ནད་པ་འདི་དག་ལ་ཉེ་ཆར་གོ་སྐབས་བཟང་པོ་ཞིག་འདུག

政务   2024-11-24 19:07   西藏  


      གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྐྱ་འགྲིབ་དང་། མིག་རྩའི་ནད། མིག་གི་ཕྱི་ནད། མིག་ནད་སྐམ་ཚག  དེ་བཞིན་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་དང་། ཕྲུ་གུའི་གཟི་ལོག་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་ནད་པའི་འཚོ་བ་སྟབས་བདེ་རུ་གཏོང་ཆེད། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཧྲང་ཧའེ་གཞིས་ཀ་རྩེའི་རིགས་གཅིག་མཁས་ཅན་ཚོགས་པ་ཆེད་མངགས་སྒྲིག་འཛུགས་བྱས་ཏེ་༢༠༢༤ལོའི་སྤྱི་ཟླ་༡༡ཚེས་༢༠ཉིན་ནས་སྤྱི་ཟླ་༡༢ཚེས་༣༡ཉིན་བར་སྐྱ་འགྲིབ་དང་། མིག་རྩའི་ནད། མིག་གི་ཕྱི་ནད། མིག་ནད་སྐམ་ཚག  དེ་བཞིན་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་དང་། ཕྲུ་གུའི་གཟི་ལོག་བལྟ་བ་སོགས་ཀྱི་ནད་པར་དབྱེ་བཤེར་དང་གཤགས་བཅོས་བྱ་རྒྱུ་རེད། དེའི་དམིགས་ཡུལ་ནི་གཞིས་ཀ་རྩེ་གྲོང་ཁྱེར་གྱི་མིག་ནད་ནད་པར་རང་ཁྱིམ་གྱི་སྒོ་རྩ་ནས་དུས་ཐོག་ཏུ་བརྟག་དཔྱད་དང་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ཐོབ་པ་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དོད་རུ་གཏོང་རྒྱུ་ཡིན་པ་རེད། 

    དབྱེ་བཤེར་བྱེད་པའི་དུས་ཚོད་ནི། ༢༠༢༤ལོའི་སྤྱི་ཟླ་༡༡ཚེས་༢༠ཉིན་ནས་སྤྱི་ཟླ་༡༢ཚེས་༣༡ཉིན་བར་ཡིན།

    གཤགས་བཅོས་བྱེད་པའི་དུས་ཚོད་ནི། ༢༠༢༤ལོའི་སྤྱི་ཟླ་༡༢ཚེས་༡ཉིན་ནས་ཚེས་༣༡ཉིན་བར་ཡིན།

     ས་གནས། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་མིག་ནད་སྡེ་ཁག

     དབྱེ་བཤེར་བྱེད་པའི་ཁ་ཕྱོགས་ས་ནི། སྐྱ་གྲིབ་ཕོག་པའི་ནད་པ་དང་། མིག་རྩའི་ནད། མིག་གི་ཕྱི་ནད། མིག་ནད་སྐམ་ཚག  དེ་བཞིན་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་དང་། ཕྲུ་གུའི་གཟི་ལོག་བཅས་ཡིན་པ་རེད། 

     བྱེད་སྒོ་སྤེལ་སྟངས། 

      ༡. ནད་པ་རྣམས་གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་མིག་ནད་སྡེ་ཁག་གི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་དང་དབྱེ་བཤེར་བྱེད་པར་ཡོང་དགོས་པ་དང་། 

      .  མིག་ནད་སྡེ་ཁག་གིས་ནད་པར་བརྟག་དཔྱད་ཞིབ་ཕྲ་དང་གཟུགས་པོར་བརྟག་དཔྱད་བྱས་རྗེས། ནད་པའི་གནས་ཚུལ་དངོས་ལ་གཞིགས་ནས་རང་སོ་སོར་སྨན་བཅོས་བྱེད་ཐབས་སྤྱོད་རྒྱུ་ཡིན་པ།

