文明过节倡议书
辞旧迎新、新年将至,在三大节日来临之际,为进一步践行《那曲市文明行为促进条例》,巩固文明城市创建成果,形成传承美德、崇尚文明、摒弃陋习、文明守礼的良好风尚,营造安定团结、欢乐祥和的节日氛围,特向全市各族群众发出如下倡议:
一、过平安健康年。人员聚集时应避免给自己和他人造成伤害,避免妨害公共安全、影响交通秩序、污染环境和破坏公共设施等情况发生,避免和他人产生矛盾纠纷。增强安全防范意识,注重用火用电用气安全,防火防盗,平安过年。
二、过文明新风年。自觉践行社会主义核心价值观,倡导文明健康的生活方式,争做“讲文明、树新风”行动的参与者、先行者,营造健康文明生活风尚,不在公共场所吸烟、不大声喧哗、不粗言脏语,不酗酒乱为,自觉遵守公共秩序、文明公约、居民公约和村规民约。
三、过绿色低碳年。倡导多用短信、微信、电子贺卡等环保方式传递祝福,减少使用纸制品、减少燃放烟花爆竹。积极践行垃圾分类,不乱丢垃圾、乱倒污水、随地吐痰,不在背街小巷随意便溺,不在露天场所和垃圾收集容器内焚烧垃圾或其他废弃物,像爱护眼睛一样爱护环境卫生,树立文明健康的绿色生活理念。
四、过文明交通年。倡导文明出行、绿色出行,自觉养成“按灯停走、按道行驶、按线通行、按位停放、按章驾乘”的文明交通习惯,骑乘摩托车、电动车自觉佩戴安全头盔,倡导驾乘时不吸烟、不拨打电话、不向车窗抛物、不酒后驾车。
五、过文明旅游年。倡导广大游客遵守出行公共秩序,守公德、讲礼仪,不喧哗、不插队,爱护文物和景区设施,热爱自然环境,尊重当地风俗习惯,禁止未经允许擅自进入保护区内开展旅游、探险活动,不在旅游景区内乱写乱画、损坏文物。旅游从业人员要坚持诚信经营、遵纪守法,不发布虚假广告、不强迫游客购物,坚持文明服务、细微服务,让游客感受到文明旅游的春风。
六、过文明上网年。树立文明上网意识,积极传播社会正能量。不在网上杜撰、复制、传播未经官方证实的不实信息和虚假消息,不妄议国家大政方针和党委政府决策部署,自觉抵制低俗、媚俗、庸俗等低级趣味的有害信息,不哗众取宠谋取不正当的个人私利,不恶意辱骂诽谤中伤他人。合理安排上网时间,不沉溺于网络世界。
七、过勤俭节约年。倡导文明用餐,注重膳食均衡,减少节日礼品的购买和赠送,养成节俭光荣、浪费可耻的理性消费的理念。不讲排场、不比阔气,家人团圆或招待客人讲究按需点菜、餐量适中,以光盘为荣、剩宴为耻,鼓励剩菜打包,杜绝“舌尖上的浪费”。
八、过美德传承年。中华民族传统节日承载着我们共同的文化记忆,传统美德是我们宝贵的文化资源,倡导孝老爱亲、家庭和睦、邻里团结,多陪伴父母家人、多参加志愿服务活动、多行慈善之举,传递爱心温暖,争做优秀民族文化的践行者和传播者。
新时代、新气象、新作为。文明那曲感谢每一个“你”的参与、奉献与坚守,让我们一同行动起来,从现在做起,共建文明家园、共育时代新风、共创美好幸福生活,为建设最高海拔长治久安和高质量发展示范市贡献文明力量。恭祝全市各族人民群众元旦、春节、藏历新年节日快乐、阖家幸福、扎西德勒!
