汉藏双语丨果洛州纪检监察机关检举控告知识宣传(四)——纪检监察机关如何处理诬告、错告和开展澄清正名?

文摘   2024-07-17 23:12   青海  

★纪检监察机关如何处理诬告、错告和开展澄清正名?

依据《纪检监察机关处理检举控告工作规则》相关规定,采取捏造事实、伪造材料等方式反映问题,意图使他人受到不良政治影响,名誉损失或者责任追究的,属于诬告陷害。认定诬告陷害,应当经设区的市级(州级)以上党委或者纪检监察机关批准。对属于诬告陷害的,依规依纪依法严肃处理;涉嫌犯罪的,移送司法机关依法处理。由于对事实了解不全面而发生错告的,应当在一定范围内澄清是非,消除对被错告者造成的影响,并教育错告者。

纪检监察机关核查认定检举控告失实、有必要予以澄清的,经本机关主要负责人批准后,可以采取以下方式予以澄清:

(一)向被检举控告人所在地区、部门、单位党委(党组)主要负责人以及本人发函说明或者当面说明;

(二)向被检举控告人所在地区、部门、单位党委(党组)通报情况;

(三)在一定范围内通报。

★སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྙོན་འཛུགས་དང་གཏུག་ཉེས་བྱས་པ་ལ་ཐག་གཅོད་ཅི་ལྟར་བྱེད་པ་དང་དཀར་འདོན་དག་འབུད་ཅི་ལྟར་བྱེད་པ་ཡིན་ནམ།

《སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཉེས་འདོན་ཞུ་གཏུག་ཐག་གཅོད་བྱེད་པའི་བྱ་བའི་སྒྲིག་སྲོལ》གྱི་འབྲེལ་ཡོད་དོན་ཚན་ལས་གཏན་འབེབས་བྱས་དོན།དོན་དངོས་རྫུན་བཟོ་དང་དཔྱད་ཡིག་རྫུན་བཟོ་སོགས་ཀྱི་བྱ་ཐབས་སྤྱད་ནས་གནད་དོན་ཐེར་འདོན་བྱས་ཏེ།མི་གཞན་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ངན་པའམ།མཚན་སྙན་ལ་གྱོང་གུན།ཡང་ན་འགན་འཁྲི་བདའ་འདེད་སོགས་གཏོང་འདོད་ཡོད་ཚེ།སྙོན་འཛུགས་ཉེས་འགེལ་གྱི་ཁོངས་སུ་གཏོགས་པ་རེད།སྙོན་འཛུགས་ཉེས་འགེལ་ཡིན་མིན་ངོས་འཛིན་བྱེད་དུས།ཁུལ་རིམ་པ་ཡན་གྱི་ཏང་ཨུའམ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆོག་མཆན་ཐོབ་དགོས།སྙོན་འཛུགས་ཉེས་འགེལ་གྱི་ཁོངས་སུ་གཏོགས་རིགས་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་པ་དང་།བྱས་ཉེས་བསགས་པའི་དོགས་པ་ཡོད་རིགས་ཁྲིམས་འཛིན་སྡེ་ཁག་ལ་སྤྲད་ནས་ཁྲིམས་ལྟར་ཐག་གཅོད་བྱེད་དུ་འཇུག་དགོས།དོན་དངོས་ལ་རྒྱུས་ལོན་གསལ་བོ་མ་བྱས་པའི་རྐྱེན་གྱིས་གཏུག་ཉེས་ཤོར་བའི་རིགས་ལ།ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་བདེན་མིན་དག་འབུད་བྱས་ཏེ་གཏུག་ཉེས་ཤོར་མཁན་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་སེལ་ཐུབ་བྱེད་དགོས་ཤིང་།གཏུག་ཉེས་བྱེད་མཁན་ལ་སློབ་གསོ་གཏོང་དགོས།

སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྩད་ཞིབ་བྱས་རྗེས་ཉེས་འདོན་ཞུ་གཏུག་བྱས་པ་དོན་དངོས་དང་མི་མཐུན་པར་ངོས་འཛིན་གཏན་ཁེལ་བྱས་ཤིང་།དཀར་འདོན་དག་འབུད་བྱེད་པའི་དགོས་གལ་ཆེ་ཚེ།ལས་ཁུངས་དེ་གའི་འགན་འཁུར་བ་གཙོ་བོས་ཆོག་མཆན་བཀོད་རྗེས།གཤམ་གསལ་བྱེད་ཐབས་བརྒྱུད་ནས་དཀར་འདོན་དག་འབུད་བྱས་ཆོག་སྟེ།

གཅིགཉེས་འདོན་བྱ་ཡུལ་གནས་སའི་ས་ཁུལ་དང་།སྡེ་ཁགལས་ཁུངས་བཅས་ཀྱི་ཏང་ཨུ་(ཏང་ཙུའུ་)ཡི་འགན་འཁུར་བ་གཙོ་བོ་དང་དེ་བཞིན་མི་རང་ཉིད་ལ་འཕྲིན་ཡིག་བསྐུར་ནས་གསལ་བཤད་དམ་ཡང་ན་ངོ་ཐུག་སྟེ་ཐད་ཀར་གསལ་བཤད་བྱེད་ཆོག

གཉིས།ཉེས་འདོན་བྱ་ཡུལ་གནས་སའི་ས་ཁུལ་དང་།སྡེ་ཁགལས་ཁུངས་བཅས་ཀྱི་ཏང་ཨུ་(ཏང་ཙུའུ་)ལ་བརྡ་ཁྱབ་སྤེལ་ནས་གནས་ཚུལ་གསལ་བསྒྲགས་བྱེད་ཆོག

གསུམ།ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་དུ་བརྡ་ཁྱབ་སྤེལ་ནས་གནས་ཚུལ་གསལ་བསྒྲགས་བྱེད་ཆོག

果洛纪检监察
发布最新工作动态,解读政策规定,剖析典型案例,开展宣传教育,引导社会舆论,放大正能量。果洛纪检监察,期待您的关注!
 最新文章