བྱིས་པ་འདི་རིགས་ལ་རིན་མེད་གཤགས་བཅོས་བྱེད་འཆར་འདུག།

民生   2024-10-31 10:31   西藏  



ཁ་ཤོའམ་ཤོ་ཏོ་ནི་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཞིག་རེད། དེས་བྱིས་པའི་སྐྱེས་གཟུགས་ལ་སྐྱོན་རྒྱག་པར་མ་ཟད།  སྐད་དང་རྣའི་དབང་པོ། ཡིད་ཀྱི་དབང་པོ་སོགས་ལ་ཡང་གནོད་སྐྱོན་ཐེབས་སྲིད་པ་དང་། འོན་ཀྱང་ས་ཁམས་ཁོར་ཡུག་དང་སྨན་བཅོས་ཐོན་ཁུངས་སོགས་ཀྱི་དབང་གིས་དཀའ་ངལ་ཅན་གྱི་ཁྱིམ་ཚང་མང་པོ་ཞིག་ཁ་ཤོ་བའི་བྱིས་པར་གཤགས་བཅོས་བྱེད་པའི་འགྲོ་སོང་གཏོང་དཀའ་བའི་གནས་སུ་གྱར་ཡོད།  འདིའི་རིགས་ཀྱི་ཁྱིམ་ཚང་དང་བྱིས་པར་རོགས་སྐྱོར་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་བདེ་སྐྱིད་ཀྱི་འཛུམ་མདངས་ཅན་ཏེ་བོད་ཀྱི་ཁ་ཤོ་བརྒྱ་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཅེས་བའི་སྤྱི་ཕན་བྱེད་སྒོ་ཤིག་སྤེལ་རྒྱུ་ཡིན་པར་མ་ཟད། རིན་མེད་ངང་གཤགས་བཅོས་བྱ་རྒྱུ་ཡིན་ལ། ད་སྔོན་་ཁ་ཤོ་རྐན་ཤོ་༣༠ལ་རིན་མི་དགོས་པའི་གཤགས་བཅོས་བྱས་པ་རེད།


唇腭裂是一种常见的先天性畸形,不仅影响患儿的外貌,还可能导致语言、听力和心理问题。由于地理环境和医疗资源的限制,许多困难家庭无法承担唇腭裂修复手术的费用。为了帮助这些家庭,让更多唇腭裂患儿重拾笑容,自治区人民医院借助“幸福微笑——西藏百名唇腭裂患儿救助行动”这一公益活动,积极推进免费的修复手术项目,已为30名唇腭裂患儿提供免费修复手术。




བདེ་སྐྱིད་འཛུམ་མདངས་ཀྱི་སྤྱི་ཕན་དགེ་སྒྲུབ་རྣམ་གྲངས་འདིས་བོད་ཀྱི་བྱིས་པ་ཤོ་ཏོ་༡༠༠ལ་རིན་མི་དགོས་པར་གཤགས་བཅོས་བྱས་ཟིན་པ་དང་། དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བྱིས་པ་བདེ་ཐང་ངང་མཚར་ལོངས་ཡོང་བར་རོགས་སྐྱོར་བྱས་ཡོད། འདིའི་རིགས་ཀྱི་བྱིས་པ་ཡོད་ན་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཁའི་ཚན་ཁག་བསྐྱོད་ནས་རེ་ཞུ་བྱས་ཆོག་ལ། རེ་ཞུའི་ཞིབ་དཔྱད་ཚད་ལོན་བྱུང་ཚེ་ལམ་སང་སྨན་རིན་མི་དགོས་པར་སྨན་བཅོས་བྱས་ཆོག