      .  གཤགས་བཅོས་བྱ་རྒྱུར་འཚམ་པའི་ནད་པར་ཧྲང་ཧའེ་ཡི་རིགས་གཅིག་མཁས་པས་གཤགས་བཅོས་བྱ་རྒྱུ་རེད།

      དོ་སྣང་བྱ་དགོས་པའི་གནད་དོན།

      ༡. ནད་པ་དང་ཁྱིམ་མིས་ནད་པའི་སྔར་གྱི་ནད་དེབ་དང་། བརྟག་དཔྱད་སྙན་ཞུ་སོགས་འབྲེལ་ཡོད་དཔྱད་གཞི་ཁྱེར་ནས་སྨན་པས་ནད་གཞིའི་གནས་ཚུལ་ལ་རྒྱུས་ལོན་ཡག་པོ་བྱེད་དུ་འཇུག་དགོས། 

     ཉེ་ལམ་ནད་པར་གཟུགས་པོ་བདེ་པོ་མེད་པ་དང་ཡང་ན་སྨན་ཟ་བཞིན་ཡོད་ཚེ། སྨན་པ་བསྟེན་སྐབས་སྨན་པར་ཤོད་དགོས། 

     འབྲེལ་གཏུག་མི་སྣ། བདེ་སྐྱིད་སྒྲོལ་དཀར།  ༡༣༩༨༩༩༢༡༨༨༣ ཡིན།

 

为解决日喀则市白内障、眼底疾病、眼表及外眼疾病、干眼、青少年近视防控、小儿斜视等问题,有效改善患者生活质量,日喀则市人民医院特组织上海日喀则专家团队于2024年11月20日——2024年12月31日为白内障、眼底疾病、眼表及外眼手术、干眼、青少年近视防控、小儿斜视等患者进行筛查与手术活动。旨在关注日喀则市白内障患者、眼底疾病患者、眼表及外眼疾病患者、干眼患者、青少年、儿童的健康,使日喀则市十八个县区的白内障患者、眼底疾病患者、眼表及外眼疾病患者、干眼患者、青少年、儿童在家门口得到及时的诊断和优质的医疗服务,提升群众的获得感、幸福感


筛查时间:2024年11月20日—2024年12月31日

手术时间:2024年12月1日—2024年12月31日

地点:日喀则市人民医院眼科

筛查对象:白内障患者、眼底疾病患者、眼表及外眼疾病患者、干眼患者、青少年、儿童。


活动方式:

1.患者到日喀则市人民医院眼科门诊就诊和筛查;

2.眼科为患者进行详细问诊、查体以及影像检查,然后根据患者的具体病情,给予个性化的治疗方案;

3.对于符合手术的患者由上海专家对其进行手术。


注意事项:

1.请患者及家属携带好患者的既往病历、检查报告等相关资料,以便医生更好地了解病情;

2.如患者近期有其他身体不适或正在服用药物,请在就诊时告知医生。

联系人:德吉卓嘎 13989921883


还有这些内容值得关注:





中国共产党康马县第十届委员会第七次全体会议举行


康马县召开2024年第四季度经济运行分析调度会议


十届康马县委第八轮各巡察组完成进驻


理响康马 “声”入人心——康马县持续推动党的二十届三中全会精神“飞入寻常百姓家”


全国消防日 | 康马县消防救援大队开展“全民消防 生命至上”119全国消防日宣传活动

来源:阳光西藏微信公众号
编辑:李 晶 晶
初审:李 晶 晶
复审:曲     达
终审:次仁多吉

县委进一步改进作风狠抓落实工作举报方式

举报电话:

0892-8212740

举报邮箱:

kmxdcs@sina.com

举报信箱点位:

党政办公楼大门右侧、政府楼大门左侧

邮政信箱:

康马县党政办公楼作风办212办公室

康马县发布
发布县域动态
 最新文章