【活动预告】“阅·见西部”第一季——“诗歌里的家乡”全民阅读推广活动(西藏赛区)作品征集活动开始啦!

教育   2024-07-23 18:36   西藏  

     

      为深入推进全民阅读,认真落实习近平总书记关于建设书香社会、文化强国的重要指示精神,共建西部公共文化服务高地,促进西部地区公共图书馆一体化发展,共创阅读品牌,进一步弘扬中华优秀传统文化,推动全民阅读,更好满足人民群众精神文化新需求。四川省图书馆联合西部12省区公共图书馆共同推出“阅·见西部”第一季——“诗歌里的家乡”全民阅读推广活动,将于2024年5月—10月期间开展,西部12省区(区、市)联合主办方分别组织开展本赛区评选活动,选送优秀节目参加年度集中展演,现将西藏赛区活动事项通知如下。







一、活动名称

“阅·见西部”第一季——“诗歌里的家乡”

二、活动时间

2024年6月至10月

三、组织机构

(一)主办单位

四川省图书馆(四川省古籍保护中心)

四川省图书馆学会

(二)联合主办单位

西藏自治区图书馆学会

(三)承办单位

 各地(市)图书馆

四、活动安排

(一)选拔赛(2024年6月-8月)

在6-8月开展选拔,西藏赛区评选阶段分两个部分,具体安排如下:

1.各地(市)图书馆分别组织按照作品主题、内容等进行征集,评选出两个节目报送至西藏自治区图书馆学会。

2.个人参赛读者按照下方作品内容要求、作品录制要求、报送要求上传视频。

各地(市)图书馆和个人参赛读者报送作品于8月11日前上传至指定链接平台,西藏自治区图书馆学会拟在8月底组织评选出1个入选节目参加全国展演。

(二)最佳人气作品网络评选(2024年9月1日-9月15日)

西藏赛区在入选节目之外,拟于8月底开通线上网络评选通道,评选出1个最佳人气作品,代表西藏与其他省(区、市)推选的最佳人气作品共同参加网络投票,9月1日——9月15日通过全国网络票选产生网络人气前两名进入年度集中展演活动。

(三)“阅·见西部”第一季—“诗歌里的家乡”年度集中展演活动(暂定于2024年10月)

“阅·见西部”第一季——“诗歌里的家乡”年度集中展演活动,由12个联办省(区、市)选送节目及全国人气作品网络投票前2名节目共同参加。暂定于2024年10月在四川举办。

五、组织程序

(一)作品内容要求:作品内容要求积极健康,以西藏文化、历史、人文、风土民情、旅游资源为主题,整体呈现西藏璀璨的文化魅力,与自己的家乡相关联的诗歌,在本地的名胜古迹或古城街区诵读诗歌、情景表演等,强化西藏文化交流,节目形式不限,文体不限。参赛作品富有创意,可以根据地域特色用多种形式展现,也可配合当地特有的民族服饰、服装、道具、场景等进行表演。

(二)作品录制要求:入围作品需以视频形式投稿(另需单独附上表演背景,如背景图片、视频音频等),可用手机、相机、摄像机等录制,以横屏为佳,时长在5分钟以内,可根据视频内容和创意,运用剪辑手法、特效等。分辨率不低于1280*720。

视频文件各地(市)图书馆报送的以“各地(市)名称+作品名称”的形式命名;读者个人投稿以“个人姓名+电话号码+作品名称”的形式命名。

(三)报送要求:请各地(市)馆和个人参赛读者在报送作品时尽量确保视频配有相应字幕,用民族语言创作的作品必须附上国家通用语言文字文稿,且在视频中体现作品名称和作者等信息,视频拍摄时尽量不能出现杂音和抖动,选手展演节目需与报送录制视频内容一致,且终选期间不得更换作品。活动采取实名制参与,每位选手或团体限报1个作品。

可从以下两种方式选择其一进行报送:

