༢༠༢༤ལོའི་ཟླ༩པའི་ཚེས༢༦ཉིན།༼ནང་ཆེན་བོད་སྐད་གསར་འགྱུར༽༼གཅིག༽

政务   2024-09-26 19:04   青海  

ནང་ཆེན་རྫོང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

འདྲེན་ཚིག  ཟླ་9པའི་ཚེས་21ཉིན་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྲི་ཏ་ཚུན་གྱིས་རྫོང་ཨུ་རྒྱུན་ཨུརྒྱ་སྐྱེདཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་མཛུབ་སྟོན་གལ་ཆེན་དང་།  ཏང་ཀྲུང་དབྱང་དང་ཞིང་ཨུ།  ཁུལ་ཨུད་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།  བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་བྱས་པ།  འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་བཅས་རེད། 

དངོས་གཞི། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་ཤིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལོ་70འཁོར་བའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་གི་སློབ་གྲྭའི་ལས་དོན་དེ་ཏང་གི་ལྟེ་བའི་ལས་འགན་དང་ཟུང་འབྲེལ་བྱེད་ས་དང་།འཇུག་ས།ཤུགས་རྒྱག་ས་བཅས་ཡང་དག་འཚོལ་བ་དང་ནང་ཆེན་གྱི་ལས་བྱེད་པའི་ཁྱད་ཆོས་དང་ལས་ཀའི་དགོས་མཁོར་དམ་པོར་དམིགས་ནས་སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་རང་བཞིན་དང་དམིགས་སའི་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་ཡོད་པ་རེད།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ།ཁུལ་ཨུད་ཀྱི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་ཁག་ཁུར་ལེན་ཡག་པོ་བྱེད་པ་དང་།སྒྱུར་བཅོས་ཀྱི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱེད་པ།ནང་ཆེན་གྱི་ལོ་རྒྱུས་ཐོག་ནས་འཕེལ་རྒྱས་ཀྱི་དུས་སྐབས་བཟང་ཤོས་སུ་གནས་པའི་འཐབ་ཇུས་ཀྱི་རྣམ་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ།ཁྱོན་ཡོངས་ནས་ཚད་གཞི་དང་རེའུ་མིག་ལ་ཞིབ་བསྡུར་བྱེད་པ་དང་གསར་གཏོད་ཚད་བརྒལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་ནང་ཆེན་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད། འགོ་ཁྲིད་ལས་བྱེད་པས་ངོ་ཆེན་ཞུ་བ་དང་སྒྲིག་འགལ་ངང་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་ཀྱི་ཐོ་འགོད་དང་འགན་འཁྲི་བདའ་འདེད་ལ་ཐེ་གཏོགས་བྱེད་ཐབསཚོད་ལྟའི་ལག་བསྟར)》ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་།ངོ་ཆེན་ཞུ་བ་དང་སྒྲིག་འགལ་ངང་མི་འདེམས་མི་སྤྱོད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཀྱིས་ཆབ་སྲིད་སྐྱེ་ཁམས་ལ་གནོད་འཚེ་གཏོང་ཚུལ་ངོས་འཛིན་གཏིང་ཟབ་བྱས་ཏེ།ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་།བསམ་བློའི་རང་རྟོགས།བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་།རྫོང་ཡོངས་ཀྱི་མི་འདེམས་མི་སྤྱོད་ཀྱི་དར་སྲོལ་སྔར་བས་ལེགས་བཅོས་བྱེད་དགོས།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་དང་ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ།ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་གནད་འགག་དམ་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།འགན་འཁུར་བའི་སྒོ་ནས་རྩ་འཛུགས་ལ་ལས་བྱེད་པ་འོས་སྦྱོར་བྱེད་དགོས།སྒྲིག་ཁྲིམས་ཀྱི་བླང་བྱ་ནན་དུ་བཏང་སྟེབྱ་ཐབསལག་བསྟར་དོན་འཁྱོལ་བྱ་རྒྱུར་ཇི་མ་ཇི་བཞིན་དམ་འཛིན་ཡག་པོ་བྱེད་པ་དང་ངོ་ཆེན་ཞུ་བ་དང་བརྡ་གཏོང་བའི་སྣང་ཚུལ་རང་རྟོགས་ངང་བཀག་འགོག་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་མི་འདེམས་མི་སྤྱོད་ཁོར་ཡུག་གཏོད་དགོས།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ནས་གནང་བའི་གསུང་བཤད་གལ་ཆེན་གྱིས་ང་ཚོར་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་དང་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆེད་དུ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་།ལག་བསྟར་དོན་འཁྱོལ་དམ་འཛིན་བྱས་ཏེ།གོ་རིམ་ཧྲིལ་པོའི་མི་དམངས་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་།དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།ལྟེ་བར་དམིགས་པ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ་དང་།ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།མི་རིགས་མཐུན་སྒྲིལ།སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིགདམངས་འཚོ་འགན་ལེན་དང་ལེགས་གཏོང་སོགས་ཀྱི་ལས་དོན་ལ་དམ་པོར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས།མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོའི་རྣམ་པ་ལྡན་པའི་དེང་རབས་ཅན་གྱི་ནང་ཆེན་ལག་ལེན་བྱེད་པའི་སྟོབས་ཤུགས་ཆེན་པོ་རྒྱ་ཁྱབ་ཏུ་འདུ་འགྲིལ་བྱ་དགོས།རྫོང་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་ཐབས་འདོན་སྲིད་སྐྱོང་ཐད་ལ་བྱས་རྗེས་གསར་པ་འཇོག་དགོས།ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ།དུས་བཀག་ལྟར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་དང་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་ཞུ་ཉན་པ།མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་དབང་སྤྱོད་པ་དང་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་པ།མི་དམངས་སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱེད་པ།སེམས་ཤུགས་གཅིག་སྒྲིལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བཅས་བྱེད་དགོས། 

ཚོགས་འདུའི་ཐོག་འབྲེལ་ཡོད་ལས་དོན་གྱི་སྙན་སེང་གསན་པ་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།  གཅིག་ནི་ས་ཞིང་གི་ཁྲིམས་འགལ་ཕྱོགས་བསྡུས་བཅོས་སྐྱོང་ཏན་ཏིག་བྱ་དགོས།   གཉིས་ནི་མང་ཚོགས་ཀྱི་ཉེ་འགྲམ་དུ་བྱུང་བའི་རུལ་སུངས་ཀྱི་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བཅོས་སྐྱོང་ཏན་ཏན་ཏིག་ཏིག་གིས་ལེགས་པར་བསྒྲུབ་དགོས།  གསུམ་ནི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་འབུར་ཐོན་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།   བཞི་ནི་ཐོན་ལས་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཏན་ཏིག་བསྒྲུབ་དགོས།   ལྔ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།   དྲུག་ནི་དུས་བདེ་འཛུགས་སྐྲུན་གྱི་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།   བདུན་ནི་ཚོགས་སྒྲིག་རྣམ་པའི་སྨན་བཅོས་རོགས་སྐྱོར་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས།   བརྒྱད་ནི་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས།   དགུ་ནི་ཉེན་མེད་ཐོན་སྐྱེད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས།  བཅུ་ནི་སྒྲིག་ཁྲིམས་དང་སྤྱོད་ཚུལ་འཛུགས་སྐྱོང་གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།






微信号 :nqws2022

● 扫码关注我们

总监制/普巴才仁/监制/久美旺加

审核/久美旺加/编辑/索南巴丁  

邮箱:3035885499@qq.com

电话:0976-8877227



 最新文章