༢༠༢༤ལོའི་ཟླ༡༠པའི་ཚེས༡༥ཉིན།༼ནང་ཆེན་བོད་སྐད་གསར་འགྱུར༽༼གཅིག༽

政务   2024-10-15 22:14   青海  

ནང་ཆེན་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།


 འདྲེན་ཚིག  ཟླ་10པའི་ཚེས་12ཉིན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཏ་ཚུན་གྱིས་རྒྱུན་ཨུའི(རྒྱ་སྐྱེད)ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་།  ཀྲུང་དབྱང་དང་ཞིང་ཆེན།  ཁུལ་གྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།  འབྲེལ་ཡོད་ལས་དོན་གྱི་སྙན་ཞུ་ཉན་པ།  ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།  

   དངོས་གཞི།   ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་ ལོ་75རིང་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་བྱས་ནས་ཐོབ་པའི་རླབས་ཆེན་གྲུབ་འབྲས་ལ་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་པ་དང་ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ལ་བཀོད་སྒྲིག་གལ་ཆེན་དང་བླང་བྱ་ཁ་གསལ་བཏོན་ཏེ་སྔར་བྱུང་མྱོང་མེད་པའི་རླབས་ཆེན་བྱ་གཞག་དེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ཅེས་བསྟན་ཡོད་པ་རེད།  རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ནས་ཡག་པོ་སྐྱོད་པར་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་།གཏན་འཁེལ་གཉིསཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ།འདུ་ཤེས་བཞིཟབ་ཏུ་གཏོང་བ།གདེང་ཚོད་བཞིབརྟན་དུ་གཏོང་བ།སྲུང་སྐྱོང་གཉིསབྱེད་པ།  རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ནང་ཆེན་དུ་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱས་རྗེས་གཟེངས་རྟགས་གནང་བར་མ་ཟད།  གསུང་བཤད་གལ་ཆེན་ཡང་གནང་ནསདཔའ་བོར་བརྩི་བཀུར་དང་།  དཔའ་བོར་སློབ་སྦྱོང་།  དཔའ་བོ་ཧུར་ཐག་བྱེདཅེས་པའི་དུས་རབས་ཀྱི་འབོད་སྐུལ་གནང་ཡོད། རྫོང་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ།  དཔའ་བོ་དང་དཔེ་བཟང་མིག་དཔེར་བཟུང་སྟེ་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས་འཆང་བ་དང་།  རྒྱལ་ཁབ་སྟོབས་ཆེར་གཏོང་བའི་རྩལ་ནུས་སྦྱོང་བརྡར།  རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བྱས་རྗེས་འཇོག་པ།  མཐུན་སྒྲིལ་ཡར་ཐོན། འབད་འབུངས་མདུན་སྐྱོད་བཅས་བྱས་ཏེ་བྱ་གཞག་ཁག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།   རིམ་ཁག་སྡེ་ཚན་ཁག་གིས་དཔའ་བོ་དཔེ་བཟང་བར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་སྤྱི་ཚོགས་ཡོངས་སུ་འཇོན་ཐང་ཅན་ལ་མིག་དཔེ་ལྟ་བ་དང་གདོང་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་རྫོང་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་དུ་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན།  ཞིང་ཨུའི་སྒྲིག་ཁོངས་གཞུང་དོན་ཁང་གི《〈ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིགལག་བསྟར་དོན་འཁྱོལ་བྱས་ཏེ་སྒྲིག་གཞིའི་སྒྲིག་ཁོངས་སྒྲིག་ལམ་ནན་དུ་གཏོང་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་ཁ་ཕྱོགསཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དེ་སྒྲིག་གཞིའི་སྒྲིག་ཁོངས་ལས་དོན་གྱི་ཚན་རིག་རང་བཞིན་དང་།   གཟབ་ནན་རང་བཞིན།  ཚད་ལྡན་རང་བཞིན་བཅས་མཐོ་རུ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ།  བསམ་བློ་གཏོང་བ།  ལག་ལེན་བསྟར་བ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་སྒྲིག་གཞིའི་སྒྲིག་ཁོངས་ཁྲིམས་སྐྱོང་གི་འདུ་ཤེས་ཆེ་རུ་ཏན་ཏིག་བཏང་ནས་སྒྲིག་སྲོལ་ཁ་གསལ་དང་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་ཐུབ་པ་བྱེད་དགོས།  ལས་ཁུངས་ཀྱི་སྒྲིག་གཞིར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་དགོས་པ་དང་།  རྩ་འཛུགས་དང་སྐོར་ཞིབ།  རྩིས་བཤེར་སོགས་ཀྱི་སྡེ་ཁག་དང་མཐུན་སྦྱོར་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ།  གནས་ཚུལ་བརྡ་ཁྱབ་གཏོང་བ་དང་།  ཆ་འཕྲིན་མཉམ་སྤྱོད།  ཁུངས་སྣེ་རྩིས་སྤྲོད་སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ།  གདུབ་ཟུམ་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།

