མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ།།
乔聂索南芒波聂巴萨巴波 广集福德获得胜果者
རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་པ་པོ།།
达度得威炯耐嘎耐色巴波 常为乐源能除老病者
གསུམ་མཐའ་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ།།
松塔再经卡觉觉巴敦巴波 度脱三界示现空行者
ལུས་ཅན་མཆོག་སྟེ་བདུད་ངཔུང་འཁྲུག་ལས་རྒྱལ་བ་པོ།།
律坚乔得度崩楚勒嘉瓦波 有情中胜战胜魔军者
གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ།།
赛给刚度札依夏依嗡巴波 纯金足镯雅音悦耳者
ཚངས་པའི་གནས་པ་བཞི་ཡིས་དབེན་པར་མཛད་པ་པོ།།
仓贝耐巴西依奔巴再巴波 由四梵住能为寂静者
ངང་བའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེཊ་པ་པོ།།
昂贝卓札朗千宅达谢巴波 行如鹅王宝象徐步者
ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་པོ།།
雍作聂巴萨幸丹巴聂瓦波 近行集聚圆满持教者
འོ་མའི་མཚོ་དང་ཆུ་ཡི་མཚོ་ལས་སྒྲོལ་བ་པོ།།
喔美措当秋依措勒卓瓦波 乳海水海之中解脱者
གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས།།
冈西达度托让朗耐古巴依 若谁恒常晨起以敬心
སྤྱན་རས་གཟིཊ་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་།།
坚热赛给旺波依拉森杰经 于观自在作意而思维
བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན།།
多贝乔迪达经色巴多杰纳 以此胜赞明朗称诵者
འདི་ནི་སྐྱེས་པའམ་བུད་མེད་ཡིན་ཡང་རུང་།།
迪尼杰巴安呢布美因央容 此善男子抑或善女人
སྐྱེ་བ་འདིའམ་མ་འོངས་སྐྱེ་བ་ཐམས་ཅད་དུ།།
杰巴迪安玛嗡杰巴坛杰度 现前未来及一切生中
འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར།།
吉丹吉丹勒得果巴衮竹究 世出世间诸愿皆成就
༄༅།།གསོལ་བ་གདབ་པ་ནི།།
【聖十一面大悲觀音祈禱文】
འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེའི་གཏེར།།
帕巴坚热赛旺图杰得 圣 观 自 在 大 悲 藏
འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ།།
阔当杰巴达拉贡苏索 及 诸 眷 属 忆 念 我
བདག་དང་ཕ་མ་རིགས་དྲུག་སེམས་ཅན་རྣམས།།
达当帕玛日竹森坚南 我 与 父 母 六 道 众
མྱུར་དུ་འཁོར་བའི་མཚོ་ལས་བསྒྲལ་དུ་གསོལ།།
纽度阔威措勒哲度索 速 得 解 脱 轮 回 海
ཟབ་ཅིང་རྒྱ་ཆེ་བླ་མེད་བྱང་ཆུབ་སེམས།།
萨经嘉切喇美强秋森 深 广 无 上 菩 提 心
མྱུར་དུ་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ།།
纽度觉拉杰巴再度索 令 于 相 续 速 生 起
རྒྱལ་བསྟན་སྤྱི་དང་འཇམ་མགོན་ཙོང་ཁ་བའི།།
给颠吉躺蒋衮宗喀巴 于 总 圣 教 宗 喀 巴
བསྟན་པ་དར་ཞིང་རྒྱས་པར་མཛད་དུ་གསོལ།།
颠巴塔形给巴载突随 令 彼 善 教 得 昌 盛
ཕྱོགས་བཅུའི་དགེ་འདུན་ཕུན་སུམ་ཚོགས་པ་རྣམས།།
邱玖给顿喷颂措巴囊 十 方 具 德 诸 僧 众
གནས་འདིར་འདུ་ཞིང་སྒྲུབ་ལ་གཞོལ་བར་མཛོད།།
内提渡形珠啦学哇最 令 集 于 此 勤 学 修
ཐོགས་མེད་ནས་བསགས་ལས་དང་ཉོན་མོངས་རྣམས།།
托美耐萨勒当纽蒙南 无 始 所 积 业 烦 恼
ཐུགས་རྗེའི་ཆབ་ཀྱིས་མྱུར་དུ་དག་མཛད་ནས།།
图杰恰给纽度达再耐 以 大 悲 水 令 清 净
ཐུགས་རྗེའི་ཕྱག་བརྐྱངས་བདག་དང་འགྲོ་བ་རྣམས།།
图杰恰将达当卓瓦南 舒 大 悲 手 垂 接 引
བདེ་བ་ཅན་གྱི་ཞིང་དུ་དྲངས་དུ་གསོལ།།
得瓦坚给幸度成度索 我 与 众 生 往 极 乐
འོད་དཔག་མེད་དང་སྤྱན་རས་གཟིགས་དབང་གིས།།
喔巴美当坚热赛旺给 无 量 光 与 观 自 在
ཚེ་རབས་ཀུན་ཏུ་དགེ་བའི་བཤེས་མཛད་ནས།།
才热衮度给威谢再耐 生 生 为 作 善 知 识
མ་ནོར་ལམ་བཟང་ལེགས་པར་བསྟན་ནས་ཀྱང་།།
玛诺兰桑勒巴丹耐将 善 示 无 谬 妙 道 已
མྱུར་དུ་སངས་རྒྱས་ས་ལ་བཞག་ཏུ་གསོལ།།
纽度桑杰萨拉夏度索 速 置 我 等 于 佛 地
མདུན་བསྐྱེད་ཀྱི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར།
观想前方对生本尊及天圣众融于自身。
【 大 迴 向 文 】
དགེ་བ་འདི་ཡིས་མྱུར་དུ་བདག།
給瓦得益尼得達 願 我 由 此 善
སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས།།
賢熱斯望至吉尼 速 成 大 悲 尊
འགྲོ་བ་གཅིག་ཀྱང་མ་ལུས་པ།།
卓哇吉疆瑪盧巴 衆 生 無 盡 余
དེ་ཡི་ས་ལ་འགོད་པར་ཤོག།
代益薩拉果巴修 安 置 彼 尊 地
译者附记:谨奉阿旺上师尊命,幸译此具无比加持力之胜轨,礼赞文按原译版且稍加调整。因慧浅故,错谬之处,祈愿上师三宝勇士空行护法宽宥。普愿吉祥!释迦比丘功确译于2020藏历铁鼠年神变月。