གཉེན་ཉེ་བར་གཉེན་བསྒྲིག་ཆོག་གམ།
རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1048པའི་གཏན་འཁེལ་ལྟར་ན། “ཐད་ཀའི་སྤུན་མཆེད་དམ་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་སྤུན་མཆེད་གཉེན་སྒྲིག་བྱས་མི་ཆོག”ཅེས་བཀོད་ཡོད། ཐད་ཀའི་སྤུན་མཆེད་ཅེས་པ་ནི་རང་ཉིད་ལ་ཐད་ཀར་ཤ་ཁྲག་གི་འབྲེལ་བ་དང་གཉེན་སྒྲིག་གི་འབྲེལ་བ་ཡོད་པ་དེ་ལ་ཟེར་ཞིང་། དེར་ནང་གསེས་སུ་ཕ་མ། སྤོ་བོ་དང་རྨོ་བོ། ཡང་མྱེས། གཞན་དེའི་གོང་གི་རྒན་རབས་པ། བུ་དང་བུ་མོ། ཚ་བོ་དང་ཚ་མོ། ཡང་ཚ་ལས་གཞན་དེའི་མན་གྱི་རྗེས་རབས་པ་བཅས་འདུ། མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་ཞེས་པ་ནི་ཤ་ཁྲག་ལས་རང་ཉིད་དང་མཉམ་པོར་ཡོད་པའི་མི་རབས་གསུམ་ནང་ཚུན་གྱི་གཉེན་ཉེ་ལ་ཟེར། དེ་བས་གོང་གསལ་གྱི་གཉེན་ཉེ་བར་གཏན་ནས་ཆངས་ས་བརྒྱབ་མི་ཆོག