方式1:选手个人承诺书和参赛作品可在下方链接内上传。

活动报名及作品上传

方式2:关注“西藏自治区图书馆”微信公众号,在公众号下方子菜单选择-我的图书馆-活动广场,即可进入并上传选手个人承诺书和参赛作品。

本次活动不收取任何报名费、参赛费。

六、奖项设置

(一)“阅·见西部”第一季—“诗歌里的家乡”组织奖

西藏赛区活动组织奖由西藏自治区图书馆学会确定,鼓励活动开展过程中在组织策划、宣传发动、作品选拔等方面表现突出的单位。

(二)“阅·见西部”第一季—“诗歌里的家乡”参赛奖

西藏赛区活动参赛奖由西藏自治区图书馆学会确定,将为获奖者颁发证书。并将部分优秀作品在西藏自治区图书馆视频号等线上平台展播。

(三)“阅·见西部”第一季—“诗歌里的家乡”年度集中展演活动荣誉证书

参与年度集中展演活动的作品和选手将获得由12省区馆共同签章颁发的荣誉证书。

七、注意事项

(一)投稿作品不得有任何形式的反动、暴力、违背社会主义核心价值观等因素出现在参赛作品中,如有违背将追究作者及组织者责任。

(二)版权免责声明:所有作品一经上报,则表明作者同意西藏自治区图书馆学会除商业目的外,使用、复制、收藏该作品。

(三)经上报确定参加暂定10月在四川举办的展演活动的选手,愿意服从节目编排和分配,不得缺席相关培训和节目排练。

(四)入选参加集中展演等相关事宜另行通知。

(五)其他未尽事宜主办方享有最终解释权利。

八、联系方式

西藏自治区图书馆学会:

朗杰卓玛(18108910891)

代      静(17708991057)

活动最终解释权归主办方所有。




ཀློག་དབྱངས་ཀྱི་གདངས་ནས་ནུབ་རྒྱུད་མྱུལ་བའི་བྱེད་སྒོ་སྐབས་དང་པོ། སྙན་ངག་ནང་གི་ཕ་ཡུལ་ཞེས་པའི་དམངས་ཡོངས་དཔེ་ཀློག་ལ་སྐུལ་བའི་བྱེད་སྒོ། བོད་ལྗོངས་འགྲན་ཁུལ་གྱི་བརྩམས་ཆོས་བསྡུ་བའི་བྱེད་སྒོ་འགོ་ཚུགས་སོང་།


དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་དང་། བློ་མཐུན་ཞི་ཅིན་ཕིང་གི་དཔེ་ཀློག་གི་དྲི་བསུང་འཐུལ་བའི་སྤྱི་ཚོགས་དང་རིག་གནས་ཀྱིས་ཕྱུག་པའི་རྒྱལ་ཁབ་འཛུགས་སྐྲུན་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་ཡོང་བའི་ཆེད་དུ། ནུབ་རྒྱུད་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མཐོ་ཁུལ་མཉམ་སྐྲུན་དང་། ནུབ་རྒྱུད་ཀྱི་སྤྱི་པའི་དཔེ་མཛོད་ཁང་གཞི་གཅིག་ཏུ་འཕེལ་རྒྱས། དེ་བཞིན་གྲགས་ཅན་གྱི་དཔེ་ཀློག་མཉམ་སྐྲུན་བཅས་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་དང་དམངས་ཡོངས་དཔེ་ཀློག་ལ་སྐུལ་ནས། མི་དམངས་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་གསར་པ་སྔར་ལས་ལྷག་པར་སྐོང་ཐུབ་པ་བྱེད་ཆེད།  སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གིས་ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས༡༢ཀྱི་སྤྱི་པའི་དཔེ་མཛོད་ཁང་དང་མཉམ་འབྲེལ་བྱས་ནས༼ཀློག་དབྱངས་ཀྱི་གདངས་ནས་ནུབ་རྒྱུད་མྱུལ་བའི་བྱེད་སྒོ་སྐབས་དང་པོ། སྙན་ངག་ནང་གི་ཕ་ཡུལ་ཞེས་པའི༽དམངས་ཡོངས་དཔེ་ཀློག་ལ་སྐུལ་བའི་བྱེད་སྒོ༢༠༢༤ལོའི་ཟླ༥པ་ནས་ཟླ༡༠པའི་བར་སྤེལ་བཞིན་ཡོད་པ་དང་། ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས། ཁུལ་དང་གྲོང་ཁྱེར་བཅས་༡༢ཀྱིས་མཉམ་འབྲེལ་གཙོ་གཉེར་བྱས་ནས་འགྲན་བསྡུར་གྱི་དཔྱད་འདེམ་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། ཕུལ་བྱུང་ལེ་ཚན་ནང་གདམས་ཐོན་བྱུང་བ་དག་ལོ་འཁོར་གྱི་གཅིག་གྱུར་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན།

