ཞི་ཅིན་ཕིང་གིས་ཚོགས་འདུ་གལ་ཆེན་འདིར་ཞུགས་སྐབས་གསུངས་དོན།

文摘   2024-11-18 18:17   西藏  

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་སྔ་དྲོར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པ་ཕེ་རུའི་ལི་མ་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནསདུས་རབས་ཀྱི་འགན་འཁྲི་མཉམ་དུ་ཁུར་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོསཞེས་འགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།

    ཞི་ཅིན་ཕིང་གིས་བསྟན་དོན། ལོ་བཅུ་ཕྲག་ཁ་ཤས་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དུ་འཕེལ་རྒྱས་ཆེན་པོ་དང་། དར་རྒྱས་ཆེན་པོ། མཉམ་འདྲེས་ཆེན་པོ་བཅས་མངོན་འགྱུར་ཡོང་བར་སྣེ་ཁྲིད་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེ་ཤོས་དང་འཕར་བའི་སྒུལ་ཤུགས་གཙོ་བོར་འགྱུར་བར་སྐུལ་འདེད་བཏང་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་ས་འབྲེལ་ཆབ་སྲིད་དང་། ཕྱོགས་རྐྱང་རིང་ལུགས། སྲུང་སྐྱོང་རིང་ལུགས་བཅས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བ་སོགས་ཀྱི་འགྲན་སློང་འཕྲད་ཡོད། ལོ་རྒྱུས་ཀྱི་ལམ་མདོར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་མཉམ་ལས་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཀྱི་དུས་རབས་གསར་པ་ཧུར་ཐག་གཏོད་དགོས།

    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་དཔལ་འབྱོར་སྡེ་གཞིའི་འགོ་ཁྲིད་པ་དང་འཐུས་མི་ལྷན་རྒྱས་ལྷན་ཞུགས་སྐུ་པར་བསྐྱོན་བཞིན་པ།

ཞི་ཅིན་ཕིང་གིས་གྲོས་འགོ་གསུམ་བཏོན་གནང་བ་སྟེ།
    གཅིག སྒོ་དབྱེ་མཉམ་འདྲེས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་བྱེད་སྟངས་གཏོད་དགོས། གཉིས། ལྗང་མདོག་གསར་གཏོད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕར་ནུས་སྐྱེད་སྲིང་བྱེད་དགོས། གསུམ། ཀུན་ཕན་བསྟུན་མཁས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོ་འཛམ་གླིང་དང་མཉམ་དུ་འཕེལ་རྒྱས་དང་ཡར་ཐོན་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་སྒྱུར་བཅོས་བྱ་ཐབས་གལ་ཆེན་300ལྷག་ཙམ་བཏོན་ནས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཛུགས་སྐྱོང་བྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ། མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པ་སོགས་ཁྱབ་ཁོངས་ཁག་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད་པས། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་པ་དེ་བས་མང་བ་བསྐྲུན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་ཀྲུང་གོའི་འཕེལ་རྒྱས་ཀྱི་མྱུར་བགྲོད་མེ་འཁོར་ནང་མུ་མཐུད་བཞུགས་ནས་ཞི་བདེ་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་བྱ་ཆེད་མཉམ་དུ་འབད་བརྩོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།



来源:西藏日报藏文媒体

编辑:德吉央宗

终审:武华强

扫码关注我们



微信号:alitongzhan

阿里统战
宣传统战政策、普及统战知识、推送统战工作动态、交流统战工作经验、回应社会关切。
 最新文章