西藏自治区图书馆学会开展第八期“馆员学堂”讲座

教育   2024-06-21 20:01   西藏  

西藏自治区图书馆学会开展第八期

“馆员学堂”讲座


为进一步深入学习贯彻习近平文化思想,贯彻落实党的二十大报告关于公共文化高质量发展的相关精神,着力提升西藏自治区图书馆学会各成员馆馆员专业素养,加强学术交流,开阔学术视野,增强业务能力,更快更好地适应新形势下智慧图书馆体系建设需要,6月20日,西藏自治区图书馆学会在自治区图书馆学术报告厅开展第八期“馆员学堂”讲座,同时进行网络直播。此次讲座邀请了贵州省图书馆数字文化服务中心主任、研究馆员,贵州省省级高层次人才、贵州省公共数字文化建设专家库专家罗静进行授课。讲座由西藏自治区图书馆学会常务副理事长、西藏自治区图书馆副馆长边巴次仁主持,线上线下听讲人员近1400人。

罗静老师以“高质量创新发展背景下智慧图书馆体系建设”为主题,围绕智慧图书馆的相关概念、智慧图书馆建设应用场景、图书馆的智慧化转型、图书馆智慧化建设与服务案例分享、智慧图书馆建设与应用展望等五个方面内容进行深入分享。罗静老师在讲座中旁征博引,通过理论讲解和案例分享相衔接的方式进行介绍,大家直呼“都是干货”,收获良多。

馆员学堂是西藏自治区图书馆学会提高全区各级各类图书馆馆员学术水平和业务能力的重要抓手,自2023年开始举办,至今已举办8期,为全区各级各类图书馆馆员提供了良好的学习和交流平台。正值西藏自治区图书馆28周年馆庆之际,此次讲座的举办为全区各级各类图书馆从智慧图书馆的理论研究走向实践应用奠定了良好基础。今后,西藏自治区图书馆学会将继续充分发挥学会组织在构建现代公共文化服务体系的重要作用,团结动员全区各级各类图书馆、广大馆员坚持正确政治方向,弘扬优秀传统文化,创新服务方式,推动全民阅读,更好满足人民精神文化需求,为建设社会主义文化强区贡献力量。


བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིག་གཞུང་ལྷན་ཚོགས་ཀྱིས་དཔེ་མཛོད་པའི་སློབ་ཐུན་ཐེངས་བརྒྱད་པ་གཉེར་བ། 


ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སྔར་བས་ལྷག་པའི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་པའི་རིག་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བཏོན་པའི་འབྲེལ་ཡོད་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིག་གཞུང་ལྷན་ཚོགས་ཀྱི་ཁོངས་མིའི་དཔེ་མཛོད་པའི་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། རིག་གཞུང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རིག་གཞུང་གི་མཐོང་རྒྱ་ཆེ་རུ་གཏོང་བ། ལས་སྒོའི་ནུས་པ་ཆེ་རུ་གཏོང་བ། དུས་བབ་གསར་པའི་འོག་གི་བློ་རིག་དཔེ་མཛོད་ཁང་གི་མ་ལག་འཛུགས་སྐྲུན་གྱི་དགོས་མཁོ་མགྱོགས་མྱུར་དང་དེ་བས་ལེགས་པའི་སྒོ་ནས་འཚམ་པ་བཅས་ཀྱི་ཆེད་དུ།  ཟླ་6ཚེས་20ཉིན། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིག་གཞུང་ལྷན་ཚོགས་ཀྱིས་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་རིག་གཞུང་སྙན་ཞུའི་ཚོམས་ཆེན་དུ་དཔེ་མཛོད་པའི་སློབ་ཐུན་ཐེངས་བརྒྱད་པ་དེ་གཉེར་ཡོད། 

ཐེངས་འདིའི་སློབ་ཐུན་འཆད་ཁྲིད་དྲ་ཐོག་ནས་ཀྱང་ཐད་གཏོང་བྱས་པ་རེད། ད་ཐེངས་ཀྱི་འཆད་ཁྲིད་ནང་ཀུའེ་ཀྲོའུ་ཞིང་ཆེན་དཔེ་མཛོད་ཁང་གི་གྲངས་གཞིའི་རིག་གནས་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཞིབ་འཇུག་ཁང་གི་ལས་མི། ཀུའེ་ཀྲོའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་མཐོ་རིམ་ཤེས་ལྡན་པ། ཀུའེ་ཀྲོའུ་ཞིང་ཆེན་སྤྱི་པའི་གྲངས་གཞིའི་རིག་གནས་འཛུགས་སྐྲུན་གྱི་རིགས་གཅིག་མཁས་ཅན་གྱི་ཁོངས་མི་ཡིན་པའི་རྒན་ལུའོ་ཅིང་ལགས་སློབ་ཁྲིད་གནང་བར་གདན་འདྲེན་ཞུས་ཡོད། འཆད་ཁྲིད་དེ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིག་གཞུང་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་གཞོན་པ་དང་།བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་དབུ་འཛིན་སྐུ་གཞོན་སྤེན་པ་ཚེ་རིང་གིས་གཙོ་སྐྱོང་གནང་བ་དང་། དྲ་ཐོག་དང་དྲ་འོག་ཁྱོན་མི་གྲངས་1400ཙམ་ཟིན་ཡོད་པ་རེད། 