ད་ལྟ་བོད་ལྗོངས་འགྲན་ཁུལ་གྱི་བྱེད་སྒོའི་དོན་ཚན་ཁག་བརྡ་ཐོ་གཏང་རྒྱུ་གཤམ་གསལ།



དང་པོ། བྱེད་སྒོའི་མིང་།

ཀློག་དབྱངས་ཀྱི་གདངས་ནས་ནུབ་རྒྱུད་མྱུལ་བའི་བྱེད་སྒོ་སྐབས་དང་པོ། སྙན་ངག་ནང་གི་ཕ་ཡུལ།

གཉིས་པ། བྱེད་སྒོའི་དུས་ཚོད།

༢༠༢༤ལོའི་ཟླ༥པ་ནས་ཟླ༡༠པའི་བར།

གསུམ་པ། སྒྲིག་འཛུགས་ཚན་པ།

༡ གཙོ་གཉེར་ཚན་པ།

སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་།༼སི་ཁྲོན་ཞིང་ཆེན་གནའ་དཔེ་སྲུང་སྐྱོབ་ལྟེ་གནས།༽

སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་རིགས་གཞུང་ལྷན་ཚོགས།

༢ མཉམ་འབྲེལ་གཙོ་གཉེར་ཚན་པ།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིགས་གཞུང་ལྷན་ཚོགས།

༣ འགན་སྒྲུབ་ཚན་པ།

ཁུལ་དང་གྲོང་ཁྱེར་དཔེ་མཛོད་ཁང་།

བཞི་པ། བྱེད་སྒོའི་བཀོད་སྒྲིག

གཅིག འདེམས་སྒྲུག་འགྲན་བསྡུར། ༢༠༢༤ལོའི་ཟླ༦པ་ནས་ཟླ༨པ།

ཟླ༦པ་ནས་༨པའི་བར་འདེམས་སྒྲུག་བྱ་རྒྱུ་དང་། བོད་ལྗོངས་འགྲན་ཁུལ་གྱི་དཔྱད་འདེམ་རིམ་པ་ཁག་གཉིས་ལ་དབྱེ་ཡོད་པས། ཞིབ་ཕྲའི་བཀོད་སྒྲིག་གཤམ་གསལ།

༡ ཁུལ་དང་གྲོང་ཁྱེར་ཁག་གི་དཔེ་མཛོད་ཁང་གིས་བྱེད་སྒོའི་གཙོ་དོན་བཞིན་བརྩམས་ཆོས་བསྡུ་རུབ་བྱས་ནས། དཔྱད་འདེམས་བྱས་པའི་ལེ་ཚན་གཉིས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིགས་གཞུང་ལྷན་ཚོགས་ལ་བསྐུར་དགོས།

