【双语之窗】ཅི་ཞིག་ལ་དངོས་ཟོག་སྐྱེལ་འདྲེན་གན་རྒྱ་ཟེར།

文摘   2024-11-13 18:05   青海  

     ཅི་ཞིག་ལ་དངོས་ཟོག་སྐྱེལ་འདྲེན་གན་རྒྱ་ཟེར། 

     གཅིག ཅི་ཞིག་ལ་དངོས་ཟོག་སྐྱེལ་འདྲེན་གན་རྒྱ་ཟེར། 

       དངོས་ཟོག་སྐྱེལ་འདྲེན་གན་རྒྱ་ནི་སྐྱེལ་འདྲེན་བྱེད་མཁན་གྱིས་གན་རྒྱའི་ནང་དོན་ལྟར་སྐྱེལ་རྒྱུའི་དངོས་ཟོག་རྣམས་གཏན་འཁེལ་བྱས་པའི་ས་ཆར་སྐྱེལ་རྗེས། བརྒྱུད་བསྐུར་བྱེད་མཁན་གྱིས་འོས་མཐུན་གྱི་གླ་ཆ་སྤྲོད་རྒྱུའི་གཏན་འབེབས་བྱས་པའི་གན་རྒྱ་ལ་ཟེར། 


       གཉིས། བཅའ་ཁྲིམས་དབྱེ་ཞིབ།

       དངོས་ཟོག་སྐྱེལ་འདྲེན་གན་རྒྱའི་ཁྲོད་མཉམ་འཇོག་བྱ་དགོས་པའི་དོན་ཚན་འགའ།

       དངོས་ཟོག་སྐྱེལ་འདྲེན་གན་རྒྱའི་ཁྲོད་མཉམ་འཇོག་བྱ་དགོས་པའི་དོན་ཚན་གཙོ་བོ་ནི། 1.སྐྱེལ་འདྲེན་བྱེད་མཁན་གྱི་སྐྱེལ་འདྲེན་ཐོབ་ཐང་དང་གན་རྒྱ་ལག་བསྟར་བྱེད་ནུས་ལ་ཞིབ་བཤེར་བྱེད་པ་ནི་དངོས་ཟོག་སྐྱེལ་འདྲེན་གན་རྒྱ་ལག་བསྟར་བཟང་བོ་བྱེད་པར་ཁག་ཐེག་བྱ་བའི་རྨང་གཞི་ཡིན། 2.གན་རྒྱ་འཇོག་པའི་རྣམ་པ་དང་ནང་དོན་གྱི་ཚད་གཞི་ཁ་གསལ་བྱེད་རྒྱུའང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། 3.དངོས་ཟོག་གི་ཐུམ་སྒྲིལ་རྒྱག་རྒྱུ་དེ་བླང་བྱའི་ཚད་གཞི་དང་མཐུན་དགོས། 4.དངོས་ཟོག་མངགས་བསྐུར་བྱེད་མཁན་དང་སྐྱེལ་འདྲེན་བྱེད་མཁན། དངོས་ཟོག་རྩིས་ལེན་བྱེད་མཁན་བཅས་སོ་སོའི་འོས་འགན་དང་འགན་འཁྲི་གཏན་འཁེལ་གསལ་བོ་བྱེད་དགོས་པ། 5.མཇུག་ཏུ་དངོས་ཟོག་ཆག་སྐྱོན་བྱུང་བར་སྐྱིན་ཚབ་སྤྲོད་ཕྱོགས་སྐོར་གྱི་དོན་ཚན་ཞིབ་ཞིང་ཁ་གསལ་བྱེད་དགོས།


       གསུམ། བཅའ་ཁྲིམས་ཀྱི་གཞི་འཛིན་ས།

       《དམངས་དོན་ཁྲིམས་གཞུང་》གི་དོན་ཚན་བརྒྱད་བརྒྱ་ཉེར་ལྔ་པར། དངོས་ཟོག་མངགས་བསྐུར་བྱེད་མཁན་གྱིས་དངོས་ཟོག་སྐྱེལ་འདྲེན་བྱེད་སྐབས། ངེས་པར་ཏུ་དངོས་ཟོག་སྐྱེལ་འདྲེན་བྱེད་མཁན་ལ་དངོས་ཟོག་རྩིས་ལེན་བྱེད་མཁན་གྱི་རུས་མིང་དང་། མིང་ངམ་དངོས་ཟོག་རྩིས་ལེན་བྱེད་མཁན་མི་གང་ཡིན་གསལ་སྟོན་བྱེད་པ་དང་། དངོས་ཟོག་གི་མིང་དང་ངོ་བོ། ལྗིད་ཚད། གྲངས་འབོར། དངོས་ཟོག་རྩིས་ལེན་བྱེད་ས་སོགས་དངོས་ཟོག་སྐྱེལ་འདྲེན་དང་འབྲེལ་བ་ཡོད་པའི་དགོས་ངེས་ཀྱི་གནས་ཚུལ་གསལ་སྟོན་ནོར་མེད་བྱ་དགོས། 

       དངོས་ཟོག་མངགས་བསྐུར་བྱེད་མཁན་གྱིས་སྤྲད་པའི་ཡིག་ཐོག་སྙན་ཞུ་དེ་དོན་དངོས་དང་མི་མཐུན་པའམ་གནས་ཚུལ་གལ་ཆེན་ཆད་ལུས་བྱུང་བའི་རྐྱེན་གྱིས་སྐྱེལ་འདྲེན་བྱེད་མཁན་ལ་གྱོང་གུན་བཟོས་པ་ཡིན་ན། དངོས་ཟོག་མངགས་བསྐུར་བྱེད་མཁན་གྱིས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས།


什么是货运合同?




       一、什么是货运合同?

       货运合同即货物运输合同,是规定承运人按照合同的约定将承运货物运送到指定地点,然后托运人支付相应报酬的协议。


       二、法律分析

       货运合同中应注意的几个事项:

       ‌货运合同中应注意的核心事项包括:1.审查承运人主体的运输资格和合同履行能力是确保货运合同有效执行的基础。2.明确合同订立的形式和内容规范也是至关重要的。3.确保货物的包装要求符合标准。4.明确托运人、承运人和收货人的各自义务和责任。5.最后详细规定货损赔偿方面的事项。‌


       三、法律依据

       《民法典》第八百二十五条   托运人办理货物运输,应当向承运人准确表明收货人的姓名、名称或者凭指示的收货人,货物的名称、性质、重量、数量,收货地点等有关货物运输的必要情况。

       因托运人申报不实或者遗漏重要情况,造成承运人损失的,托运人应当承担赔偿责任。



来源:拉旦讲法


甘德司法
负责组织、指导对刑满释放人员的安置帮教工作及社区矫正工作。研究制订本县法治宣传教育工作的总体规划,组织、指导、协调全县法治宣传教育工作。负责管理本县律师、法律援助工作和公证机构及公证活动,负责指导管理人民调解工作。
 最新文章