西藏自治区图书馆第四期阅读马拉松第二场线上活动公告

教育   2024-06-24 17:34   西藏  

西藏自治区图书馆第四期阅读马拉松第二场线上活动公告


为全面贯彻落实党的二十大报告中关于“深化全民阅读活动”的决策部署,深入贯彻落实习近平文化思想,营造浓厚的全民阅读氛围,助力“书香西藏”建设,现举办第四期阅读马拉松第二场线上活动,公告如下。

一、活动时间

1.阅读时间

2024年6月27日-2024年7月1日

2.答题时间

2024年7月2日-2024年7月3日

二、参加方式

关注“西藏自治区图书馆”微信公众号,在公众号下方子菜单选择-我的图书馆-活动广场,即可选择进入阅读环节和答题环节,微信授权登录即可。

三、活动规则

本次活动分为两部分,一是规定时间内读完一本书,根据阅读情况获得相应积分;二是根据图书的理解完成线上答题。最终两部分合并计算分数并排名。

图书为一本党建图书,一本散文类图书,读者选择其中一本完成阅读和答题。

四、计分标准

1.每日可签到一次,一次积1分;

2.每阅读20分钟积3分,每日上限9分;

3.每人仅能答题一次,答题时间10分钟,每题答题时间为20秒,中途退出视为答题结束,答题总分为100分。

五、活动奖项

1.党建图书取前6名颁发奖状和精美礼品(其中一等奖1名,二等奖2名,三等奖3名)。

2.散文图书取前6名颁发奖状和精美礼品(其中一等奖1名,二等奖2名,三等奖3名)。

六、注意事项

1.为保证活动的有序开展请阅读授权微信与答题授权微信保持一致且手机号码一致。

2.每人仅限参加一次活动,重复参加取成绩最优的列入总排名。

3.获奖名单在答题结束一周内在西藏自治区图书馆微信公众号发布,敬请关注。

4.本次活动最终解释权归西藏自治区图书馆所有。


བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཐེངས་བཞི་པའི་དཔེ་ཀློག་མར་སུན་གྱི་དྲ་ཐོག་གི་བྱེད་སྒོ་ཐེངས་གཉིས་པའི་སྤྱི་བསྒྲགས།


ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཏོན་པའི“དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བའི”ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་མཐར་ཕྱིན་བྱེད་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། དམངས་ཡོངས་ལ་དཔེ་ཀློག་གི་རྣམ་པ་ཟབ་མོ་ཞིག་གཏོད་པ།  “དཔེ་ཀློག་གི་བོད་ལྗོངས”འཛུགས་སྐྲུན་ལ་རོགས་རམ་བཅས་བྱ་ཆེད། ད་ལྟ་ཐེངས་བཞི་པའི་དཔེ་ཀློག་མར་སུན་གྱི་དྲ་ཐོག་གི་བྱེད་སྒོ་ཐེངས་གཉིས་པ་གཉེར་རྒྱུ་ཡིན་ལ། སྤྱི་བསྒྲགས་གཤམ་གསལ་ལྟར།     

དང་པོ།   བྱེད་སྒོའི་དུས་ཚོད།     

༡. དཔེ་ཀློག་གི་དུས་ཚོད།     

༢༠༢༤ལོའི་ཟླ་༦ཚེས་༢༧ཉིན་ནས་༢༠༢༤ལོའི་ཟླ་༧ཚེས་༡ཉིན་བར།     

༢.ལན་འདེབས་པའི་དུས་ཚོད།     

༢༠༢༤ལོའི་ཟླ་༧ཚེས་༢ཉིན་ནས་༢༠༢༤ལོའི་ཟླ་༧ཚེས་༣ཉིན་བར།     

གཉིས་པ། བྱེད་སྒོའི་ནང་ཞུགས་ཐབས།     

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་འཕྲིན་ཕྲན་ལ་དོ་ཁུར་བྱས་ཏེ། སྤྱི་སྟེགས་གཤམ་འོག་གི་“བདག་གི་དཔེ་མཛོད་ཁང་དང་བྱེད་སྒོའི་ཐང་ཆེན”ཞེས་པ་བསྣན་ཚེ། དཔེ་ཀློག་གི་ལེ་ཚན་དང་ལན་འདེབས་པའི་ལེ་ཚན་ནང་ཞུགས་ཆོག་པ་དང་། སྐད་འཕྲིན་ཐོག་ཐོ་འགོད་བྱས་ན་ཆོག     

གསུམ་པ། བྱེད་སྒོའི་སྒྲིག་སྲོལ།     

ད་ཐེངས་ཀྱི་བྱེད་སྒོ་དེ་ཁག་གཉིས་སུ་དབྱེ་ཡོད་པ་སྟེ། གཅིག་ནི། གཏན་འཁེལ་གྱི་དུས་ཚོད་ནང་དཔེ་དེབ་གཅིག་ཀློག་ཚར་བ་བྱ་རྒྱུ་དང་། དཔེ་ཀློག་གི་གནས་ཚུལ་ལ་གཞིགས་ཏེ་དེ་མཚུངས་ཀྱི་སྐར་མ་སྤྲོད་རྒྱུ།  གཉིས་ནི། དཔེ་དེབ་ཀྱི་ནང་དོན་ལ་གོ་བ་ལེན་པའི་གནས་ཚུལ་ལ་གཞིགས་ཏེ་དྲ་ཐོག་ནས་ལན་འདེབས་དགོས། མཐར་ཁག་གཉིས་ཀྱི་སྐར་གྲངས་རྩིས་བརྒྱབ་སྟེ་ཨང་རིམ་བསྒྲིག་རྒྱུ་ཡིན།      