那曲市精神文明建设办公室
2024年12月31日
ཡ་རབས་ངང་དུས་ཆེན་གཏོང་བའི་གྲོས་འདོན་ཡི་གེ།
ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུས་ནས་དུས་ཆེན་གསུམ་འཆར་ལ་ཉེ་བའི་མཚམས་འདིར<<ནག་ཆུ་གྲོང་ཁྱེར་གྱི་ཡ་རབས་ཚུལ་ལྡན་གྱི་བྱ་སྤྱོད་ལེགས་སྤེལ་སྲོལ་ཡིག>>སྔར་བས་ལག་ལེན་བསྟར་བ་དང་། ཤེས་དཔལ་གྲོང་ཁྱེར་གཏོད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཀུན་སྤྱོད་བཟང་པོ་རྒྱུན་འཛིན་དང་། ཤེས་དཔལ་ལ་བརྩི་མཐོང་། སྲོལ་ངན་དོར་བ། ཡ་རབས་གུས་སྲུང་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པ། ལྷིང་འཇགས་མཐུན་སྒྲིལ་དང་དགའ་སྤྲོ་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་གྲོས་འགོ་འདོན་རྒྱུ་གཤམ་གསལ།
གཅིག དུས་བདེ་བདེ་ཐང་གི་ལོ་གསར་གཏོང་བ། མི་སྣ་འདུ་འཛོམས་བྱེད་སྐབས་རང་ཉིད་དང་མི་གཞན་ལ་གནོད་འཚེ་མི་བཟོ་བ་དང་། སྤྱི་པའི་བདེ་འཇགས་ལ་གནོད་འཚེ་མི་བཟོ་བ། འགྲིམ་འགྲུལ་སྒྲིག་ལམ་ལ་ཤུགས་རྐྱེན་མི་བཟོ་བ། ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བ། སྤྱི་པའི་སྒྲིག་བཀོད་ལ་གཏོར་བཤིག་མི་གཏོང་བ། མི་གཞན་དང་འགལ་ཟླ་རྩོད་གཞི་མི་ཐོན་པ་བཅས་བྱེད་དགོས། བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས། མེ་དང་། གློག སོལ་རླངས་བཅས་ཀྱི་བདེ་འཇགས་ལ་དོ་སྣང་དང་། མེ་དང་རྐུན་མ་སྔོན་འགོག་བྱས་ནས། དུས་བདེའི་ངང་ལོ་གསར་གཏོང་དགོས།
གཉིས། ཡ་རབས་ཚུལ་ལྡན་གྱི་ལོ་གསར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རང་རྟོགས་ངང་ལག་ལེན་བསྟར་བ་དང་། ཡ་རབས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ། “ཤེས་དཔལ་ལ་སྣང་ཆེན་གྱིས་སྲོལ་གསར་ལ་དར་སྤེལ་གཏོང་བའི”ལས་འགུལ་ནང་ཞུགས་མཁན་དང་སྔོན་སྐྱོད་པ་བརྩོན་ལེན་བྱེད་པ། བདེ་ཐང་དང་ཡ་རབས་ལྡན་པའི་འཚོ་བའི་དར་སྲོལ་གཏོད་པ་བཅས་བྱེད་དགོས། སྤྱི་པའི་འདུ་གནས་སུ་ཐ་མག་མི་འཐེན་པ་དང་། སྐད་ཅོར་མི་རྒྱག་པ། སྐད་ཆ་བཙོག་པ་མི་ཤོད་པ། ཆང་བཏུངས་ཟིང་སློང་མི་བྱེད་པ་བཅས་བྱས་ནས། རང་རྟོགས་ངང་སྤྱི་པའི་སྒྲིག་ལམ་དང་། ཡ་རབས་དར་སྤེལ་སྤྱི་ཆིངས། གྲོང་མིའི་སྒྲིག་སྲོལ་དམངས་ཆིངས་ལ་བརྩི་སྲུང་ཞུ་དགོས།