༢ འགྲན་ཞུགས་པ་ཀློག་པ་པོ་མི་སྒེར་གྱིས་བརྩམས་བྱའི་ནང་དོན་གྱི་བླང་བྱ་དང་བརྩམས་བྱའི་བརྙན་ལེན་གྱི་བླང་བྱ། བརྩམས་བྱ་བསྐུར་བྱའི་བླང་བྱ་བཅས་ལྟར་བརྙན་ནང་འཇུག་བྱ་དགོས།

ཁུལ་དང་གྲོང་ཁྱེར་ཁག་གི་དཔེ་མཛོད་ཁང་དང་འགྲན་ཞུགས་པ་ཀློག་པ་པོ་མི་སྒེར་གྱི་བརྩམས་བྱ་ཟླ༨པའི་ཚེས༡༡གོང་གཏན་འཁེལ་བྱས་པའི་སྦྲེལ་མཐུད་ཀྱི་སྟེགས་བུའི་ཐོག་ནང་འཇུག་བྱ་དགོས་པ་དང་། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིགས་གཞུང་ལྷན་ཚོགས་ནས་ཟླ༨པའི་ཟླ་མཇུག་ལ་དཔྱད་འདེམ་བྱ་རྒྱུ་དང་། དཔྱད་འདེམ་ནང་གདམས་ཐོན་བྱུང་བའི་ལེ་ཚན་གཅིག་རྒྱལ་ཡོངས་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན།

གཉིས། བརྩམས་བྱ་རྩེར་སོན་གྱི་དྲ་ཐོག་དཔྱད་འདེམ། ༢༠༢༤ལོའི་ཟླ༩པའི་ཚེས༡ནས་ཟླ༩པའི་ཚེས༡༥བར།

བོད་ལྗོངས་འགྲན་ཁུལ་གྱི་ལེ་ཚན་གདམས་ཐོན་བྱས་པ་ཕུད། ཟླ༨པའི་ཟླ་མཇུག་ཙམ་ལ་དྲ་ཐོག་ནས་དཔྱད་འདེམ་བྱེད་པའི་ལམ་བུ་གཏོད་ནས། བརྩམས་ཆོས་རྩེར་སོན་གཅིག་གདམ་རྒྱུ་ཡིན་པ་དང་། བོད་ལྗོངས་དང་ཞིང་ཆེན་དང་ལྗོངས༼ཁུལ་དང་གྲོང་ཁྱེར༽གཞན་གྱིས་གདམས་ཐོན་བྱུང་བའི་བརྩམས་བྱ་རྩེར་སོན་རྣམས་དུས་གཅིག་ཏུ་དྲ་ཐོག་ནས་འདེམས་ཤོག་འཕེན་རྒྱུ་ཡིན། ཟླ༩པའི་ཚེས༡ནས་ཟླ༩པའི་ཚེས༡༥བར་རྒྱལ་ཡོངས་དྲ་ཐོག་ནས་འདེམས་ཤོག་འཕེན་པའི་མདུན་གྱི་བརྩམས་ཆོས་རྩེར་སོན་གཉིས་ལོ་འཁོར་གྱི་གཅིག་གྱུར་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན།

གསུམ། ཀློག་དབྱངས་ཀྱི་གདངས་ནས་ནུབ་རྒྱུད་མྱུལ་བའི་བྱེད་སྒོ་སྐབས་དང་པོ། སྙན་ངག་ནང་གི་ཕ་ཡུལ་ཞེས་པའི་ལོ་འཁོར་གྱི་གཅིག་གྱུར་འགྲེམས་སྟོན་བྱེད་སྒོ། ༼གནས་སྐབས་དུས་ཚོད༢༠༢༤ལོའི་ཟླ༡༠པར་གཏན་འཁེལ་ཡོད༽