ཚོགས་འདུའི་ཐོགཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྡེ་ཚན་གྱི་ཏང་ཙུའིལས་ཁུངས་ཀྱིས་ཏང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི་བསམ་འཆརབརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ    ཞིང་ཆེན་སྒྲིག་ཨུད་ཀྱི《〈ཞིང་ཆེན་ཡོངས་ཀྱིས་སྒྲིག་འགལ་ངང་འབུལ་རྟེན་སྤྲོད་ལེན་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལག་བསྟར་ཇུས་གཞིཔར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོབརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་རྫོང་ཡོངས་ཀྱི་སྒྲིག་འགལ་ངང་འབུལ་རྟེན་སྤྲོད་ལེན་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་རེད།  སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་གྱི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་།  བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་།  ཞིང་ཨུ།  ཁུལ་ཨུ།  རྫོང་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ།  ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ།  ནང་དོན་ལྟེ་བ་ནན་པོ་དང་།  བྱེད་ཐབས་ནན་པོ།  རྣམ་པ་ནན་པོ་བཅས་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱས་ཏེ་གཅིག་སྡུད་བཅོས་སྒྲིག་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་དང་ཕན་འབྲས་དངོས་པོ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཚོགས་འདུའི་ཐོགསྐབས་བཅུ་དྲུག་པའི་ནང་ཆེན་རྫོང་ཨུད་ཀྱི་རེས་སྐོར་བཞི་པའི་སྐོར་ཞིབ་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུཉན་པ་རེད།  ནན་གསུང་གནང་དོན།མཇུག་གི་བྱ་བ་རྒྱུན་མཐུད་ངང་ལེགས་པར་བསྒྲུབས་ཏེ།  སྐོར་དཔྱོད་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་གནད་དོན་དག་ཐེར་གྱི་ལས་དོན་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་བ་དང་།  དག་ཐེར་གྱི་བརྒྱུད་རིམ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།  ཏང་ནན་སྐྱོང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་འཛིན་བྱེད་ནུས་ལྡན་དུ་བརྩི་དགོས།  སྐོར་དཔྱོད་གྲུབ་འབྲས་ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།  ཐེངས་འདིའི་སྐོར་དཔྱོད་ཁྲོད་ནས་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་གནད་དོན་འབུར་ཐོན་ལ་དམིགས་ནས།  སྐོར་དཔྱོད་གྲུབ་འབྲས་ལས་གཉེར་གྱི་འབྲེལ་ཡོད་བླང་བྱ་ལྟར།  སྐོར་དཔྱོད་ལས་དོན་གྱི་གྲོས་འགོ་དོན་འཁྱོལ་བྱ་རྒྱུ་དེ་ལས་ཀ་ལེགས་བཅོས་དང་མ་ལག་བཅོས་སྐྱོང་བྱེད་པའི་གོ་སྐབས་ནུས་ལྡན་དང་འཆང་གཟུང་གལ་ཆེན་དུ་བརྩིས་ཏེ།  དབྱེ་ཞིབ་དང་ཞིབ་འཇུག་ནན་ཏན་བྱེད་པ།  ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

ཚོགས་འདུའི་ཐོག་རྫོང་གི་འགོ་ཁྲིད་ཚའོ་དབྱང་དང་ཚེ་རིང་བཟང་པོས སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་།  བསམ་གཞིགས།  ལག་ལེན།  ཤེས་རྟོགས་བཅས་བྱས་ནས་ལས་བགོས་འགན་གཉེར་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བདངཁྲིམས་སྐྱོང་གི་འདུ་ཤེས་ལ་ཤུགས་སྣོན་ཇི་ལྟར་རྒྱག་པ་དང་།  ཟང་ཟིང་གི་སྣང་ཚུལ་སྣ་ཚོགས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ།  རྫོང་ཡོངས་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བབཅས་ལ་དམིགས་ཏེ་ཞིབ་བསྡུར་དང་སྤེལ་རེས་གཏམ་བཤད་བྱས་པ་རེད།  

ཚོགས་འདུའི་ཐོག་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཤིང་།  གཅིག་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།  གཉིས་ནི་དུས་བདེ་འཛུགས་སྐྱོང་གི་ལས་དོན་ཁག་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས།  གསུམ་ནི་ཡིག་བསྐུར་ངོ་བཅར་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།  བཞི་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།  ལྔ་ནི་ལོ་འཁོར་གྱི་དམིགས་ཚད་དཔྱད་ཞིབ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།   དྲུག་ནི་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས། བདུན་ནི་འགོ་ཁྲིད་ལས་བྱེད་པ་འཆད་སྟེགས་སུ་ཁྲིད་དེ་བསམ་བློ་ཆབ་སྲིད་སློབ་ཚན་འཁྲིད་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་དགོས།

ཚོགས་འདུའི་ཐོག་ད་དུང་གྲོང་གསེབ་དར་རྒྱས་གཏོང་བའི་རྣམ་གྲངས་ཀྱི་དབང་ཆ་གཏན་འཁེལ་དང་།  རྒྱལ་ཁབ་ཀྱི་བདེ་འཇགས།  ལས་བྱེད་པའི་ལས་ཤག་དོ་དམ། 2024ལོའི་རྩིས་བཤེར་ལས་དོན་སྤེལ་ཚུལ་བཅས་ཀྱི་སྙན་ཞུ་གསན་པ་རེད།





微信号 :nqws2022

● 扫码关注我们

总监制/普巴才仁/监制/久美旺加

审核/久美旺加/编辑/索南巴丁  

邮箱:3035885499@qq.com

电话:0976-8877227




 最新文章