བོད་བྱང་ཐང་གི་གཙང་ཆུའི་འབྱུང་ཁུངས་སྲུང་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད།
བོད་བྱང་ནག་ཆུ་ནི་གཙང་ཆུའི་འབྱུང་ཁུངས་དང་ས་མཐོའི་ཆུ་མཛོད། ཀྲུང་ཧྭའི་ཆུ་མགོ་སོགས་ཀྱི་མཚན་སྙན་ཐོབ་པའི་གཞི་རྒྱ་ཆེ་བའི་ཡུལ་ཞིག་རེད་ལ། འབྲི་ཆུ་དང་རྒྱལ་མོ་རྔུལ་ཆུ། རྫ་ཆུ་སོགས་ཀྱི་ཆུ་མགོ་གནས་སའི་ཡུལ་ཁྱད་པར་བ་ཞིག་ཀྱང་རེད།
ད་ལྟ། ནག་ཆུ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་མཐུན་མོང་འབད་བརྩོན་འོག ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་ཐོག་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རྣམ་པས་ཁེངས་ཤིང་ཡོད། ནག་ཆུ་གྲོང་ཁྱེར་གྱི་སྐབས་ཐོག་མའི་སྨྱན་སྦྱོར་ཚན་པས་གཙང་ཆུའི་འབྱུང་ཁུངས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ལྟ་བ་ཞེས་པའི་གསར་འགྱུར་གྱི་ནང་དོན་དུ། གསར་འགོད་པས་ནག་ཆུའི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བོད་བྱང་ནག་ཆུའི་གཙང་ཆུའི་འབྱུང་ཁུངས་སྲུང་སྐྱོང་ལ་འབད་འཐབ་གང་འདྲ་བྱེད་བཞིན་ཡོད་མིན་དང་ལས་དོན་འདིར་ལེགས་སྐྱེས་ཇི་ལྟ་བུ་འབུལ་ཚུལ་འཁོད་ཡོད།
记 者:益西拉珍 那曲融媒 索朗 扎西南加 白旋 李文涛 刘欣欣 达瓦次仁 次仁加布 谭天智 乔雪莉
翻 译:索朗曲珍
编 辑(一审):索朗曲珍
责 编(二审):索朗 国吉
审 核(三审):索 朗
扫码关注