༢༠༢༤ལོའི་ཟླ༡༠པའི་ཚེས༤ཉིན།༼ནང་ཆེན་བོད་སྐད་གསར་འགྱུར༽༼གཅིག༽

政务   2024-10-04 20:12   青海  

ནང་ཆེན་རྫོང་གིས་རྫོང་ཨུད་ཀྱི་གྲོང་གསེབ་དང་འབྲོག་ཁུལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ་དང“ཉིན་བཅུའི་འགག་སྒྲོལ་བྱ་སྤྱོད”ཀྱི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

འདྲེན་ཚིག  ཟླ་9པའི་ཚེས་29ཉིན་ནང་ཆེན་རྫོང་གིས་རྫོང་ཨུད་ཀྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་འཚོགས་པརྫོང་དང་གྲོང་གསེབ་དར་རྒྱས་ལས་དོན་འགོ་ཁྲིད་ཚོགས་ཆུངཐེངས་བརྒྱད་པའི་ཚོགས་འདུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ།  གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི“ཉིན་བཅུའི་འགག་སྒྲོལ་བྱ་སྤྱོད”ཀྱི་བཀོད་གཏོང་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད།  རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཟླ་བ་བཀྲ་ཤིས་ཚོགས་འདུར་ཞུགས་པ་དང་གསུང་བཤད་ཀྱང་གནང་བ་རེད།  རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་གྲོས་ཆོས་བརྟན་གྱིས་ཉེ་དུས་ཀྱི་འབྲེལ་ཡོད་གཙོ་གནད་ལས་ཀ་བཀོད་སྒྲིག་གནང་བ་དང་།  རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཧེ་ཧྥ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

དངོས་གཞི།  ཚོགས་འདུའི་ཐོག་ཀྲུང་གུང་མཚོ་སྔོན་ཞིང་ཨུའི་གྲོང་གསེབ་དང་འབྲོག་ཁུལ་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་བློ་མཐུན་ལིའུ་ཆི་ཧྥན་དང་ཚེ་རིང་ཐར་གྱིས་ཞིང་ཆེན་ཨུ་ལྷན་གྱི་གྲོང་གསེབ་དང་འབྲོག་ཁུལ་ལས་དོན་འགོ་ཁྲིད་ཚོ་ཆུང་གི་རྒྱས་འཛོམས་གྲོས་ཚོགས་ཐོག་ནས་གནང་བའི་གསུང་བཤད་པར་འགྲེམས་བྱས་པཞེས་པའི་བརྡ་ཐོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་ཡིན།  ཞང་གྲོང་ཁག་དང་འབྲེལ་ཡོད་ལས་རིགས་སྡེ་ཚན་ཁག་གི་འགན་འཁུར་བས་ཁྱབ་ཁོངས་ཁག་གི་གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ལ་དམིགས་ནས་སྙན་སེང་ཞིབ་ཕྲ་ཞུས་པ་རེད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན།   བློ་ཐག་ཆོད་པོས་རྒྱལ་ཁ་ཕུ་ཐག་གཅོད་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་དུས་ཚོད་ཛ་དྲག་པ་དང་།  ཞང་གྲོང་ཁག་དང་སྡེ་ཚན་ཁག་གིས་དམག་འཁྲུག་ལ་ཞེན་པ་ལོག་པའི་བསམ་བློ་དང་།“ཞི་བདེའི་བསམ་བློ།” སྒྱིད་ལུག་གི་བྱ་སྤྱོད་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་སེམས་ཤུགས་བརྟན་པོ་ལྷོད་གཡེང་དུ་མི་གཏོང་བ་དང་གཙོ་གནད་ལ་དམིགས་རྒྱུར་ལྷོད་གཡེང་མི་གཏོང་བ་རྒྱུན་འཁྱོངས་བྱས་ནས་ལག་བསྟར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ལས་དོན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་།  འགན་འཁྲི་འཁུར་སེམས།  ལས་འགན་སྒྲུབ་སེམས།   དགོས་གཏུག་གི་བསམ་པ་བཅས་སྔར་བས་ཆེ་རུ་གཏོང་བ།   མི་འདང་བ་དང་ཞན་ཆ་མུ་མཐུད་དུ་དམིགས་པ་བཅས་བྱས་ཏེ་གཅིག་ཤེས་ཀུན་གྲོལ་གྱི་ཐོག་ནས་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས།   འགག་རྩ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་།   རོགས་སྐྱོར་སྲིད་ཇུས་ཁག་དོན་འཁྱོལ་བྱ་ཚུལ་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ།  མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ།དམིགས་ཡུལ་ལ་གཞིགས་ནས་ཐབས་ཇུས་ལག་བསྟར་བྱེད་པ།   གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་ལས་དོན་ཁག་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་ལ་བརྟེན་ནས་འགན་འཁྲི་དོན་འཁྱོལ་དང་།   སྲིད་ཇུས་དོན་འཁྱོལ།   ལས་དོན་དོན་འཁྱོལ་བཅས་ལ་སྐུལ་འདེད་བཏང་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པའི་ལས་ཀའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་སྲ་བརྟན་རྒྱ་བསྐྱེད་གཏོང་དགོས།

