补贴标准来啦...

政务   2024-11-08 18:12   西藏  

老旧营运货车报废更新补贴政策公告


为贯彻落实国家关于加快推进交通运输设备更新和老旧营运柴油货车报废更新工作的决策部署,根据《交通运输部办公厅 公安部办公厅 财政部办公厅 商务部办公厅关于进一步做好老旧营运货车报废更新工作的通知》(交办运〔2024〕44号)和《交通运输部 财政部关于实施老旧营运货车报废更新的通知》(交规划发〔2024〕90号)精神,现将达孜区老旧营运货车报废更新补贴政策有关事项公告如下:
一、老旧营运货车报废更新补贴标准
1.提前报废老旧营运柴油货车补贴标准见表1。

2.提前报废老旧营运货车,并新购营运货车补贴标准。

按以下方法计算:报废并新购国六排放标准营运柴油货车补贴=提前报废老旧营运柴油货车补贴+新购国六排放标准营运柴油货车补贴,报废并新购新能源货车补贴=提前报废老旧营运柴油货车补贴+新购新能源营运货车补贴。其中,新购国六排放标准营运柴油货车或新能源营运货车补贴标准见表2。

3.仅新购新能源城市冷链配送货车补贴标准为3.5万元/辆。

补贴标准


二、申报地点

达孜区政务服务大厅运管窗口
三、补贴时限

截止到2024年12月31日
四、申报程序

申请老旧营运柴油货车报废更新补贴资金的营运货车所有人应当在政策实施期内向本县区交通运输局提出申请,填报《老旧营运货车报废更新补贴资金申请表》(附件1)并提交以下证明材料复印件或扫描件。

1.申请老旧营运货车报废补贴资金的,提交《报废机动车回收证明》《机动车注销证明》《道路运输证》(或《道路运输证》注销证明),以及车辆注册登记所有人身份证或营业执照。

2.申请老旧营运货车报废更新补贴资金的,提交报废车辆的《报废机动车回收证明》《机动车注销证明》《道路运输证》(或《道路运输证》注销证明)新购车辆的《机动车行驶证》《道路运输证》,以及车辆注册登记所有人身份证或营业执照。

3.申请新购置车辆补贴资金的,提交《机动车行驶证》《道路运输证》,以及车辆注册登记所有人身份证或营业执照。



拉萨市达孜区交通运输局

2024年11月8日



སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་རྙིང་པ་མཁོ་མེད་གསར་བརྗེས་ཁ་གསབ་སྲིད་ཇུས་ཀྱི་སྤྱི་བསྒྲགས།


འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ཆས་གསར་བརྗེས་དང་སྐྱེལ་འདྲེན་ལས་གཉེར་བྱེད་མཁན་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་རྙིང་པ་མཁོ་མེད་དུ་བཏང་ནས་གསར་པ་བརྗེ་བའི་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད།《སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་རྙིང་པ་མཁོ་མེད་གསར་བརྗེས་བྱེད་པའི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གཞུང་དོན་ཐིང་དང་སྤྱི་བདེ་པུའི་གཞུང་དོན་ཐིང་། ནོར་སྲིད་པུའི་གཞུང་དོན་ཐིང་། ཚོང་དོན་པུའི་གཞུང་དོན་ཐིང་བཅས་ཀྱི་བརྡ་ཐོ་》(སྐྱེལ་འདྲེན་[༢༠༢༤]ཡིག་ཨང་༤༤པ་)དང་《སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་རྙིང་པ་མཁོ་མེད་གསར་བརྗེས་ལག་བསྟར་བྱ་རྒྱུའི་སྐོར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ནོར་སྲིད་པུའི་བརྡ་ཐོ་》(འགྲིམ་འགྲུལ་འཆར་འགོད་སྤེལ་[༢༠༢༤]ཡིག་ཨང༩༠པ་)ཡི་དགོངས་དོན་གཞིར་བཟུང་། ད་ལྟ་རང་ཆུས་ཀྱི་སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་རྙིང་པ་མཁོ་མེད་གསར་བརྗེས་བྱེད་པའི་ཁ་གསབ་སྲིད་ཇུས་ཀྱི་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

