ཟླ་བ་11ཚེས་16ནས་17ཉིན་བར་མངའ་རིས་ས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སྐབས་བཅུ་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིར་མཇལ་འཕྲད་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན། ཧྲུའུ་ཅི་སྐུ་གཞོན་ལིའུ་ཅང་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུས་མིའི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུས་མིའི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཚོགས་འདུའི་ཐོག་མངའ་རིས་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བདམས་ཐོན་བྱས་པ་དང་ཆབས་གཅིག གོམ་སྟབས་རྗེས་མའི་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ཁག་ལ་བཀོད་སྒྲིག་ཁ་གསལ་གནང་བ་རེད།
ས་ཨུད་ཀྱི་ཨུ་ཡོན་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ་ཁྲེན་ཀང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན། ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་བློ་བཟང་བསམ་གཏན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ས་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྫོང་རིམ་པའི་འགོ་ཁྲིད་དང་ཆོས་ལུགས་ལས་དོན་གྱི་འགན་འཁུར་བློ་མཐུན་དང་། རྫོང་བདུན་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ ། ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་སྐབས་དགུ་པའི་ལས་འཛིན་བཅས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་བླངས་བྱ་བསྟན་དོན། མངའ་རིས་ས་ཁུལ་ནང་བསྟན་མཐུན་ཚོགས་སྐབས་དགུ་པའི་ལས་འཛིན་ལྷན་ཚོགས་ཀྱི་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ས་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་བླ་སྲོག་གཏོད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཐོག་བོད་བརྒྱུད་ནང་བསྟན་གྱི“རྒྱལ་ཁབ་དཔལ་གྱིས་བརྒྱན་ཞིང་སེམས་ཅན་བདེ་ལ་འཁོད་པའི”བདེན་ལུགས་ཀྱི་སྙིང་བཅུད་དར་སྤེལ་བཏང་སྟེ་ཐོག་མཐའ་བར་གསུམ་དུ“རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། རྒྱལ་སྐྱོང་དམངས་ཕན”བཅས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ་ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ཡོང་བའི་འགན་ལེན་བྱས་ཡོད་གསུང་པ་རེད།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་གྱུར་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་རྒྱག་སྟེ། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། དོན་ཆེན་དང་གནད་དོན་ཆེན་པོའི་མདུན་དུ་སྐད་ཆ་ཤོད་ཕོད་པ་དང་འཐབ་རྩོད་བྱེད་ཕོད་པ། འགག་རྩའི་འཐབ་རྩོད་ལ་ཁ་གཏད་གཅོག་པའི་ཁྲོད་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་ཡོང་བ་བཅས་བྱེད་དགོས་པ། འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་གཏོད་པའི་ལག་ལེན་པ་ཞིག་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བའི་ནང་ཞུགས་མཁན་ཞིག རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་པ། མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་སྲུང་སྐྱོང་པ་བཅས་ཧུར་ཐག་བྱས་ཏེ་ཆོས་ལུགས་ལས་རིགས་མི་སྣས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་ཐུབ་པ་བཞིར”རོགས་སྐྱོར་ཧུར་ཐག་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་སུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ནས་“ཚད་གཞི་བཞི”དང“ཕན་པ་ཡོད་པ་ལྔ”དོན་འཁྱོལ་བྱ་རྒྱུ་རྩ་བར་བྱས་ཏེ་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་དགོས་གསུང་ཡོད། ཆོས་ལུགས་ལས་རིགས་ཀྱིས་ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་དང་། སྒྲིག་འཁུར་ཁྲིམས་སྐྱོང་བྱ་རྒྱུར་སྣེ་ཁྲིད། ཆོས་ལུགས་ཐོས་བསམ་ཟབ་ཏུ་བཏང་ནས། ཆོས་ལུགས་ལས་རིགས་མི་སྣས་རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པ། རང་གིས་རང་ལ་ཚོད་འཛིན་བྱེད་པར་ཤུགས་སྣོན་བརྒྱབ་དགོས་གསུངས་པ་དང་། དུས་མཚུངས་སུ་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ནི་ཏང་དང་སྲིད་གཞུང་གི་ཆོས་ལུགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ལ་མཐོང་ཆེན་བྱེད་པ་ནི་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་རྒྱབ་པ་ཞིག་ཡིན་པས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་དང་ནང་བསྟན་མཐུན་ཚོགས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ལ་མཐུན་རྐྱེན་སྐྲུན་དགོས་ཞེས་གསུངས་པ་རེད།
ཁྲེན་ཀང་གིས་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པས“རྒྱལ་ཁབ་དཔལ་གྱིས་བརྒྱན་པ། རྒྱལ་གཅེས་ཆོས་གཅེས”ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས། རྒྱ་ཆེའི་གྲྭ་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྲུལ་སྐུ་ཡང་སྲིད་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་། ཆོས་ལུགས་ཀྱི་ཆོ་ག ལོ་རྒྱུས་ཀྱི་ངེས་སྲོལ་བཅས་ལ་རང་རྟོགས་ངང་བརྩི་སྲུང་ཞུས་ཏེ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱ་རྒྱུ་“ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ”དུ་སྐྱོད་ཐུབ་པ་བྱས་ནས། བསྟན་དོན་དགོངས་འགྲེལ་དང་འདུལ་ཁྲིམས་ལ་ཤུགས་སྣོན་བརྒྱབ་ཐོག ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་སྟེ། འདུལ་ཁྲིམས་དགེ་རྒན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཆོས་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན། འདུལ་ཁྲིམས་ལ་བརྟེན་ནས་གྲྭ་བཙུན་གྱི་ཞི་མཐུན་སྲུང་སྐྱོང་དང་དགོན་སྡེའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཆོས་སྲོལ་དྲང་པོར་སྲོང་བ། ཟང་ཟིང་གི་སྣང་ཚུལ་བཅོས་སྒྲིག་བྱེད་པ། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ཏེ་རྒྱལ་གཅེས་ཡར་ཐོན་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ཐུབ་མཁན་གྱིས་གྲྭ་བཙུན་ཡག་པོ་ཞིག་བྱེད་དགོས་པའི་རེ་བ་བཏོན་གནང་ཡོད།
来源:地委统战部
编辑:琼吉
终审:武华强
扫码关注我们
微信号:alitongzhan