ཀློག་དབྱངས་ཀྱི་གདངས་ནས་ནུབ་རྒྱུད་མྱུལ་བའི་བྱེད་སྒོ་སྐབས་དང་པོ། སྙན་ངག་ནང་གི་ཕ་ཡུལ་ཞེས་པའི་ལོ་འཁོར་གྱི་གཅིག་གྱུར་འགྲེམས་སྟོན་བྱེད་སྒོའི་ནང་ཞིང་ཆེན་དང་ལྗོངས༼ཁུལ་དང་གྲོང་ཁྱེར༽༡༢མཉམ་སྤེལ་ཐོག་གདམས་ཐོན་བྱས་པའི་ལེ་ཚན་དང་རྒྱལ་ཡོངས་དྲ་ཐོག་ནས་འདེམས་ཤོག་འཕེན་པའི་མདུན་གྱི་བརྩམས་ཆོསརྩེར་སོན་གཉིས་དུས་གཅིག་ཏུ་ཞུགས་རྒྱུ་ཡིན།

ལྔ་པ། སྒྲིག་འཛུགས་ཀྱི་གོ་རིམ། 

གཅིག བརྩམས་ཆོས་ནང་དོན་གྱི་བླང་བྱ།

བརྩམས་ཆོས་ནང་དོན་ཧུར་བརྩོན་དང་སྐྱོན་བྲལ་ཡོང་བ་བྱེད་དགོས་པ་དང་། བོད་ཀྱི་རིག་གནས་དང་འབྲེལ་བའི་ལོ་རྒྱུས། དམངས་སྲོལ། ཡུལ་སྐོར་ཐོན་ཁུངས་སོགས་ཀྱི་བརྗོད་བྱ་གཙོ་བོར་བྱས་ཏེ་འོད་སྟོང་འབར་བའི་བོད་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་། རང་ཉིད་ཀྱི་ཕ་ཡུལ་དང་འབྲེལ་བའི་སྙན་ངག ས་གནས་དེ་གའི་གནའ་ཤུལ་གྲགས་ཅན་ནམ་ཡང་ན་གནའ་གྲོང་ཁྲོམ་གཞུང་གི་བརྗོད་བྱའི་སྙན་ངག འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས། བོད་ཀྱི་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས། ལེ་ཚན་གྱི་རྣམ་པ་དང་རྩོམ་ལུས་ཀྱི་ཚད་བཀག་གང་ཡང་མེད། འགྲན་ཞུགས་ཀྱི་བརྩམས་ཆོས་ལ་གསར་གཏོད་རང་བཞིན་ལྡན་ཞིང་། ས་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་མངོན་ཆོག་ལ།

ས་གནས་དེ་གའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་མི་རིགས་ཀྱི་རྒྱན་ཆ་དང་གྱོན་ཆས། འཁྲབ་ཆས། ཡུལ་ལྗོངས་སོགས་སྤྱད་ནས་འཁྲབ་སྟོན་ཡང་བྱེད་ཆོག

གཉིས། བརྩམས་ཆོས་ཕབ་འཇུག་གི་བླང་བྱ།

གདམས་ཐོན་བྱུང་བའི་བརྩམས་ཆོས་བརྙན་ལམ་གྱི་རྣམ་པའི་ཐོག་ནས་སྐུར་དགོས། ༼འཁྲབ་སྟོན་གྱི་རྒྱབ་ལྗོངས་ཟུར་དུ་འགོད་དགོས། དཔེར་ན། རྒྱབ་ལྗོངས་ཀྱི་པར་རིས་དང་བརྙན་ལམ་སྒྲ་ཕབ་སོགས་ལྟ་བུ༽ཁ་པར་དང་། པར་ཆས། བརྙན་ལེན་འཕྲུལཆས་སོགས་བེད་སྤྱད་ནས་བརྩམས་ཆོས་ཕབ་འཇུག་བྱེད་དགོས། རབ་བྱུང་ན་འཕྲེད་བརྙན་ཡིན་དགོས་པ་དང་། རིང་ཐུང་དུས་ཡུན་སྐར་མ་ལྔ་ཡི་ནང་ཚུན་ཡིན་དགོས། བརྙན་ལམ་གྱི་ནང་དོན་དང་གསར་གཏོད་ལ་གཞིགས་ནས་དྲས་སྒྲིག་བྱེད་ཐབས་དང་ཁྱད་ནུས་སོགས་སྤྱད་ཆོག ཚོན་མདོག་གི་དབྱེ་འབྱེད་ཚད་གཞི1280*720ལས་མི་ཉུང་བ་དགོས། 