༡.ཟོག་འདྲེན་རླངས་འཁོར་རྙིང་པ་བེད་མེད་གསར་བརྗེས་ཁ་གསབ་ཚད་གཞི།

ཁྲའེ་ཡིའུ་སྣུམ་གྱི་སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་རྙིང་པ་སྔ་སྣུར་བེད་མེད་དུ་གཏོང་བའི་ཁ་གསབ་ཚད་གཞི་གཤམ་གསལ་རེའུ་མིག་ལྟར་ཡིན།
ཟོག་འདྲེན་རླངས་འཁོར་རྙིང་པ་སྔ་སྣུར་དུ་བེད་མེད་དུ་བཏང་བ་དང་འབྲེལ་གསར་དུ་ཉོས་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་གསབ་ཚད་གཞི་དེ་གཤམ་གསལ་གྱི་བྱ་ཐབས་ལྟར་རྩིས་རྒྱག་དགོས། བེད་མེད་དུ་བཏང་བ་མ་ཟད་གསར་དུ་ཉོས་པའི་རྒྱལ་ཁབ་ཀྱི་བཙོག་འབུད་ཚད་གཞི་དྲུག་པའི་གཉེར་སྐྱོང་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་ཁ་གསབ་དེ། སྔ་སྣུར་དུ་བེད་མེད་དུ་བཏང་བའི་ཁྲའེ་སྣུམ་ཟོག་འདྲེན་རླངས་འཁོར་རྙིང་པའི་ཁ་གསབ་དང་གསར་དུ་ཉོས་པའི་རྒྱལ་ཁབ་ཀྱི་བཙོག་འབུད་ཚད་གཞི་དྲུག་པའི་གཉེར་སྐྱོང་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་གྱི་ཁ་གསབ་དང་གཅིག་མཚུངས་ཡིན། བེད་མེད་དུ་བཏང་བ་མ་ཟད་གསར་དུ་ཉོས་པའི་ནུས་རྒྱུ་གསར་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་གསབ་དེ་ སྔ་སྣུར་དུ་བེད་མེད་དུ་བཏང་བའི་ཁྲའེ་ཡིའུ་སྣུམ་ཟོག་འདྲེན་རླངས་འཁོར་རྙིང་པའི་ཁ་གསབ་དང་གསར་དུ་ཉོས་པའི་ནུས་རྒྱུ་གསར་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་གསབ་དང་གཅིག་མཚུངས་ཡིན། དེའི་ནང་གསར་དུ་ཉོས་པའི་རྒྱལ་ཁབ་ཀྱི་བཙོག་འབུད་ཚད་གཞི་དྲུག་གི་ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་རླངས་འཁོར་འམ་ཡང་ན་ནུས་རྒྱུ་གསར་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་གསབ་ཚད་གཞི་ནི་གཤམ་གྱི་རེའུ་མིག་ལྟར་ཡིན།
ནུས་རྒྱུ་གསར་པའི་གྲོང་ཁྱེར་གྱི་གྲང་སྦྲེལ་སྡེབ་སྐྱེལ་ཟོག་འདྲེན་རླངས་འཁོར་གསར་དུ་ཉོས་པ་ཁོ་ནར་ཁ་གསབ་ཚད་གཞི་ནི་རླངས་འཁོར་རེར་སྒོར་ཁྲི་༣.༥ཡིན།
༢.རེ་ཞུའི་ས་གནས།

སྟག་རྩེ་ཆུས་སྲིད་དོན་ཚོམས་ཆེན་གྱི་སྐྱེལ་འདྲེན་དོ་དམ་སྒེའུ་ཁུང་།
༣.ཁ་གསབ་དུས་ཚོད།

༢༠༢༤ལོའི་ཟླ་༡༢ཚེས་༣༡ཉིན་གྱི་བར་ཡིན།
༤.རེ་ཞུའི་གོ་རིམ།
ཁྲའེ་ཡིའུ་སྣུམ་གྱི་ཟོག་འདྲེན་སྐྱེལ་འདྲེན་རླངས་འཁོར་རྙིང་པ་བེད་མེད་གསར་བརྗེ་ཁ་གསབ་མ་དངུལ་རེ་ཞུ་བྱེད་མཁན་གྱི་རླངས་འཁོར་བདག་པོས་སྲིད་ཇུས་ལག་བསྟར་བྱེད་རིང་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་ལ《སྐྱེལ་འདྲེན་ཟོག་འདྲེན་རླངས་འཁོར་རྙིང་པ་བེད་མེད་གསར་བརྗེས་ཁ་གསབ་མ་དངུལ་རེ་ཞུའི་རེའུ་མིག》འབྲི་བ་དང་འབྲེལ། གཤམ་གྱི་དཔང་ཡིག་གི་བསྐྱར་དཔར་དཔྱད་ཡིག་སྐྱེལ་དགོས།

