关于开展占道经营专项整治行动的公告

政务   2024-10-18 11:49   西藏  


关于开展占道经营专项整治行动的公告


居民朋友:

为深入推城乡环境大整治行动,规范城市环境秩序,为全区人民营造一个干净整洁、优美宜居的居住环境,按照拉萨市委、达孜区委关于城乡环境大整治工作要求,达孜区住建局将长期对违规占道经营行为进行集中整治,现就有关事项公告如下:

一、未经批准严禁在城市道路两侧、校园附近及其他公共场所堆放物品、摆设摊点、流动经营。

二、严禁沿街商铺倚门设摊、店外设摊、设棚等。

三、临街商户未经审批严禁占道促销,擅自设立拱门,严禁占道堆放物品、摆放桌椅。

四、严禁户外占道进行电、氧、气焊等加工作业,以及占道修理、洗车等作业,污染城市道路。

五、严禁在道路两侧屠宰家禽、家畜和进行食物加工。

六、临街商户要自觉履行《门前五包》责任制,对于各类违规占道行为,达孜区住房和城乡建设局将依法依规进行从严处罚。同时,希望广大居民积极参与到城市管理中来,举报违法违规占道行为。

七、对阻碍执法人员执行公务的,公安机关将依据《中华人民共和国治安管理处罚法》等法律法规从严处理;构成犯罪的,依法追究刑事责任。

本公告自发布之日起施行,本公告由拉萨市达孜区住房和城乡建设局负责解释。


达孜区住房和城乡建设局

2024年10月18日



༄༅།།ལམ་བཟུང་ཚོང་གཉེར་ལ་ཆེད་དོན་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

གྲོང་མི་གྲོགས་པོ་རྣམ་པ།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་གཏིང་ཟབ་ཏུ་སྐུལ་སྤེལ་དང་གྲོང་ཁྱེར་གྱི་ཁོར་ཡུག་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། ཆུས་ཡོངས་ཀྱི་མི་དམངས་ལ་གཙང་ཞིང་གྲལ་འགྲིག་པོ་དང་སྡོད་རྒྱུར་འཚམ་པའི་སྡོད་ཁང་གི་ཁོར་ཡུག་ཅིག་སྐྲུན་ཆེད། ལྷ་ས་གྲོང་ཨུད་དང་སྟག་རྩེ་ཆུས་ཨུད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཆེན་པོའི་ལས་དོན་སྐོར་གྱི་བླང་བྱ་གཞིར་བཟུང་། སྟག་རྩེ་ཆུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད་ཀྱིས་སྒྲིག་འགལ་ངང་ལམ་བཟུང་ཚོང་གཉེར་བྱེད་པའི་བྱ་སྤྱོད་ལ་ཡུན་རིང་གཅིག་སྡུད་ཀྱི་བཅོས་སྒྲིག་བྱ་རྒྱུ་ཡིན་ཞིང་། ད་ལྟ་འབྲེལ་ཡོད་དོན་ཚན་གྱི་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར་ཡིན། 

དང་པོ། ཆོག་མཆན་མ་ཐོབ་པར་གྲོང་ཁྱེར་གྱི་གཞུང་ལམ་གཡས་གཡོན་དང་སློབ་རྭའི་ཉེ་འགྲམ། དེ་མིན་གྱི་སྤྱི་པའི་གནས་ཡུལ་དུ་དངོས་ཟོག་སྤུང་བ་དང་ཁྲོམ་བཏོན་པ། སྐོར་སྐྱོད་ཚོང་གཉེར་བྱེད་པ་བཅས་གཏན་འགོག་བྱེད་དགོས།

གཉིས་པ། ལམ་བརྒྱུད་ཚོང་ཁང་གི་སྒོ་འགྲམ་དུ་ཁྲོམ་བཏོན་པ་དང་ཚོང་ཁང་གི་ཕྱི་རོལ་དུ་ཁྲོམ་བཏོན་པ། གུར་ཁེབས་འཛུགས་པ་སོགས་གཏན་ནས་བྱེད་མི་ཆོག 