ས་གནས་དང་གྲོང་ཁྱེར་ཁག་གི་དཔེ་མཛོད་ཁང་གིས་བསྐུར་བའི་བརྙན་ལམ་ཡིག་ཆ་ནི་ས་གནས་དང་གྲོང་ཁྱེར་ཁག་གི་མིང+བརྩམས་ཆོས་ཀྱི་མིང་བཀོད་པའི་རྣམ་པ་དང་། ཀློག་པ་པོ་མི་སྒེར་གྱིས་སྐུར་བའི་ཡིག་ཆ་ནི། མི་སྒེར་གྱི་མིང+ཁ་པར་ཨང་གྲངས་བཀོད་པའི་རྣམ་པ་ཡིན་དགོས།

གསུམ། བརྩམས་ཆོས་སྐུར་བའི་བླང་བྱ།

ཁུལ་དང་གྲོང་ཁྱེར་དཔེ་མཛོད་ཁང་དང་འགྲན་ཞུགས་ཀློག་པ་པོ་མི་སྒེར་གྱིས་བསྐུར་བའི་བརྩམས་ཆོས་ཀྱི་བརྙན་ལམ་འོག་ཏུ་དེ་མཚུངས་ཀྱི་ཡི་གེ་ཕབ་གང་ཐུབ་བྱ་དགོས་པ་དང་། མི་རིགས་སྐད་ཡིག་ཐོག་ནས་གསར་རྩོམ་བྱས་པའི་བརྩམས་ཆོས་ལ་ངེས་པར་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཟུར་དུ་འགོད་དགོས་པ་མ་ཟད།  བརྙན་ལམ་ནང་དུ་བརྩམས་ཆོས་ཀྱི་མིང་དང་རྩོམ་པ་པོ་སོགས་ཀྱི་ཆ་འཕྲིན་བཀོད་དགོས། བརྙན་ལམ་པར་ལེན་སྐབས་ལྷད་སྒྲ་དང་འདར་འགུལ་སོགས་མི་ཡོང་བ་བྱེད་དགོས་པ་དང་། བདམས་ཐོན་བྱུང་བའི་ལེ་ཚན་དང་ཕབ་འཇུག་བརྙན་ལམ་གྱི་ནང་དོན་དང་གཅིག་མཐུན་ཡོང་དགོས་པ་མ་ཟད་མཐའ་འཇུག་གི་འགྲན་བསྡུར་བར་བརྩམས་ཆོས་བརྗེས་མི་ཆོག བྱེད་སྒོ་ཁྱོན་ཡོངས་ལ་མིང་དངོས་ཀྱི་ཐོག་ནས་ཞུགས་དགོས་པ་དང་། འགྲན་ཞུགས་པ་དང་ཚོགས་པ་མི་རེས་བརྩམས་ཆོས་གཅིག་ལས་བསྐུར་མི་ཆོག།

གཤམ་གྱི་ཐབས་ལམ་གཉིས་བརྒྱུད་ནས་བརྩམས་ཆོས་བསྐུར་ཐུབ། 

ཐབས་ལམ་གཅིག འགྲན་ཞུགས་པ་སྒེར་གྱི་ཁས་ལེན་ཡི་གེ་དང་། འགྲན་ཞུགས་བརྩམས་ཆོས་གཉིས་གཤམ་འོག་གི་སྦྲེལ་མཐུད་ནང་སྐྱེལ་འཇོག་ཐུབ།