དཔེ་དེབ་ནི་ཏང་འཛུགས་སྐྱོང་སྐོར་གྱི་དཔེ་དེབ་གཅིག་དང་། ལྷུག་རྩོམ་རིགས་ཀྱི་དཔེ་དེབ་གཅིག་ཡིན་ཞིང་། ཀློག་པ་པོས་དེའི་ནང་གི་དཔེ་དེབ་གཅིག་བདམས་ནས་དཔེ་ཀློག་བྱེད་པ་དང་ལན་འདེབས་དགོས།      

བཞི་པ། སྐར་མ་རྩིས་རྒྱག་པའི་ཚད་གཞི།     

༡.ཉིན་རེར་མིང་ཐེངས་གཅིག་རེ་འགོད་དགོས་པ་དང་། ཐེངས་རེར་སྐར་མ་1བརྩི་རྒྱུ།    

༢. དཔེ་ཀློག་སྐར་མ་20བྱས་ཚེ་་སྐར་མ་3སྤྲོད་རྒྱུ་དང་། ཉིན་རེར་སྐར་མ་9སྤྲོད་རྒྱུ།     

༣. མི་རེས་ཐེངས་གཅིག་མ་གཏོགས་ལན་འདེབས་མི་ཆོག ལན་འདེབས་པའི་དུས་ཚོད་ནི་སྐར་མ་10ཡིན་པ་དང་། དྲི་བ་རེར་ལན་འདེབས་པའི་དུས་ཚོད་ནི་སྐར་ཆ་20ཡིན། ལན་འདེབས་ཞོར་དུ་ཕྱིར་འཐེན་བྱས་ཚེ་ལན་འདེབས་པ་མཇུག་སྒྲིལ་བར་བརྩི་རྒྱུ། ལན་འདེབས་པའི་དུས་ཚོད་ནི་སྐར་མ་100ཡིན།     

ལྔ་པ། བྱེད་སྒོའི་བྱ་དགའ། 

༡.ཏང་འཛུགས་སྐྱོང་སྐོར་གྱི་དཔེ་དེབ་དཔེ་ཀློག་བྱེད་མཁན་ལ་ཨང་དང་པོ་ནས་དྲུག་པའི་བར་ལ་བྱ་དགའི་ལག་ཁྱེར་དང་ཕྱག་རྟགས་སྤུས་ལེགས་སྤྲོད་རྒྱུ། (དེའི་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་༡དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན་༢  བྱ་དགའ་ཨང་གསུམ་པ་ཐོབ་མཁན་༣བཅས་ཡོད)

༢.ལྷུག་རྩོམ་རིགས་ཀྱི་དཔེ་དེབ་དཔེ་ཀློག་བྱེད་མཁན་ལ་ཨང་དང་པོ་ནས་དྲུག་པའི་བར་ལ་བྱ་དགའི་ལག་ཁྱེར་དང་ཕྱག་རྟགས་སྤྲོད་རྒྱུ། (དེའི་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་༡དང་། བྱ་དགའ་ཨང་གཉིས་པ་ཐོབ་མཁན་༢  བྱ་དགའ་ཨང་གསུམ་པ་ཐོབ་མཁན་༣བཅས་ཡོད)

དྲུག་པ།  དོ་སྣང་བྱ་དགོས་པ།     

༡.བྱེད་སྒོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཐུབ་ཆེད། དཔེ་ཀློག་གི་དབང་ཆ་སྤྲད་པའི་སྐད་འཕྲིན་དང་ལན་འདེབས་པར་དབང་ཆ་སྤྲད་པའི་སྐད་འཕྲིན་གཉིས་གཅིག་མཐུན་ཡིན་དགོས་པར་མ་ཟད། ལག་ཐོགས་ཁ་པར་གྱི་ཨང་གྲངས་ཀྱང་གཅིག་མཐུན་ཡིན་དགོས།     

༢.མི་རེ་བྱེད་སྒོའི་ནང་ཐེངས་གཅིག་ལས་ཞུགས་མི་ཆོག་པ་དང་། གལ་ཏེ་ཐེངས་མང་པོར་ཞུགས་ཚེ་དེའི་ཁྲོད་ཀྱི་སྐར་འབྲས་ཡག་ཤོས་དེ་སྤྱིའི་ཨང་རིམ་ནང་བརྩི་རྒྱུ།     

༣.བྱ་དགའ་ཐོབ་མཁན་གྱི་མིང་ཐོ་དེ་ལན་བཏབ་ཚར་རྗེས་ཀྱི་གཟའ་འཁོར་གཅིག་ནང་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་སྐད་འཕྲིན་སྤྱི་སྟེགས་ཐོག་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པས་སྐབས་དེར་དོ་ཁུར་གནང་རོགས།     

༤.ད་ཐེངས་ཀྱི་བྱེད་སྒོའི་མཐའ་མའི་འགྲེལ་བཤད་དབང་ཆ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ལ་དབང་བ་ཡིན། 

编辑:代静

校对:安风梅

审核:边巴次仁

供稿:网络部


西藏自治区图书馆
提供西藏图书馆活动、培训、讲座等信息;随时提供西藏图书馆服务动态。
 最新文章