རྒན་ལུའོ་ཅིང་ལགས་ཀྱིས“སྤུས་ཚད་མཐོ་བའི་གསར་གཏོད་འཕེལ་རྒྱས་ཀྱི་རྒྱབ་ལྗོངས་འོག་ཏུ་བློ་རིག་དཔེ་མཛོད་ཁང་གི་མ་ལག་འཛུགས་སྐྲུན་བྱེད་ཐབས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་བློ་རིག་དཔེ་མཛོད་ཁང་གི་འབྲེལ་ཡོད་གོ་དོན་དང་། བློ་རིག་དཔེ་མཛོད་ཁང་འཛུགས་སྐྲུན་དང་ཉེར་སྤྱོད་ཀྱི་རྣམ་པ། དཔེ་མཛོད་ཁང་གི་བློ་རིག་ཅན་གྱི་ཕྱོགས་སྒྱུར། དཔེ་མཛོད་ཁང་གི་བློ་རིག་ཅན་འཛུགས་སྐྲུན་དང་ཞབས་ཞུའི་དཔེ་མཚོན་མཉམ་སྤྱོད། བློ་རིག་དཔེ་མཛོད་ཁང་འཛུགས་སྐྲུན་དང་མ་འོངས་པའི་ཉེར་སྤྱོད་སོགས་ཕྱོགས་ལྔའི་ནང་དོན་ལ་དམིགས་ནས་མཉམ་སྤྱོད་གཏིང་ཟབ་བྱས་པ་རེད། རྒན་ལུའོ་ཅིང་ལགས་ཀྱིས་འཆད་ཁྲིད་ནང་ལུང་འདྲེན་མང་པོ་བྱས་ནས་རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་དང་དཔེ་མཚོན་མཉམ་སྤྱོད་སོགས་ཕན་ཚུན་འབྲེལ་མཐུད་བྱེད་པའི་རྣམ་པའི་ཐོག་ནས་ངོ་སྤྲོད་བྱས་པས།  ཚང་མས་གྲུབ་འབྲས་ཡག་པོ་ཐོབ་བྱུང་ཞེས་བཤད། 

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིག་གཞུང་ལྷན་ཚོགས་ཀྱི་དཔེ་མཛོད་པའི་སློབ་ཐུན་ནི་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་དཔེ་མཛོད་ཁང་གི་ལས་དོན་པའི་རིག་གཞུང་གི་ཆུ་ཚད་དང་ལས་སྒོའི་ནུས་པ་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། འཆད་ཁྲིད་དེ་2023ལོར་གཉེར་འགོ་ཚུགས་པ་དང་། ད་བར་ཐེངས་8གཉེར་ཡོད་ཅིང་།  ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་དཔེ་མཛོད་ཁང་གི་ལས་དོན་པར་སློབ་སྦྱོང་དང་སྤེལ་རེས་ཀྱི་སྟེགས་བུ་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་བཙུགས་ནས་ལོ་28འཁོར་བར་རྟེན་འབྲེལ་ཞུ་བའི་སྐབས་སུ་གཉེར་བའི་འཆད་ཁྲིད་འདིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་དཔེ་མཛོད་ཁང་དེ་བློ་རིག་དཔེ་མཛོད་ཁང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་ནས་ལག་ལེན་དང་དངོས་སྤྱོད་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད། སླད་ཕྱིན། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་རིག་གཞུང་ལྷན་ཚོགས་ཀྱིས་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་པའི་ཐད་རིག་གཞུང་ལྷན་ཚོགས་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་དཔེ་མཛོད་ཁང་དང་། རྒྱ་ཆེའི་དཔེ་མཛོད་ཁང་གི་ལས་དོན་པས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་མཐའ་འཁྱོངས་བྱེད་པ་དང་།ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། ཞབས་ཞུའི་རྣམ་པ་གསར་གཏོད་བཅས་བྱས་ནས་དམངས་ཡོངས་དཔེ་ཀློག་ལ་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་བསམ་བློའི་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པ་སྐོང་ཐུབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་ཁུལ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

编辑:孙增观

校对:尼玛格桑

审核:边巴次仁

供稿:西藏自治区图书馆学会

西藏自治区图书馆
提供西藏图书馆活动、培训、讲座等信息;随时提供西藏图书馆服务动态。
 最新文章