活动报名及作品上传

ཐབས་ལམ་གཉིས། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འཕྲིན་ཕྲན་སྤྱི་སྟེགས་ལ་དོ་ཁུར་གནང་སྟེ། སྤྱི་སྟེགས་གཤམ་འོག་གི་མ་ཐོ་གདམ་ནས།→ངའི་དཔེ་མཛོད་ཁང་།→བྱེད་སྒོའི་ཐང་ཆེན་ནང་འཛུལ་ནས་འགྲན་ཞུགས་པ་སྒེར་གྱི་ཁས་ལེན་ཡི་གེ་དང་། འགྲན་ཞུགས་བརྩམས་ཆོས་གཉིས་སྐྱེལ་འཇོག་ཐུབ།

ཐེངས་འདིའི་བྱེད་སྒོར་མིང་ཐོ་འགོད་པའི་གྲོན་དངུལ་དང་འགྲན་ཞུགས་པའི་གྲོན་དངུལ་སོགས་གང་ཡང་མི་དགོས།

དྲུག་པ། བྱ་དགའི་རིམ་པ། 

གཅིག ཀློག་དབྱངས་ཀྱི་གདངས་ནས་ནུབ་རྒྱུད་མྱུལ་བའི་བྱེད་སྒོ་སྐབས་དང་པོ། སྙན་ངག་ནང་གི་ཕ་ཡུལ་ཞེས་པའི་སྒྲིག་འཛུགས་བྱ་དགའ།

བོད་ལྗོངས་འགྲན་ཁུལ་གྱི་བྱེད་སྒོའི་སྒྲིག་འཛུགས་བྱ་དགའ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིགས་གཞུང་ལྷན་ཚོགས་ཀྱིས་གཏན་འཁེལ་བྱ་རྒྱུ་དང་། བྱེད་སྒོ་སྤེལ་རིང་ལ་འཆར་འགོད་དང་དྲིལ་བསྒྲགས། བརྩམས་ཆོས་གདམས་ཐོན་བཅས་ཀྱི་སྐབས་སུ་སྔོན་ཐོན་གྱི་ཚན་པར་སྤྲད་རྒྱུ།

གཉིས། ཀློག་དབྱངས་ཀྱི་གདངས་ནས་ནུབ་རྒྱུད་མྱུལ་བའི་བྱེད་སྒོ་སྐབས་དང་པོ། སྙན་ངག་ནང་གི་ཕ་ཡུལ་ཞེས་པའི་འགྲན་ཞུགས་བྱ་དགའ།

བོད་ལྗོངས་འགྲན་ཁུལ་གྱི་བྱེད་སྒོའི་འགྲན་ཞུགས་བྱ་དགའ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིགས་གཞུང་ལྷན་ཚོགས་ཀྱིས་གཏན་ཁེལ་བྱ་རྒྱུ་དང་། བྱ་དགའ་ཐོབ་མཁན་ལ་ལག་ཁྱེར་སྤྲད་རྒྱུ་མ་ཟད་། ཕུལ་བྱུང་གི་བརྩམས་ཆོས་ཁག་ཅིག་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བརྙན་ཨང་དང་དྲ་ལམ་སྤྱི་སྟེགས་ཐོག་ཏུ་སྟོན་རྒྱུ་ཡིན།

གསུམ། ཀློག་དབྱངས་ཀྱི་གདངས་ནས་ནུབ་རྒྱུད་མྱུལ་བའི་བྱེད་སྒོ་སྐབས་དང་པོ། སྙན་ངག་ནང་གི་ཕ་ཡུལ་ཞེས་པའི་ལོ་འཁོར་གྱི་གཅིག་གྱུར་འགྲེམས་སྟོན་བྱེད་སྒོའི་གཟི་བརྗིད་མཚན་སྙན་ལག་ཁྱེར།

