《ཉི་འོད་གྲོང་ཁྱེར》ཞེས་པ་གཟིགས་པ་ཡིན་ནམ། ལྟད་མོ་འདིས་བོད་ལ……

文摘   2024-11-02 17:36   西藏  

    བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པ་གཟིགས་བྱུང་ངམ། འཁྲབ་ཚན་དེའི་ནང་གཙོ་བོ་བསོད་ནམས་ཀྱིས་མཚོན་པའི་གཞོན་ནུ་དྲུག་གིས་བོད་དུ་ཕུགས་འདུན་དོན་གཉེར་དང་རང་ངོས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་སྐོར་དང་། སྲོལ་རྒྱུན་དང་དེང་རབས་ཀྱི་གདོང་ཐུག་ཁྲོད་བོད་མི་དམངས་ཀྱི་ཧུར་བརྩོན་ཡར་ཐོན་གྱི་འཚོ་བའི་རྣམ་འགྱུར་མངོན་པ། བོད་ལྗོངས་འཕེལ་རྒྱས་དང་ཡར་ཐོན་ཁྲོད་ནས་རྒྱུན་ཆད་མེད་པར་གོང་བུར་འགྲིལ་བའི་མི་རིགས་མང་པོའི་མཐུན་སྒྲིལ་མཛའ་བརྩེའི་བརྩེ་དུང་བཅས་བརྗོད་ཡོད། 
    བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན《ཉི་འོད་གྲོང་ཁྱེར》ཞེས་པ་དེ་ནི་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་གཙོ་གནད་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་ཞིང་། ཀྲུང་གུང་ཧུའུ་ནན་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུས་མཉམ་དུ་ཕབ་སྐྲུན་བྱས་པ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་། ཧུའུ་ནན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚོགས་པ། ཨ་མྲ་TVསོགས་ཀྱིས་གསར་རྩོམ་བྱས་པ་ཞིག་རེད། 
    བརྙན་འཕྲིན་རྒྱུན་མཐུད་འཁྲབ་ཚན་དེར་ལྟ་མཁན་རྣམས་ཉི་འོད་ཀྱི་དྲོ་སྐྱིད་དང་བོད་ཀྱི་ཉམས་བཟང་གིས་ཡིད་དབང་འཕྲོག་ནས་རིག་གནས་ཡུལ་སྐོར་གྱི་ཚ་རླབས་ཟམ་མི་ཆད་པར་འཕྱུར་བཞིན་ཡོད་ཅིང་། དེ་བས་གླེང་རིན་ཡོད་པ་ཞིག་ནི། འགོ་བརྗོད་གླུ་གཞསཉི་འོད་སྙེག་པཞེས་པ་ལས་སྒྲིག་རྩོམ་བྱས་པའི“ཉི་འོད་ཞབས་བྲོ”ཞེས་པ་དྲ་ཐོག་ཏུ་སྐད་གྲགས་ཆོད་ཡོད།
    བོད་ཀྱི་རིག་གནས་ཡུལ་སྐོར་གྱི་རྒྱབ་ལྗོངས་ལས་མངོན་པ་ནི་བོད་ཀྱི་མཛེས་ལྗོངས་དང་ཞིམ་ཟས་ཀྱི་ཡིད་དབང་འགུག་ཤུགས་ཙམ་མིན་པར། ད་དུང་མི་དེ་བས་མང་བ་ཞིག་གིས་བོད་ནས་སེམས་ཀྱི་བདེ་བ་འཐོབ་པའི་འདུན་པ་འཆང་ཞིང་། ཉི་འོད་གྲོང་ཁྱེརལས་བོད་ཀྱི་མི་དམངས་ལ་རང་ཉིད་ཀྱི་ཕ་ཡུལ་གྱི་འགྱུར་ལྡོག་གསར་པ་མཐོང་དུ་བཅུག་པ་དང་། ཚང་མར་ཡུལ་དེ་གར་འཚོ་བ་སྐྱེལ་མཁན་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་དང་ཕུགས་བསམ་དོན་གཉེར་བྱེད་པ་དངོས་འབྲེལ་ཚོར་བར་བྱས་ཡོད།

    བར་སྐོར་ཁྲོམ་གཞུང་གི་འཁྲུག་ཆ་དོད་པའི་རྣམ་པ་ནས་ས་བབ་སྨི་5200ཟིན་པའི་གམ་པ་ཡུལ་གྲུའི་མཐའ་ཡས་པའི་རྔམ་བརྗིད་བར་དང་། སྣང་རྫོང་གི་སུར་པན་གྱི་བྲོ་བ། རྫ་ཡུལ་གྱི་སྦྲང་རྩིའི་ཞིམ་མངར། གམ་པའི་ལུག་ཤའི་རོ་བཅུད། ཞོ་སྟོན་གྱི་ལྷ་མོའི་ཉམས་འགྱུར། སྤུས་ལེགས་ཐང་ག་བཅས་ཕྱོགས་གང་ཅིའི་ཐད། ཉི་འོད་གྲོང་ཁྱེརནང་བོད་ཀྱི་རང་བྱུང་མཛེས་ལྗོངས་མངོན་པ་མ་ཟད། ད་དུང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སོགས་དམིགས་བསལ་གྱི་ཡུལ་ལུང་རིག་གནས་འདུས་པའི་ཉམས་བཟང་མངོན་ཏེ་ལྟ་མཁན་ལ་ཇི་མ་ཇི་བཞིན་གྱི་བོད་ལྗོངས་ཤིག་མིག་གི་སྟོན་མོར་བཤམས་ཡོད།


来源西藏日报藏文媒体

编辑:琼吉

终审:武华强

扫码关注我们



微信号:alitongzhan

阿里统战
宣传统战政策、普及统战知识、推送统战工作动态、交流统战工作经验、回应社会关切。
 最新文章