རིག་རྩལ་ལས་དོན་པས་བླ་སྲོག་སྐྲུན་མཁན་ཡག་པོ་ཞིག་བྱེད་དགོས།

政务   2024-12-03 14:18   西藏  

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2014ལོའི་ཟླ་10ཚེས་15ཉིན་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་བསྐྱར་དུ་བཀོད་ཡོད་པ་རེད། རིག་རྩལ་ནི་བླ་སྲོག་གཏོད་པའི་འདུ་འགོད་ཅིག་ཡིན་པ་དང་རིག་རྩལ་ལས་དོན་པ་ནི་བླ་སྲོག་སྐྲུན་མཁན་ཞིག་རེད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་རིག་རྩལ་ལས་དོན་པར་ཚད་མཐོའི་གདེང་འཇོག་དང་ཐུགས་རེ་ཟབ་མོ་གནང་བ་ཞིག་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པས་བླ་སྲོག་སྐྲུན་མཁན་ཡག་པོ་ཞིག་བྱེད་པ་དེ་རང་གི་འགན་འཁྲིར་བརྩི་བ་དང་ཀུན་སྤྱོད་དང་སྒྱུ་རྩལ་གོང་དུ་བཀུར་རྒྱུ་དེ་ཚེ་གང་གི་དོན་གཉེར་ཞིག་ཏུ་བརྩིས་ནས་འབད་འབུངས་ཡར་བརྩོན་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན། དཀའ་ངལ་ཁྱད་བསད་ཀྱིས་ལས་ཀ་བྱེད་པ། བློ་རྩེ་གཅིག་སྒྲིམ་གྱིས་གསར་རྩོམ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་རིག་རྩལ་གྱི་ཡང་རྩེ་ཧུར་ཐག་གཏོད་དགོས།


བདེན་ལེགས་མཛེས་གསུམ་དར་སྤེལ་གཏོང་བའི་སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་བྱེད་དགོས་ཤིང་། གནའ་ནས་ད་བར་ཕུལ་དུ་བྱུང་བའི་རྩོམ་རིག་མཁས་ཅན་དང་སྒྱུ་རྩལ་མཁས་ཅན་གྱིས་རྟག་ཏུ་དཀའ་བ་དང་དུ་བླངས་ནས་སྒྱུ་རྩལ་གསར་རྩོམ་བརྒྱུད་བདེན་ལེགས་མཛེས་གསུམ་གྱི་རིན་ཐང་དོན་གཉེར་དང་བརྒྱུད་སྤྲོད་བྱེད་པ་དང་། མི་རྣམས་ཀྱིས་རང་བྱུང་གི་མཛེས་པ་དང་། འཚོ་བའི་མཛེས་པ། སེམས་ཁམས་ཀྱི་མཛེས་པ་བཅས་ཤེས་རྟོགས་ཐུབ་པར་ཁྲིད་སྟོན་བྱེད་ཀྱི་ཡོད། དེ་དམིགས་ཡུལ་དུ་བྱས་ཚེ། དེའི་བརྩམས་ཆོས་གཞི་ནས་གསུང་རབ་ཏུ་གྱུར་ནས་རང་རྟོགས་སྒོས་སྙན་གྲགས་ཇི་སྲིད་བར་ཁྱབ་ཐུབ། རྒྱ་ཆེའི་རིག་རྩལ་ལས་དོན་པས་སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་བྱས་ནས་ཤེས་བྱ་དང་། བློ་སྦྱོང་། བྱང་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། ཁྲོམ་རའི་དཔལ་འབྱོར་གྱི་རླབས་རྒྱུན་ཆེན་པོའི་ཁྲོད་ཁ་ཕྱོགས་མི་འཛོལ་བའི་འགན་ལེན་བྱེད་པ་དང་། བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་ལ་བསམ་གཞིག་ནན་པོ་བྱེད་པ། སྤུས་ཚད་ལ་སྣང་ཆེན་དང་སྒྱུ་རྩལ་པའི་ཀུན་སྤྱོད་ལ་སྣང་ཆེན་བྱེད་པ། ལོ་རྒྱུས་ལ་སྲོལ་བཟང་འཇོག་པ་དང་འཇིག་རྟེན་པར་སྤྱོད་བཟང་དར་སྤེལ་གཏོང་བ་བཅས་བྱས་ནས། བླ་ན་མེད་པའི་ལས་རིགས་ཀྱི་སྤྱོད་ལམ་དང་། སྤྱི་ཚོགས་ཀྱི་གཟུགས་བརྙན་བཟང་པོ། རིག་གནས་དང་སྤུས་ཚད་གཉིས་ལྡན་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་ལ་མི་དམངས་ཀྱི་དགའ་བསུ་ཐོབ་པར་བྱེད་དགོས།


མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་གྱི་ངོ་བོ་ནི་མི་དམངས་ཀྱི་རིག་རྩལ་ཡིན། རིག་རྩལ་ལ་བརྟེན་ནས་མི་དམངས་ཀྱི་བསམ་འདུན་མཚོན་པར་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་རྩ་བའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པས་འཚོ་བར་ཟབ་འཇུག་དང་མི་དམངས་ཁྲོད་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ཀྱི་བདེ་སྡུག་དང་བདེ་སྐྱིད་ཐོག་མཐའ་བར་གསུམ་དུ་སེམས་ནང་འཇོག་པ་དང་། མི་དམངས་ཀྱི་འཚོ་བ་དང་། ལས་དབང་། བརྩེ་དུང་བཅས་ལ་ལྟ་བ། མི་དམངས་ཀྱི་བསམ་འདུན་དང་། སེམས་ཁམས། བསམ་ཚུལ་བཅས་མཚོན་པར་བྱེད་པ། མི་དམངས་ཀྱི་དགའ་སྐྱོ་ཆགས་སྡང་སྒྱུ་རྩལ་བརྩམས་ཆོས་ནང་མཚོན་པར་བྱེད་པ། མི་དམངས་མང་ཚོགས་ལ་བསམ་པའི་རྒྱགས་ཕྱེ་དེ་བས་མང་ལ་ལེགས་པ་མཁོ་འདོན་བྱེད་པ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་བ། མི་དམངས་ཀྱི་མཛེས་དཔྱད་ལྟ་བ་དང་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པ། མི་དམངས་ཀྱི་བསམ་པའི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། རིག་རྩལ་གྱི་མེ་ཏོག་སྣ་ཚོགས་ནམ་ཡང་མི་དམངས་ལ་བཞད་པར་བྱེད་དགོས།


བློ་རྩེ་གཅིག་སྒྲིམ་གྱིས་རིག་རྩལ་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱེད་དགོས་ཤིང་། དུས་རབས་ཤིག་གི་རིག་རྩལ་གྲུབ་འབྲས་ལ་བསྡུར་ཞིབ་བྱེད་པར་མཐར་བརྩམས་ཆོས་ལ་ལྟ་དགོས་པ་དང་། རྩོམ་རིག་མཁས་ཅན་དང་སྒྱུ་རྩལ་མཁས་ཅན་གྱི་མི་ཚེའི་རིན་ཐང་ལ་བསྡུར་ཞིབ་བྱེད་པར་ཡང་བརྩམས་ཆོས་ལ་ལྟ་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པས་ཐོག་མཐའ་བར་གསུམ་དུ་གསར་རྩོམ་ནི་རང་ཉིད་ཀྱི་ལྟེ་བའི་ལས་འགན་ལ་བརྩི་བ་དང་བརྩམས་ཆོས་ནི་རང་ཉིད་ཀྱི་གཞི་ཚུགས་སར་བརྩིས་ཏེ་སེམས་རྣལ་དུ་ཕབ་པ་དང་ཡག་ཐོག་ཡག་བརྩེགས་ཀྱིས་གསར་རྩོམ་བྱས་ཏེ་བསམ་པའི་རྒྱགས་ཕྱེ་ཡག་ཤོས་མི་དམངས་ལ་ལེགས་སྐྱེས་འབུལ་དགོས། མིག་མདུན་གྱི་ཁེ་ཕན་ཁོ་ནར་བརྔམ་པའི་བྱེད་སྟངས་ངན་པ་དོར་ནས་སྒྱུ་རྩལ་ལ་བཅངས་པའི་དད་གུས་དང་། བརྩི་བཀུར། དགའ་ཞེན་བཅས་རྒྱུན་འཁྱོངས་བྱས་ཏེ་འགྱུར་ལྡོག་ཇི་ལྟར་བྱུང་མིན་ལ་བརྟག་པའི་བག་ཕེབས་དང་ངེས་ཤུགས་ལ་བརྟེན་པ་དང་། དོ་ནན་དང་། སྒམ་ནན། ནན་ཏན་བཅས་ཀྱི་ཆེད་ལས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་དང་། མི་དམངས། མི་རིགས་བཅས་ལ་ངོ་གནོང་མི་དགོས་པའི་རིག་རྩལ་བརྩམས་ཆོས་རྩེ་གྲ་གསར་རྩོམ་བྱེད་དགོས།

往期回顾

“五大项目”清洁能源 澎湃“新”动力


今起!坐飞机也能开电子发票~

招聘公告

记 者:仓果

编 辑(一审):德庆拉泽

责 编(二审:国     吉

审 核(三审:戴 青 霞


扫码关注


那曲融媒
我们站在海拔4500米的世界屋脊,站的高,看得远。用心书写那曲、用情点亮那曲、用生命守护那曲。让草原的热情,牧人的真诚穿越时空,呈现给世界一个和谐、文明、团结、进步、欣欣向荣的新那曲。
 最新文章