“幸福微笑”公益慈善项目为西藏100名唇腭裂患儿提供免费手术,助力困难家庭儿童重获健康。符合条件的患儿可前往自治区人民医院口腔科申请,审核通过即可接受免费治疗。


རྣམ་གྲངས་འདིའི་རོགས་སྐྱོར་བྱ་ཡུལ་གྱི་བྱིས་པར་གཤམ་གྱི་ཆ་རྐྱེན་ཚང་དགོས། 


༡ རྣམ་གྲངས་འདིའི་རོགས་སྐྱོར་རེ་ཞུ་བྱ་ཡུལ་ཀྱི་བྱིས་པ་ངེས་པར་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཁ་ཤོའི་བྱིས་པ་ཡིན་དགོས། ཐེངས་དང་པོར་གཤགས་བཅོས་བྱེད་མཁན་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་བྱིས་པ་ཁ་ཤོ་རྐན་ཤོ་ཅན་སྔོན་ལ་གཤགས་བཅོས་བྱ་རྒྱུ། 

༢ མཆུ་ཤོ་དང་། རྐན་ཤོ། ཁ་ཤོའི་བྱིས་པ་ཡིན་དགོས་པ་དང་། ལོ་ན་༨ནས་༡༨བར་ཡིན་དགོས་པར་མ་ཟད། ལུས་པོའི་ལྗིད་ཚད་སྤྱི་རྒྱ་༨ཡན་དགོས། དེའི་ནང་རྐན་ཤོ་བའི་བྱིས་པའི་ལོ་ཚད་ངེས་པར་དུ་ཟླ་༢༤ནས་ལོ་༡༢བར་ཡིན་དགོས། 

༣ གཟུགས་པོའི་གནས་ཚུལ་གཤགས་བཅོས་ཀྱི་ཆ་རྐྱེན་དང་མཐུན་དགོས་པ་དང་། གཤགས་བཅོས་ལ་འཛེམ་དགོས་པའི་ནད་རྟགས་མེད་དགོས། དཔེར་ན་ཁྲག་མདོག་སྤྲི་དཀར་༡༠༠g/Lལས་དམའ་མི་ཆོག 

༤ རྣམ་གྲངས་འདིའི་རེ་ཞུ་དེ་རང་མོས་ཀྱི་རྩ་དོན་དང་སྤྱི་ཕན་རང་བཞིན་གྱི་རྩ་དོན་གཞིར་བཟུང་དགོས་པ་དང་། རྣམ་གྲངས་འདིར་རེ་འདུན་བྱེད་མཁན་གྱི་ཁྱིམ་བདག་གིས་རེ་བ་ལྟར་བདེ་སྐྱིད་ཀྱི་འཛུམ་མདངས་ཅན་ཏེ་བོད་ཀྱི་ཁ་ཤོ་བརྒྱ་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཀྱི་རེའུ་མིག་བསྐོང་དགོས་ལ། བསྐངས་བའི་གནས་ཚུལ་ཐམས་ཅད་ངེས་པར་དུ་བདེན་པ་བདེན་རྐྱང་ཡིན་པར་ཁས་ལེན་བྱ་དགོས།


项目救助对象具体条件如下:

(1)项目救助申请对象须为城乡低收入家庭的唇腭裂患儿。首次修复的患儿、农村低保家庭唇腭裂患儿享有优先接受救助的权利。

(2)唇裂、腭裂、唇腭裂患儿(含面横裂、牙槽突裂)。项目资助唇裂患儿手术年龄要求为8个月(体重≥8kg)-18周岁,腭裂患儿手术年龄要求为24个月-12周岁。

(3)身体状况符合手术条件,无明确手术禁忌症,比如血色蛋白不得低于100g/L,没有上呼吸道感染等身体指征。

(4)项目申请遵循自愿原则和公益性原则。项目申请对象法定监护人须按要求填报并提交《“幸福微笑——救助唇腭裂儿童”公益项目救助申请表》,并保证所有资料的真实性和完整性。





BQTV

监   审:阿      旺

责   编:格桑扎拉

编   辑:次仁尼吉

来   源:阳光西藏



邮箱:nqbqgdj@163.com

关注:新闻


巴青融媒
记录巴青发展的点点滴滴、传播大众生活的方方面面;及时准确的宣传党的方针政策和县委县政府的决策部署,聚焦社会热点,反应百姓心声,弘扬主旋律,传递正能量;充分发挥舆论监督作用,搭建政府与百姓沟通的纽带和桥梁打造百姓生活的精神食粮。
 最新文章