ཞིབ་ཕྲའི་རེ་འདུན།

(༡)ཟོག་འདྲེན་སྐྱེལ་འདྲེན་རླངས་འཁོར་རྙིང་པ་བེད་མེད་དུ་བཏང་བའི་ཁ་གསབ་རོགས་དངུལ་རེ་འདུན་ཞུ་མཁན་གྱིས།《བེད་མེད་སྒུལ་འཕྲུལ་རླངས་འཁོར་ཕྱིར་བསྡུའི་དཔང་ཡིག》དང་། 《སྒུལ་འཕྲུལ་རླངས་འཁོར་ཐོ་བསུབ་དཔང་ཡིག》《བགྲོད་ལམ་སྐྱེལ་འདྲེན་ལག་ཁྱེར》(ཡང་ན《བགྲོད་ལམ་སྐྱེལ་འདྲེན་ལག་ཁྱེར》ཐོ་བསུབ་དཔང་ཡིག) དེ་མིན་ཐོ་འགོད་བྱས་པའི་རླངས་འཁོར་བདག་པོའི་ཐོབ་ཐང་ལག་ཁྱེར་དང་། ལས་གཉེར་ལག་ཁྱེར་བཅས་ཡར་སྐྱེལ་དགོས།

(༢)ཟོག་འདྲེན་རླངས་འཁོར་རྙིང་པ་བེད་མེད་གསར་བརྗེས་ཁ་གསབ་རེ་ཞུ་བྱེད་མཁན་གྱིས་བེད་མེད་རླངས་འཁོར་གྱི《བེད་མེད་སྒུལ་འཕྲུལ་རླངས་འཁོར་ཕྱིར་བསྡུའི་དཔང་ཡིག》དང《སྒུལ་འཕྲུལ་རླངས་འཁོར་གྱི་ཐོ་བསུབ་དཔང་ཡིག》《བགྲོད་ལམ་སྐྱེལ་འདྲེན་ལག་ཁྱེར》(ཡང་ན《བགྲོད་ལམ་སྐྱེལ་འདྲེན་ལག་ཁྱེར》ཐོ་བསུབ་དཔང་ཡིག) གསར་དུ་ཉོས་པའི་རླངས་འཁོར་གྱི《སྒུལ་འཕྲུལ་རླངས་འཁོར་གྱི་བགྲོད་སྐྱོད་ལག་ཁྱེར》དང《བགྲོད་ལམ་སྐྱེལ་འདྲེན་ལག་ཁྱེར》དེ་མིན་ཐོ་འགོད་བྱས་པའི་རླངས་འཁོར་བདག་པོའི་ཐོབ་ཐང་ལག་ཁྱེར་དང་། ཡང་ན་ལས་གཉེར་ལག་ཁྱེར་བཅས་ཡར་སྐྱེལ་དགོས།

(༣)གསར་དུ་ཉོས་པའི་རླངས་འཁོར་གྱི་ཁ་གསབ་རོགས་དངུལ་རེ་ཞུ་བྱེད་མཁན་གྱིས་《སྒུལ་འཕྲུལ་རླངས་འཁོར་གྱི་བགྲོད་སྐྱོད་ལག་ཁྱེར》དང་།《བགྲོད་ལམ་སྐྱེལ་འདྲེན་ལག་ཁྱེར》དེ་མིན་ཐོ་འགོད་བྱས་པའི་རླངས་འཁོར་བདག་པོའི་ཐོབ་ཐང་ལག་ཁྱེར་དང་། ཡང་ན་ལས་གཉེར་ལག་ཁྱེར་བཅས་ཡར་སྐྱེལ་དགོས།



ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།

༢༠༢༤ལོའི་ཟླ་བ་༡༡པའི་ཚེས་༨ཉིན།

来源达孜区交通运输局
编辑:归 桑
校对:贾 晋  
审核:孙 浩     朱鹏举





e讯达孜
提供新闻资讯、政务信息公开、人文故事、便民信息、公众举报、政策咨询等。
 最新文章