གསུམ། འབྱུང་འཕྲོད་ཐཱན་ཉུང་གི་ལོ་གསར་གཏོང་བ། འཕྲིན་ཐུང་དང་། སྐད་འཕྲིན། གློག་རྡུལ་རྟེན་ཤོག་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་ཐབས་སྤྱད་དེ་སྨོན་འདུན་ཞུ་བ་དང་། ཤོག་བཟོས་ཐོན་རྫས་བེད་སྤྱོད་བྱེད་ཉུང་དུ་གཏོང་བ་དང་ཤོག་སྦག་སྤོར་རྒྱུ་ཉུང་དུ་གཏོང་དགོས། གད་སྙིགས་རིགས་དབྱེ་ལག་བསྟར་ཧུར་ཐག་བྱས་ནས་གད་སྙིགས་གང་བྱུང་དུ་གཡུག་པ་དང་། བཙོག་ཆུ་གང་བྱུང་དུ་གཤོ་བ། ཁ་ལུད་གང་བྱུང་དུ་གཡུག་པ་བཅས་བྱེད་མི་རུང་། ཁྲོམ་གཞུང་དང་སྲང་ལམ་དུ་སྐྱག་གཅིན་མི་གཏོང་བ་དང་། མཐོངས་ཡངས་ཁུལ་དང་གད་སྙིགས་བསྡུ་རུབ་སྣོད་ཆས་ནང་གད་སྙིགས་སམ་ཡང་ན་བེད་མེད་དངོས་པོ་མེར་མི་སྲེག་པ་བཅས་བྱས་ཏེ་མིག་ལ་གཅེས་སྤྲས་བྱེད་པ་ལྟར་ཁོར་ཡུག་གི་གཙང་སྦྲར་གཅེས་སྤྲས་བྱས་ནས། ཡ་རབས་བདེ་ཐང་གི་འབྱུང་འཕྲོད་འཚོ་བའི་འདུ་ཤེས་འཛུགས་དགོས།
བཞི། ཚུལ་མཐུན་འགྲིམ་འགྲུལ་གྱི་ལོ་གསར་གཏོང་བ། ཡ་རབས་ངང་ཕྱིར་སྐྱོད་དང་འབྱུང་འཕྲོད་ངང་ཕྱིར་སྐྱོད་བྱེད་རྒྱུ་དར་སྤེལ་བཏང་ནས། རང་རྟོགས་ངང་“འགྲིམ་འགྲུལ་བརྡ་གློག་ལྟར་རླངས་འཁོར་གཏོང་བ་ དང་། ལམ་ལྟར་འགྲོ་བ། ཐིག་ལྟར་འགྲོ་བ། གནས་ལྟར་འཇོག་པ། སྒྲིག་ཡིག་ལྟར་རླངས་འཁོར་གཏོང་བ”བཅས་ཀྱི་ཡ་རབས་ཚུལ་ལྡན་གྱི་འགྲིམ་འགྲུལ་གོམས་གཤིས་འཇགས་པ་བྱེད་དགོས། སྦག་སྦག་དང་གློག་སྒུལ་འཁོར་རིགས་གཏོང་བའམ་སྡོད་སྐབས་རང་འགུལ་ངང་སྲུང་ཞྭ་གྱོན་པ་དང་། ཐ་མག་མི་འཐེན་པ། ཁ་པར་མི་རྒྱག་པ། རླངས་འཁོར་གྱི་སྒེའུ་ཁུང་ནས་དངོས་པོ་མི་འཕེན་པ། ཨ་རག་འཐུངས་རྗེས་རླངས་འཁོར་མི་གཏོང་བ་བཅས་བྱེད་དགོས།
ལྔ། ཡ་རབས་ཡུལ་སྐོར་གྱི་ལོ་གསར་གཏོང་བ། རྒྱ་ཆེའི་ཡུལ་སྐོར་བས་ཕྱིར་སྐྱོད་ཀྱི་སྤྱི་པའི་སྒྲིག་ལམ་ལ་བརྩི་སྲུང་ཞུ་དགོས་པ་དང་། སྤྱི་པའི་སྤྱོད་བཟང་སྲུང་བ། གུས་ལུགས་ལ་སྣང་ཆེན། སྐད་ཅོར་མི་རྒྱག་པ། བར་འཚང་མི་རྒྱག་པ། རིག་དངོས་དང་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་ལ་གཅེས་སྤྲས། རང་བྱུང་ཁོར་ཡུག་ལ་དགའ་ཞེན། ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བཅས་བྱེད་དགོས་པ་ལས། ཆོག་མཆན་མ་ཐོབ་པར་རང་དགར་སྲུང་སྐྱོང་ཁུལ་དུ་ཡུལ་སྐོར་དང་ཉེན་བརྟག་མྱུལ་དཔྱད་བྱེད་སྒོ་སྤེལ་མི་ཆོག་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་རི་མོ་གང་བྱུང་དུ་འབྲི་བ་དང་རིག་དངོས་ལ་གཏོར་སྐྱོན་གཏོང་མི་ཆོག ཡུལ་སྐོར་ལས་དོན་པས་ཡིད་རྟོན་གཉེར་སྐྱོང་དང་སྒྲིག་བཀུར་ཁྲིམས་སྲུང་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བརྡ་ཁྱབ་རྫུས་མ་འགྲེམས་སྤེལ་མི་བྱེད་པ་དང་། ཡུལ་སྐོར་བར་བཙན་ཤེད་ངང་དངོས་པོ་ཉོ་རུ་མི་འཇུག་པ། ཡ་རབས་ངང་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་སྐོར་བར་ཡ་རབས་ཡུལ་སྐོར་བྱེད་པའི་སྲོལ་བཟང་ཚོར་ཐུབ་པ་བྱེད་དགོས།
དྲུག ཚུལ་ལྡན་དྲ་ཞུགས་ཀྱི་ལོ་གསར་གཏོང་བ། ཚུལ་ལྡན་གྱི་དྲ་ཞུགས་འདུ་ཤེས་བཙུགས་ནས་སྤྱི་ཚོགས་ཀྱི་དྲང་ནུས་ཁྱབ་སྤེལ་ཧུར་ཐག་གཏོང
་དགོས། གཞུང་ཕྱོགས་ཀྱིས་ར་སྤྲོད་བྱས་མེད་པའི་ཆ་འཕྲིན་རྫུན་མ་དྲ་ཐོག་ཏུ་རྫུན་བཟོ་དང་། འདྲ་བཟོ། བརྒྱུད་སྤེལ་བཅས་མི་བྱེད་པ་དང་། རྒྱལ་ཁབ་ཀྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཏང་ཨུད་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་གང་བྱུང་དུ་གླེང་མོལ་མི་བྱེད་པ། མ་རབས་དང་། སྤྲེལ་ལས། ཐ་ཤལ་སོགས་མ་རབས་ཞེན་ཆགས་ཀྱི་གནོད་ཡོད་ཆ་འཕྲིན་རང་རྟོགས་ཀྱིས་བཀག་འགོག་བྱེད་པ། སྙན་བརྗོད་བློ་འགུག་གིས་ཚུལ་མིན་གྱི་སྒེར་ཕན་དོན་གཉེར་མི་བྱེད་པ། མི་གཞན་ལ་བསམ་ངན་གྱིས་དམའ་འབེབས་མི་བྱེད་པ་བཅས་བྱས་ནས། དྲ་ཞུགས་ཀྱི་དུས་ཚོད་ལུགས་མཐུན་ངང་བཀོད་སྒྲིག་བྱས་ནས་དྲ་རྒྱར་མི་གཡེང་བ་བྱེད་དགོས།
བདུན། ཧུར་བརྩོན་གྲོན་ཆུང་གི་ལོ་གསར་གཏོང་བ། ཡ་རབས་ཚུལ་ལྡན་གྱིས་ཟ་མ་ཟ་རྒྱུ་དར་སྤེལ་གཏོང་བ་དང་ཟ་མའི་འཚོ་བཅུད་དོ་སྙོམས་ཡོང་རྒྱུར་སྣང་ཆེན་བྱས་ཏེ། དུས་ཆེན་རིང་ལག་རྟགས་ཉོ་རྒྱུ་དང་ལག་རྟགས་སྤྲོད་རྒྱུ་ཉུང་དུ་བཏང་ནས། གྲོན་ཆུང་བྱས་ན་གཟི་བརྗིད་ལྡན་པ་དང་འཕྲོ་བརླག་བཏང་ན་ངོ་ཚ་ཡིན་པའི་ལུགས་མཐུན་འཛད་སྤྱོད་ཀྱི་འདུ་ཤེས་ཆགས་པ་བྱེད་དགོས། རྒྱས་གཤོམ་དང་རྒྱས་སྤྲོས་ལ་དང་དོད་མི་བྱེད་པ་དང་། ནང་མི་མཉམ་འཛོམས་སམ་ཡང་ན་སྐུ་མགྲོན་སྣེ་ལེན་བྱེད་སྐབས་དགོས་མཁོ་གཞིར་བཟུང་བཟའ་བཅའ་འོས་འཚམ་འདེམས་དགོས་པ་དང་། སྡེར་གཙང་བྱ་སྤྱོད་གཟི་བརྗིད་དང་འཕྲོག་བརླག་གཏོང་བ་ཞེ་ཁྲེལ་དུ་བརྩིས་ནས། ཚལ་ལྷག་ཐུམ་སྒྲིལ་རྒྱག་རྒྱུར་སྐུལ་མ་བཏང་སྟེ“ལྕེ་ཐོག་གི་འཕྲོ་བརླག”གཏན་འགོག་བྱེད་དགོས།
