ནག་ཆུ་གྲོང་ཁྱེར་གྱི་སྐབས་བཅུ་བདུན་པའི་འབྲོག་ལས་ཐོན་རྫས་འགྲེམ་ཚོང་འཚོང་འདུས་མགོ་ཚུགས་པ།
ནག་ཆུ་གྲོང་ཁྱེར་གྱི་སྐབས་གསུམ་པའི་ཤང་གྲོང་དར་རྒྱས། ནག་ཆུ་མདུན་སྐྱོད་བྱེད་སྒོའི་གྲུབ་འབྲས་འགྲེམ་སྟོན་དང་སྐབས་བཅུ་བདུན་པའི་འབྲོག་ལས་ཐོན་རྫས་འགྲེམ་ཚོང་འཚོང་འདུས་བྱེད་སྒོའི་འགོ་འཛུགས་མཛད་སྒོ་དེ་རིང་སྔ་དྲོ་གཟབ་རྒྱས་ངང་འཚོགས་པ་དང་། ད་ཐེངས་ཀྱི་འགྲེམ་ཚོང་བྱེད་སྒོར་ཐོན་ལས་ཀྱིས་སྣེ་ཁྲིད་དང་ཕྱིར་འཚོང་རྒྱ་བསྐྱེད། མང་ཚོགས་འབབ་འཕར་བཅས་ཡོང་རྒྱུ་བརྗོད་དོན་གཙོ་བོར་བྱས་ཏེ། འབྲོག་པའི་ཁྱད་ལྡན་ཐོན་རྫས་ཕྱུར་བ་དང་ཤ་མར་ཐུད། དེ་བཞིན་བྱང་ནག་ཆུའི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་མང་པོ་ཞིག་ཚོང་འདུས་སུ་འགྲེམ་ཚོང་བྱེད་བཞིན་ཡོད་པ་དང་། ས་ཕྱོགས་གང་སའི་སྐུ་མགྲོན་གནས་འདིར་ཕེབས་རྒྱུར་དགའ་བསུ་ཞུས་ཡོད།
责 编(二审):国 吉
审 核(三审):索 朗
扫码关注