གསུམ་པ།  ཁྲོམ་གཞུང་ལ་ཉེ་བའི་ཚོང་དུད་ཀྱིས་ཞིབ་བཤེར་ཆོག་མཆན་མ་ཐོབ་པར་འགྲོ་ལམ་བཟུང་ནས་བྲིན་ཚོང་བྱེད་མི་ཆོག་པ་དང་རང་དགར་སྒོ་མོ་གཞུ་དབྱིབས་ཅན་བཟོས་ནས་དངོས་ཟོག་དང་སྒྲོག་ཙེ། རྐུབ་སྟེགས་གང་བྱུང་དུ་འཇོག་མི་ཆོག

བཞི་པ། ཕྱི་རོལ་གྱི་འགྲོ་ལམ་བཟུང་ནས་གློག་དང་གསོ་རླུང་། གློག་རྡོའི་རླངས་པའི་ཚ་ལ་རྒྱག་པ་སོགས་ཀྱི་ལས་སྣོན་བྱེད་པ་དང་། དེ་བཞིན་འགྲོ་ལམ་བཟུང་ནས་འཕྲུལ་ཆས་བཟོ་བ་དང་རླངས་འཁོར་འཁྲུ་བ་བཅས་ཀྱི་ལས་ཀ་གཏན་འགོག་བྱེད་དགོས།

ལྔ་པ། གཞུང་ལམ་གཡས་གཡོན་དུ་ཁྱིམ་བྱ་དང་སྒོ་ཕྱུགས་བཤས་གཏོང་བ་དང་བཟའ་བཅའ་ལས་སྣོན་བྱེད་མི་ཆོག

དྲུག་པ།  ཁྲོམ་གཞུང་ལ་ཉེ་བའི་ཚོང་དུད་ཀྱིས《རྒྱལ་སྒོའི་མདུན་གྱི་འགན་ལེན་ལྔའི་》འགན་འཁྲིའི་ལམ་ལུགས་རང་རྟོགས་ངང་ལག་བསྟར་བྱས་ཏེ་སྒྲིག་འགལ་ངང་ལམ་བཟུང་བའི་བྱ་སྤྱོད་སྣ་ཚོགས་ལ་སྟག་རྩེ་ཆུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད་ཀྱིས་བཅའ་ཁྲིམས་དང་གཏན་འབེབས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་དང་། དེ་དང་ཆབས་ཅིག་རྒྱ་ཆེའི་གྲོང་མི་ཚོས་གྲོང་ཁྱེར་གྱི་དོ་དམ་ནང་ཧུར་ཐག་ཞུགས་ནས་ཁྲིམས་འགལ་སྒྲིག་འགལ་ངང་ལམ་བཟུང་བའི་བྱ་སྤྱོད་ལ་ཐེར་འདོན་བྱ་རྒྱུའི་རེ་བ་ཡོད།

བདུན་པ།  ཁྲིམས་འཛིན་མི་སྣས་གཞུང་དོན་འགྲུབ་པར་བཀག་འགོག་བྱས་ན་སྤྱི་བདེ་ལས་ཁུངས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་ཀྱི་བཅའ་ཁྲིམས་》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཐག་གཅོད་ནན་པོ་བྱ་རྒྱུ་དང་། ཉེས་པ་གསོག་མཁན་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

སྤྱི་བསྒྲགས་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་དང་། སྤྱི་བསྒྲགས་འདི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད་ཀྱིས་འགྲེལ་བཤད་རྒྱག་རྒྱུའི་འགན་འཁུར་རྒྱུ་ཡིན། 


སྟག་རྩེ་ཆུས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད་ནས།

༢༠༢༤ལོའི་ཟླ་༡༠ཚེས་༡༨ཉིན་ལ།



来源达孜区住房和城乡建设局
编辑:扎西罗布
校对:贾      晋  
审核:孙      浩     朱鹏举

e讯达孜
提供新闻资讯、政务信息公开、人文故事、便民信息、公众举报、政策咨询等。
 最新文章