བརྒྱད། སྤྱོད་བཟང་རྒྱུན་འཛིན་གྱི་ལོ་གསར་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གྱིས་ང་ཚོའི་ཐུན་མོང་གི་རིག་གནས་དྲན་ཤེས་མཚོན་པ་དང་། སྲོལ་རྒྱུན་གྱི་སྤྱོད་བཟང་ནི་ང་ཚོའི་རྩ་ཆེའི་རིག་གནས་ཐོན་ཁུངས་ཤིག་ཡིན་ཞིང་། རྒན་བཀུར་གཉེན་གཅེས་དང་། ཁྱིམ་ཚང་འཆམ་མཐུན། ཁྱིམ་མཚེས་མཐུན་སྒྲིལ་བཅས་དར་སྤེལ་བཏང་ནས། ཕ་མ་དང་ནང་མིར་རོགས་པ་མང་ཙམ་བྱེད་པ་དང་། དང་བླངས་ཞབས་ཞུའི་བྱེད་སྒོར་མང་ཙམ་ཞུགས་པ། དགེ་སྒྲུབ་ཀྱི་བྱ་སྤྱོད་མང་ཙམ་སྤེལ་བ། གཅེས་སེམས་དང་དྲོ་སྐྱིད་བརྒྱུད་སྤྲོད་བཅས་བྱས་ཏེ་ཕུལ་བྱུང་གི་མི་རིགས་རིག་གནས་ལག་ལེན་པ་དང་བརྒྱུད་སྤེལ་བ་ཞིག་བྱེད་དགོས།
དུས་རབས་གསར་པར་རྣམ་པ་གསར་པ་ཡོང་བ་དང་བྱས་རྗེས་གསར་པ་འཇོག་ཐུབ་པ་བྱེད་དགོས། ཤེས་དཔལ་ནག་ཆུས་ཁྱེད་རྣམས་ཀྱིས་ཐེ་ཞུགས་དང་། ལེགས་སྐྱེས་འབུལ་བ། བརྟན་སྲུང་བཅས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་མཉམ་དུ་བྱ་སྤྱོད་སྤེལ་ནས་ད་ལྟ་ནས་འགོ་བཙུགས་ཏེ་ཐུན་མོང་ཐོག་ཤེས་དཔལ་ཁྱིམ་གཞིས་བསྐྲུན་པ་དང་། ཐུན་མོང་ཐོག་དུས་རབས་ཀྱི་སྲོལ་གསར་གཏོད་པ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་བདེ་སྐྱིད་འཚོ་བ་གཏོད་པ་བཅས་བྱས་ཏེ། ས་བབ་མཐོ་ཤོས་སུ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དཔེ་སྟོན་གྲོང་ཁྱེར་བསྐྲུན་ཆེད་ཤེས་དཔལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོ་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་དུས་ཆེན་སྤྲོ་པོ་དང་ཁྱིམ་ཚང་འཆམ་མཐུན་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།
ནག་ཆུ་གྲོང་ཁྱེར་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཞུང་ལས་ཁང་།
2024ལོའི་ཟླ་12ཚེས་31ཉིན།
编 辑(一审):才仁拉珠
责 编(二审):秦 瑶
审 核(三审):戴 青 霞 索 朗