ལོ་འཁོར་གྱི་གཅིག་གྱུར་འགྲེམས་སྟོན་བྱེད་སྒོའི་ནང་ཚུད་པའི་བརྩམས་ཆོས་དང་འགྲན་ཞུགས་པར་ཞིང་ཆེན་དང་ལྗོངས༡༢ཀྱི་ཐུན་མོང་ཐོག་མིང་རྟགས་བཀོད་པའི་གཟི་བརྗིད་མཚན་སྙན་ལག་ཁྱེར་སྤྲད་རྒྱུ།

བདུན་པ། དོ་སྣང་བྱ་དགོས།     

གཅིག བརྩམས་ཆོས་ནང་ལོག་སྤྱོད་དང་། དྲག་ཤུགས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་འགལ་བའི་རྣམ་པའི་རིགས་གང་ཡང་ཐོན་མི་ཆོག་པ་དང་། གལ་ཏེ་དེ་རིགས་ཐོན་ཚེ། འགྲན་ཞུགས་རྩོམ་པ་པོ་དང་སྒྲིག་འཛུགས་ཚན་པར་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ།

གཉིས། པར་དབང་གི་འགན་འཁྲི་མེད་པར་གཏོང་བའི་གསལ་བསྒྲགས། བསྐུར་བའི་བརྩམས་ཆོས་དག་ཚོང་ལས་ཀྱི་དམིགས་ཡུལ་ཕུད་པའི་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིགས་གཞུང་ལྷན་ཚོགས་ཀྱིས་བརྩམས་ཆོས་བེད་སྤྱོད་དང་། འདྲ་བཟོ། ཉར་ཚགས་བཅས་བྱེད་པར་རྩོམ་པ་པོས་མོས་མཐུན་ཟིན་ཡོད།

གསུམ། གནས་སྐབས་དུས་ཚོད་ཟླ༡༠པར་གཏན་འཁེལ་བའི་སི་ཁྲོན་དུ་གཉེར་རྒྱུའི་འགྲེམས་སྟོན་བྱེད་སྒོར་ཞུགས་རྒྱུའི་འགྲན་ཞུགས་པས་གོང་ནས་བཀོད་སྒྲིག་བྱས་པའི་ལེ་ཚན་ནང་སྦྱོང་དང་ལས་འགན་ཅི་རིགས་ལ་བརྩི་སྲུང་ཞུ་དགོས་པ་ལས་དོན་མེད་མི་ཞུགས་པའི་རིགས་ཐོན་མི་ཆོག

བཞི། གཅིག་གྱུར་འགྲེམས་སྟོན་ནང་ཚུད་པའི་འགྲན་ཞུགས་པར་འབྲེལ་ཡོད་ཀྱི་ནང་དོན་གཞན་ལོགས་སུ་བརྡ་ཐོ་གཏང་རྒྱུ་ཡིན།

ལྔ། འདིར་ཚུད་མེད་པའི་གནད་དོན་གཞན་ལ་མཐའ་མའི་འགྲེལ་བཤད་དབང་ཆ་གཙོ་གཉེར་ཚན་པར་ཡོད།

བརྒྱད་པ། འབྲེལ་གཏུག་ཐབས་ལམ།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིགས་གཞུང་ལྷན་ཚོགས། 

རྣམ་རྒྱལ་སྒྲོལ་མ། ༡༨༡ ༠༨༩༡ ༠༨༩༡

ཏེའེ་ཅིང་།    ༡༧༧ ༠༨༩༩ ༡༠༥༧

བྱེད་སྒོའི་མཐའ་མའི་འགྲེལ་བཤད་དབང་ཆ་གཙོ་གཉེར་ཚན་པར་ཡོད།


编辑:德珍

校对:尼玛格桑

审核:边巴次仁

供稿:西藏自治区图书馆学会

西藏自治区图书馆
提供西藏图书馆活动、培训、讲座等信息;随时提供西藏图书馆服务动态。
 最新文章