ཚོགས་འདུའི་ཐོག“ཉིན་བཅུའི་འགག་སྒྲོལ་བྱ་སྤྱོད”ཀྱི་ལས་དོན་སྤེལ་མཇུག་འགྲིལ་མོད།   འོན་ཀྱང“ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད”ཀྱི་ལས་དོན་ད་དུང་མུ་མཐུད་དུ་སྤེལ་བཞིན་ཡོད་པས་རྫོང་རིམ་པའི་འབྲེལ་གཏུག་ས་ཚིགས་ཁག་གི་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་བརྟན་དུ་གཏོང་བ་དང་བརྒྱུད་རིམ་ཧྲིལ་པོར་བཀོད་འདོམས་བྱས་ཏེ་འགག་སྒྲོལ་བྱ་སྤྱོད་ཀྱི་ལས་དོན་ལ་མཛུབ་ཁྲིད་དང་སྐུལ་འདེད་བཏང་ནས་འགག་སྒྲོལ་བྱ་སྤྱོད་ཀྱི་ཐད་ལ་གྲིབ་ཆ་མི་ལུས་པ་བྱས་ཏེ་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།   ཞང་གྲོང་ཁག་དང་།  སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་གཙོ་གནད་གནད་དོན་དང་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་སྒུག་འགྱངས་མི་བྱེད་པ་དང་དམ་འཛིན་ཏན་ཏིག་བྱས་ནས་ལས་དོན་ཁག་དུས་བཀག་ལྟར་ལེགས་སྒྲུབ་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་དགོས།   གཅིག་ནི“མ་མཐའི་མཚམས་ཐིག་སྲུང་བ་དང་།   སྒུལ་ཤུགས་ཆེ་རུ་གཏོང་བ།  དར་རྒྱས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་སྤྱིའི་དམིགས་ཚད་ཀྱི་བླང་བྱར་དམ་པོར་དམིགས་ནས“སྦྲང་ཆར་འཆར་གཞིའི”དབུལ་པོ་བསྐྱར་ལོག་གི་ལས་ཞུགས་འགག་སྒྲོལ་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་།  དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གནས་ཚུལ་གྱི་ཆ་འཕྲིན་འཚོལ་བསྡུ་དང་གསར་སྒྱུར་བྱེད་པ།  གྲངས་གཞིའི་ལྟ་ཞིབ་ཚད་ལེན་དབྱེ་ཞིབ་དང་ལས་ཀའི་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ།  འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་ཞིབ་ཕྲའི་ལས་ཞུགས་རོགས་སྐྱོར་བྱ་ཐབས་དོན་འཁྱོལ་བྱེད་པ།  གནད་དོན་གྱི་སོགས་ནས་མི་འདང་བ་དང་ཞན་ཆ་གསབ་པ།  གཉིས་ནི་ཡོང་འབབ་ཞིབ་བསྡུར་བྱེད་པའི་བརྒྱུད་རིམ་ཁྲོད“མཐོ་བ་གཉིས”ལ་དོ་སྣང་བྱེད་པ་སྟེ།  ཡུལ་གཞན་དུ་གནས་སྤོས་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་འཕར་ཚད་དེ་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི་འཕར་ཚད་ལས་མཐོ་བ་ཡོད་པར་དོ་སྣང་བྱེད་པ།  ཡོང་འབབ་སྒོར་10000མན་གྱི་དབུལ་སྒྲོལ་མི་འབོར་དང་ཡོང་འབབ་མང་དུ་མ་ཕྱིན་པར“ཚོགས་པ་རིགས་གཉིས”ལ་གཙོ་གནད་དུ་དོ་ཁུར་བྱས་ཏེ་དུད་ཚང་རེར་སྲིད་ཇུས་རེ་དང་ཐོ་བསུབ་དོ་དམ་ཏན་ཏིག་ཐུབ་པ་བྱེད་དགོས།   གསུམ་ནི་ཞང་དང་གྲོང་རྡལ་ཁག་གི་འཕྲོད་བསྟེན་ཁང་དང་གྲོང་ཚོ་ཁག་གི་འཕྲོད་བསྟེན་ཁང་གིས་ད་དུང་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུའི་ལག་དེབ་དང་།  ཁ་ཆད་ལག་བསྟར་ཟིན་ཐོ།  ཁ་ཆད་ལག་བསྟར་བྱེད་གྲངས་སོགས་ཉམས་ཞན་གནད་དོན་ལ་ཤུགས་སྣོན་རྒྱག་དགོས་པ།   གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་གི་སྨན་རྫས་ཀྱི་གྲངས་འབོར་ཚད་ལོན་ཐུབ་པ་བྱ་རྒྱུ།   དུས་ལས་ཡོལ་བའི་སྨན་རིགས་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་སྐྱོན་ཆ་གང་ཡང་མི་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས།   བཞི་ནི་སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་དུས་ཐོག་ཏུ་སྟབས་བསྟུན་ལྟ་ཞིབ་ལས་དོན་ཡག་པོ་སྤེལ་ཐོག་ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་སྟབས་བསྟུན་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཙུགས་ནས་སློབ་མའི་འགྲོ་སྐྱོད་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ཏེ་སློབ་མཚམས་ཆད་པའི་སྣང་ཚུལ་ཡོད་པའི་སློབ་མ་སྔོན་དུ་ཞུགས་ནས་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་དགོས།   ལྔ་ནི་ནོར་སྲིད་སྦྲེལ་མཐུད་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་དང་སུའུ་ཆིང་ཤར་ནུབ་རྒྱུད་ཀྱི་རོགས་ལས་མ་དངུལ་རྣམ་གྲངས་རེ་ཞུའི་དོ་དམ་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་དགོས་པ།

རྫོང་ཡོངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་དང་རྫོང་ཨུའི་་གྲོང་གསེབ་འབྲོག་ཁུལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གྲོང་གསེབ་དར་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས་ཡོད་པ་རེད།





微信号 :nqws2022

● 扫码关注我们

总监制/普巴才仁/监制/久美旺加

审核/久美旺加/编辑/索南巴丁  

邮箱:3035885499@qq.com

电话:0976-8877227




 最新文章