ལྷ་རི་རྫོང་སྨྲི་ཏི་ཁ་ཤང་གིས་ཤང་གཅིག་ལ་མཉམ་ལས་ཁང་གཅིག་གི་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་འཚོགས་པ།
ཉེ་ཆར། ལྷ་རི་རྫོང་སྨྲི་ཏི་ཁ་ཤང་གིས་ཤང་གཅིག་ལ་མཉམ་ལས་ཁང་གཅིག་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་འཚོགས་ཤིང་། ད་ཐེངས་བགོ་འགྲེམས་ཀྱི་མ་དངུལ་ཡོང་ཁུངས་ནི་ཉེ་བའི་ལོ་4ཙམ་རིང་མཉམ་ལས་ཁང་གིས་སྣུམ་སྣོན་ས་ཚིགས་དང་། འབྲོག་ཟོག་ཕྱིར་འཚོང་སོགས་ཁྱབ་ཁོངས་ཀྱི་ཁེ་སྤོགས་ལས་བྱུང་བའི་མ་དངུལ་དག་ཡིན། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་འཁོར་འདིའི་ནང་མཉམ་ལས་ཁང་གི་ཁེ་སྤོགས་བསྡོམས་འབོར་སྒོར་ཁྲི་260ལྷག་ཙམ་ཟིན་པ་དང་། དེའི་ནང་ནས་སྒོར་ཁྲི་130ལྷག་ཙམ་གྲོང་མིར་བགོ་འགྲེམས་རྒྱག་རྒྱུར་སྤྱད་ནས། སྨྲི་ཏི་ཁ་ཤང་གི་མང་ཚོགས་དུད་ཚང་1037ལ་ཕན་པ་ཐོབ་པར་བརྟེན་གྲོང་མིའི་ཁྱིམ་ཚང་གི་ཡོང་འབབ་ནུས་ལྡན་ངང་འཕར་བ་མ་ཟད། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་འགུལ་ཤུགས་ཆེན་པོ་ཞིག་སྦྱིན་ཡོད།
记 者:边巴占堆
编 辑(一审):索朗曲珍
责 编(二审):索 朗
审 核(三审):索 朗