★哪些检举控告行为纪检监察机关不予受理?
根据《纪检监察机关处理检举控告工作规则》第十三条规定,纪检监察机关对反映的以下事项,不予受理:
(一)已经或者依法应当通过诉讼、仲裁、行政裁决、行政复议等途径解决的;
(二)依照有关规定,属于其他机关或者单位职责范围的;
(三)仅列举出违纪或者职务违法、职务犯罪行为名称但无实质内容的。
对前款第一项、第二项所列事项,通过来信反映的,应当及时转有关机关或者单位处理;通过来访、来电、网络举报受理平台等方式反映的,应当告知检举控告人依规依法向有权处理的机关或者单位反映。
★ཉེས་འདོན་ཞུ་གཏུག་གི་བྱ་སྤྱོད་གང་རིགས་ལ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྲོད་ལེན་མི་བྱེད་དམ།
སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཉེས་འདོན་ཞུ་གཏུག་ཐག་གཅོད་བྱེད་པའི་བྱ་བའི་སྒྲིག་སྲོལ་གྱི་དོན་ཚན་བཅུ་གསུམ་པ་ལས་གཏན་འབེབས་བྱས་དོན།ཉེས་འདོན་ཞུ་གཏུག་བྱས་པའི་གཤམ་གསལ་དོན་ཚན་རིགས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྲོད་ལེན་མི་བྱ།
གཅིགཁྲིམས་ལྟར་གཏུག་བཤེར་དང་།འདུམ་གཅོད།སྲིད་འཛིན་ཁྲུན་གཅོད།སྲིད་འཛིན་བསྐྱར་ཟློས་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཐག་གཅོད་བྱས་པའམ་བྱེད་དགོས་པའི་རིགས།
གཉིས།འབྲེལ་ཡོད་གཏན་འབེབས་ལྟར་ན།ལས་ཁུངས་སམ་སྡེ་ཚན་གཞན་དག་གི་འགན་འཁྲིའི་ཁྱབ་ཁོངས་སུ་གཏོགས་པའི་རིགས།
གསུམ།སྒྲིག་འགལ་ལམ་ཡང་ན་ལས་ཐོག་ཁྲིམས་འགལ་དང་ལས་ཐོག་ཉེས་གསོག་སོགས་བྱ་སྤྱོད་ཀྱི་མིང་བཀོད་པ་ཙམ་ལས་ནང་དོན་དངོས་མེད་པའི་རིགས།
དོན་ཚན་གོང་མའི་ནང་གསེས་དོན་ཚན་དང་པོ་དང་གཉིས་པར་འཁོད་པའི་དོན་ཚན་ལ།འཕྲིན་ཡིག་བསྐུར་ནས་ཉེས་འདོན་ཞུ་གཏུག་བྱས་པ་ཡིན་ན།དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་སམ་སྡེ་ཁག་ལ་བརྒྱུད་སྤྲོད་བྱས་ཏེ་ཐག་གཅོད་བྱེད་དུ་འཇུག་དགོས།ངོ་གཏུག་པ་འམ་ཡང་ན་ཁ་པར་གཏོང་བ་དང་དྲ་ཐོག་ཐེར་འདོན་སྤྲོད་ལེན་ལས་སྟེགས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཞུ་གཏུག་བྱས་པའི་རིགས་ལ།ཉེས་འདོན་ཞུ་གཏུག་བྱེད་མཁན་ལ་སྒྲིག་ཁྲིམས་ལྟར་ཐག་གཅོད་བྱེད་དབང་ཡོད་པའི་ལས་ཁུངས་སམ་སྡེ་ཁག་ལ་ཞུ་གཏུག་བྱེད་དགོས་པའི་གསལ་བརྡ་གཏོང་དགོས།